བྱེ་མ་དགྲ་ལྷ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཚོ་བྱང་ཁུལ་མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོའི་མི་དམངས་སྲིད་གཞུང་གི་ལྷོ་ཕྱོགས་ཀྱི་སྤྱི་ལེ15ཡི་མཚམས་སུ་ཡོད་པའི་བྱེ་མ་དགྲ་ལྷའམ་དགྲ་ལྷའི་རྒྱལ་བོ་བསྟན་དར་གྱི་གནས་རི་འདིའི་མཚོ་འཕགས་ལ་སྨི3205ཡོད་པ་དང་། བྱེ་མ་དགྲ་ལྷའི་གནས་རི་འདི་ནི་ཝ་མགྱོགས་ཡུལ་ཚོའི་མདའ་བཞི་སྡེ་བ་དང་མཚོ་ཆུང་ནོར་བུ་སྡེ་བའི་ལྷོ་ཕྱོགས་ཀྱི་བྱེ་སྒང་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
西玛扎拉
སྲིད་འཛིན་ཁོང་གཏོགས།
མཚོ་བྱང་ཁུལ་མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོ།
གནས་ཡུལ།
མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོའི་མི་དམངས་སྲིད་གཞུང་གི་ལྷོ་ཕྱོགས་ཀྱི་སྤྱི་ལེ15ཡི་མཚམས་སུ་ཡོད།
མཚོ་འཕགས།
སྨི3205ཡོད།
རིགས་དབྱེ།
གནས་རི་དང་གཞི་བདག
མིང་གཞན།
དགྲ་ལྷའི་རྒྱལ་བོ་བསྟན་དར།
1 ​ངོ་སྤྲོད་མདོར་བསྡུས།

བྱེ་མ་དགྲ་ལྷའམ་དགྲ་ལྷའི་རྒྱལ་བོ་བསྟན་དར་གྱི་གནས་རི་འདི་ནི་མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོའི་མི་དམངས་སྲིད་གཞུང་གི་ལྷོ་ཕྱོགས་ཀྱི་སྤྱི་ལེ15ཡི་མཚམས་སུ་ཡོད། ཤར་ཕྱོགས་སུ་ཞབས་དྲུང་སྒར་ཐོག་དང་མཚོ་ཆུང་ནོར་བུ། ལྷོ་རུ་མཚོ་སྔོན་པོའི་མགོ། ནུབ་ཏུ་མཚེའུ་ལོང་ག་དང་འབྲེལ་ཡོད། མཚོ་འཕགས་ལ་སྨི3205ཡོད་པ་དང་། བྱེ་མ་དགྲ་ལྷའི་གནས་རི་འདི་ཝ་མགྱོགས་ཡུལ་ཚོའི་མདའ་བཞི་སྡེ་བ་དང་མཚོ་ཆུང་ནོར་བུ་སྡེ་བའི་ལྷོ་ཕྱོགས་ཀྱི་བྱེ་སྒང་ཞིག་ཡིན།

རི་འདི་ལ་གནས་པའི་གཞི་བདག་ནི་བྱེ་མ་དགྲ་ལྷའམ་དགྲ་ལྷའི་རྒྱལ་བོ་བསྟན་དར་བྱ་བ་དེ་ཉིད་ཡིན། དེ་ནི་དང་པོ་སུ་ཞིག་གི་གཞི་བདག་ཏུ་བཀོད་པ་མི་གསལ་ནའང་། ཨ་ལགས་མཱ་ཕྱག་སྐུ་ཕྲེང་དང་པོས་མཚན་འདི་གསོལ་བའི་བཤད་རྒྱུན་ཡོད་པ་དང་། གཞི་བདག་གི་རྟེན་ཕོ་ལྷ་ཡིན་ལ་ཡུལ་འདིའི་དགྲ་ལྷ་གཅིག་པུ་ཡིན། འདི་ནག་ཕྱོགས་ཀྱི་དགྲ་ལས་རྣམ་པར་རྒྱལ་ཏེ་དཀར་ཕྱོགས་པ་རྣམས་ལ་མགོན་བྱེད་མཁན་གྱི་འཇིག་རྟེན་སྐྱོང་བའི་ལྷ་ཞིག་ཡིན།

གཞི་བདག་འདིའི་སྐུ་མདོག་ནི་དམར་པོ་ཡིན་ལ། ཁ་བཙུམ་སྟེ་ཕྱག་ཚན་གཉིས་ཀྱིས་མདུང་དམ་པོར་བཟུང་ཡོད། མདུང་མགོ་གཡོན་ཕྱོགས་སུ་མར་བསྐོར་ནས་བསྐྱོད་བཞིན་ཅུང་ཁྲོ་བའི་རྣམ་པ་ཅན་ཞིག་ཡིན། དྲེལ་ངང་སེར་ཞིག་བཅིབས་ཡོད། དེར་ཐར་ཤུལ་ཚང་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོས་མཛད་པའི་དགྲ་ལྷའི་རྒྱལ་བོ་བསྟན་དར་གྱི་བསང་མཆོད་ཞེས་པ་ཞིག་ཡོད།

བྱེ་རི་འདིར་ལྷ་ཤིང་ཤུག་པ་དང་ལྕུག་མ། དམར་མོ་དང་རྩི་ཏོ་སོགས་ཡོད་ལ། རི་དྭགས་ཐད་ལ་དགོ་དམར་དང་ཝ། སྤྱང་ཀི་སོགས་དང་། བྱ་ཡི་རིགས་ལ་ངང་བ་དཀར་ནག་དང་གེ་སེར་རྟ་རྫི་སོགས་ཡོད། མདའ་བཞི་སྡེ་བའི་སྟོན་ས་ཡིན།

བརྡ་འགྲེལ་གདོང་འཛར།

མདའ་བཞི་རྫོང་། ཡུལ་ཚོ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-09

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།