བོ་ཐོ་ལོ་བསྟན་སྲུང་རྡོ་རྗེ་བདུད་འདུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཚོ་བྱང་ཁུལ་མདའ་བཞི་རྫོང་དཔལ་སྦྱིན་ཡུལ་ཚོའི་མི་དམངས་སྲིད་གཞུང་གི་བྱང་ཕྱོགས་ཀྱི་སྤྱི་ལེ7གྱི་ཡས་མས་མཚམས་སུ་ཡོད་པའི་བོ་ཐོ་ལོ་བསྟན་སྲུང་བདུད་འདུལ་གྱི་གནས་རི་འདི་ནི་སྤང་རི་ཞིག་ཡིན་ལ། མཚོ་འཕགས་ལ་སྨི3500ཙམ་ཡོད་པ་དང་། རི་འདིའི་རྒྱུན་ལྡན་གྱི་མིང་ལ་སོག་སྐད་དུ་བོ་ཐོ་ལོ་ཞེས་འབོད་དེ། དེའི་དོན་ལ་དེའུ་མགོ་ལོག་ལོག་ཞིག་ཞེས་དེའུ་འབུར་དེའི་དབྱིབས་ལ་བལྟས་ནས་ས་མིང་ཐོགས་པར་བཤད། བསྟན་སྲུང་བདུད་འདུལ་ནི་གནས་རི་འདིའི་གཞི་བདག་གི་མིང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
窝妥落
སྲིད་འཛིན་ཁོང་གཏོགས།
མཚོ་བྱང་ཁུལ་མདའ་བཞི་རྫོང་དཔལ་སྦྱིན་ཡུལ་ཚོ།
གནས་ཡུལ།
མདའ་བཞི་རྫོང་དཔལ་སྦྱིན་ཡུལ་ཚོའི་མི་དམངས་སྲིད་གཞུང་གི་བྱང་ཕྱོགས་ཀྱི་སྤྱི་ལེ7གྱི་ཡས་མས་མཚམས་སུ་ཡོད།
མཚོ་འཕགས།
སྨི3500ཙམ་ཡོད།
རིགས་དབྱེ།
གནས་རི་དང་གཞི་བདག
1 ངོ་སྤྲོད་མདོར་བསྡུས།

བོ་ཐོ་ལོ་བསྟན་སྲུང་བདུད་འདུལ་གྱི་གནས་རི་འདི་ནི་མདའ་བཞི་རྫོང་དཔལ་སྦྱིན་ཡུལ་ཚོའི་མི་དམངས་སྲིད་གཞུང་གི་བྱང་ཕྱོགས་ཀྱི་སྤྱི་ལེ7གྱི་ཡས་མས་མཚམས་སུ་ཡོད་ལ་སྤང་རི་ཞིག་ཡིན། ཤར་ཕྱོགས་རྟ་ཐང་རི་རྒྱུད་དང་ལྷོ་ཕྱོགས་རྭ་ཁུ་འགག་རི་རྒྱུད། ནུབ་ཕྱོགས་མཚོ་བྱང་ཁུལ་དང་བྱང་ཕྱོགས་ཨེབ་རིང་སྒང་རྒྱུད་དང་ཉེ། མཚོ་འཕགས་ལ་སྨི3500ཙམ་ཡོད་པ་དང་། རི་འདིའི་རྒྱུན་ལྡན་གྱི་མིང་ལ་སོག་སྐད་དུ་བོ་ཐོ་ལོ་ཞེས་འབོད་དེ། དེའི་དོན་ལ་དེའུ་མགོ་ལོག་ལོག་ཞིག་ཞེས་དེའུ་འབུར་དེའི་དབྱིབས་ལ་བལྟས་ནས་ས་མིང་ཐོགས་པར་བཤད། བསྟན་སྲུང་བདུད་འདུལ་ནི་གནས་རི་འདིའི་གཞི་བདག་གི་མིང་ཡིན།

རི་འདི་ལ་གནས་པའི་གཞི་བདག་བསྟན་སྲུང་རྡོ་རྗེ་བདུད་འདུལ་གྱི་སྐུ་མདོག་དཀར་ལ། རེས་འགར་རྟ་དཀར་གཡུ་རྔོག་ཅང་ཤེས་ལ་བཅིབས་པ་དང་། རེས་འགར་ལྷ་ཡག་ཁམ་པ་བཅིབས་པ་ཞིག་ཡིན་ལ། ཕྱག་མཚན་གཡས་པར་དར་མདུང་འཕྱར་ཞིང་གཡོན་པར་དུང་དཀར་གཡས་འཁྱིལ་བསྣམས་པ། ལྷ་སྨན་ཀླུ་བཙན་མ་མོ་སོགས་སྡེ་བརྒྱད་འབུམ་གྱིས་བསྐོར་པའི་ཁྲོད་འཛུམ་དམུལ་ལེར་ཡོད་པ་ཞིག་ཡིན།

རི་འདིར་རི་དྭགས་ཝ་དང་སྤྱང་ཀི བྱི་བ། རི་བོང་སོགས་ཡོད། རྩི་ཤིང་མེ་ཏོག་གི་རིགས་ལ་ཨུཏྤལ་སྔོན་པོ་དང་མེ་ཏོག་སེར་ཆེན་སོགས་ཡོད་ལ། དཔལ་སྦྱིན་ཡུལ་ཚོའི་དགུན་སའི་རྩྭ་ར་ཡིན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-13

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།