བོ་ཐོ་ལོ་བསྟན་སྲུང་རྡོ་རྗེ་བདུད་འདུལ་གྱི་ལ་བཙས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཚོ་བྱང་ཁུལ་མདའ་བཞི་རྫོང་དཔལ་སྦྱིན་ཡུལ་ཚོའི་མི་དམངས་སྲིད་གཞུང་གི་ཤར་ཕྱོགས་ཀྱི་སྤྱི་ལེ20ཡས་མས་སུ་ཡོད་པའི་བོ་ཐོ་ལོ་བསྟན་སྲུང་རྡོ་རྗེ་བདུད་འདུལ་གྱི་ལ་བཙས་འདིའི་གནས་རིའི་མཚོ་འཕགས་ལ་སྨི3500ཙམ་ཡོད། འདི་ལ་ཆེད་དུ་མ་བུ་བཅུ་གསུམ་བསྟོད་པའི་སྲོལ་མེད་ལ། གཞི་བདག་གི་རྟེན་ཕོ་ལྷ་ཞིག་ཡིན་པ་དང་བཞུགས་གནས་སྤང་རི་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
窝妥落旦颂多杰得德拉泽
སྲིད་འཛིན་ཁོངས་གཏོགས།
མཚོ་བྱང་ཁུལ་མདའ་བཞི་རྫོང་དཔལ་སྦྱིན་ཡུལ་ཚོ།
གནས་ཡུལ།
མདའ་བཞི་རྫོང་དཔལ་སྦྱིན་ཡུལ་ཚོའི་མི་དམངས་སྲིད་གཞུང་གི་ཤར་ཕྱོགས་ཀྱི་སྤྱི་ལེ20ཡས་མས་སུ་ཡོད།
མཚོ་འཕགས།
སྨི3500ཙམ་ཡོད།
རིགས་དབྱེ།
ལ་བཙས།
1 ངོ་སྤྲོད་མདོར་བསྡུས།

བོ་ཐོ་ལོ་བསྟན་སྲུང་རྡོ་རྗེ་བདུད་འདུལ་གྱི་ལ་བཙས་འདི་ནི་མདའ་བཞི་རྫོང་དཔལ་སྦྱིན་ཡུལ་ཚོའི་མི་དམངས་སྲིད་གཞུང་གི་ཤར་ཕྱོགས་ཀྱི་སྤྱི་ལེ20ཡས་མས་སུ་ཡོད་པ་དང་། ཤར་ཕྱོགས་རྟ་ཐང་རི་རྒྱུད་དང་ལྷོ་ཕྱོགས་རྭ་ཁུ་འགག་རི་རྒྱུད། ནུབ་ཕྱོགས་མཚོ་བྱང་ཁུལ། བྱང་ཕྱོགས་ཨེབ་རིང་སྒང་རྒྱུད་ལ་འབྲེལ་ཡོད། མཚོ་འཕགས་ལ་སྨི3500ཙམ་ཡོད། རྒྱུན་ལྡན་དུ་ས་གནས་མང་ཚོགས་ཀྱིས་བོ་ཐོ་ལོ་ལ་བཙས་ཞེས་འབོད་པ་དང་། བོ་ཐོ་ལོ་ཞེས་པ་སོག་སྐད་དེ། བོད་སྐད་དུ་བསྒྱུར་ན་དེའུ་མགོ་ཆུང་ཆུང་ངམ་གྲུ་གུའི་དབྱིབས་གཟུགས་སྒང་སྒང་གི་དོན་ཡིན། འདི་ལ་ཆེད་དུ་མ་བུ་བཅུ་གསུམ་བསྟོད་པའི་སྲོལ་མེད་ལ། གཞི་བདག་གི་རྟེན་ཕོ་ལྷ་ཞིག་ཡིན་པ་དང་བཞུགས་གནས་སྤང་རི་ཡིན།

ལ་བཙས་འདི་སྤྱི་ལོ1958ལོར་ཡོངས་སུ་འཇིག རྗེས་སུ་ལོ་རབས་བརྒྱད་ཅུའི་ནང་མདའ་ཚན་ཚོ་བདུན་གྱི་ཡ་ཝོར་སྡེ་བ་གཙོ་བྱས་དཔལ་སྦྱིན་ཡུལ་ཚོའི་སོག་སྡེ་ཡོངས་ཀྱིས་སླར་གསོ་བྱས་ཤིང་། ལོ་རེའི་དབྱར་ཟླ4པའི་ཚེས15ཉིན་མདའ་ཤིང་དང་ལྗོན་ཤིང་གིས་བསྟད་ནས་དཀར་རྫས་མཆོད་པ་ཡིན། འདི་ལ་མཆོད་ན་ནད་རིམས་གདོན་བགེགས་འཁྲུག་རྩོད་དང་བྱད་ཕུར་རྦོད་གཏོང་ཐམས་ཅད་ཟློགས་པ་དང་། ཚེ་བསོད་སྟོབས་འབྱོར་མངའ་ཐང་རྒྱས་ལ་རིགས་རྒྱུད་འཕེལ་ཞིང་རླུང་རྟ་སྙན་གྲགས་རྒྱས་པར་ཕན་ཟེར། བསང་མཆོད་ལ་སྐྱབས་རྗེ་ལཱ་མོ་ཡོངས་འཛིན་ཚང་གིས་མཛད་པ་བསྡུས་པ་ཞིག་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-16

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།