གྲོང་ཁྱེར་གྱི་བྱེད་ནུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱིར་བཏང་དུ་སྲིད་དབང་ལས་ཁུངས་རིམ་པ་སོ་སོའི་གནས་གཞི་ཡིན་ལ། དེས་ཁྱབ་ཁོངས་ངེས་ཅན་ཞིག་གི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་ཀྱི་བྱེད་སྒོ་བཅས་ལ་འགོ་ཁྲིད་དང་རྩ་འཛུགས། དོ་དམ་བཅས་བྱེད་པའི་ནུས་པ་ཐོན་ཡོད་པ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
城市功能
1 ​གོ་དོན།

སྤྱིར་བཏང་དུ་སྲིད་དབང་ལས་ཁུངས་རིམ་པ་སོ་སོའི་གནས་གཞི་ཡིན། དེས་ཁྱབ་ཁོངས་ངེས་ཅན་ཞིག་གི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་ཀྱི་བྱེད་སྒོ་བཅས་ལ་འགོ་ཁྲིད་དང་རྩ་འཛུགས། དོ་དམ་བཅས་བྱེད་པའི་ནུས་པ་ཐོན་ཡོད་པ་ལ་ཟེར།

2 བྱེད་ནུས།
2_1 གྲོང་ཁྱེར་ནི་ས་ཁོངས་ཀྱི་དོ་དམ་ལྟེ་གནས་ཡིན།

གྲོང་ཁྱེར་ནི་སྤྱིར་བཏང་དུ་སྲིད་དབང་ལས་ཁུངས་རིམ་པ་སོ་སོའི་གནས་གཞི་ཡིན། དེས་ཁྱབ་ཁོངས་ངེས་ཅན་ཞིག་གི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་ཀྱི་བྱེད་སྒོ་བཅས་ལ་འགོ་ཁྲིད་དང་རྩ་འཛུགས། དོ་དམ་བཅས་བྱེད་པའི་ནུས་པ་ཐོན་ཡོད་དེ། དཔེར་ན། ཝུའུ་ཧན་ནི་ཧུའུ་པེ་ཞིང་ཆེན་གྱི་སྲིད་འཛིན་དོ་དམ་ལྟེ་གནས་ཡིན་ཞིང་། དེས་ཧུའུ་པེ་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་འཛིན་བྱེད་པ་དང་། ས་ཁོངས་རྒྱུན་ལྡན་དུ་འཕེལ་རྒྱས་ཡོང་བར་འགན་ལེན་བྱེད་པ་ལྟ་བུ་རེད།

2_2 གྲོང་ཁྱེར་ནི་ས་ཁོངས་ཀྱི་ཞབས་ཞུའི་ལྟེ་གནས་ཡིན།

གྲོང་ཁྱེར་དུ་རིག་གནས་དང་སློབ་གསོ། ཚན་རིག་ཞིབ་འཇུག་ལས་ཁུངས། ལུས་རྩལ་འཕྲོད་བསྟེན་སོགས་ཐད་ཀྱི་སྒྲིག་ཆས་མང་ཆེ་བ་ཞིག་བབ་མཐུན་གྱིས་གཅིག་བསྡུས་བྱས་ཡོད་པས། ས་ཁོངས་ལ་ཕྱོགས་མང་པོ་ནས་ཞབས་ཕྱི་བྱས་ཆོག་ཅིང་། ས་ཁུལ་ཁྱབ་ཁོངས་ངེས་ཅན་ཞིག་གི་ཚན་རྩལ་དང་སློབ་གསོ། རིག་གནས་བཅས་ཀྱི་བྱེད་སྒོ་སྤེལ་བའི་ལྟེ་གནས་ཡིན།

2_3 གྲོང་ཁྱེར་ནི་ས་ཁོངས་ཀྱི་དཔལ་འབྱོར་འཕར་བའི་ལྟེ་གནས་ཡིན།

སྤྱིར་བཏང་དུ་བཤད་ན་གྲོང་ཁྱེར་ནི་ས་ཁོངས་ཀྱི་ཐོན་སྐྱེད་ལྟེ་གནས་ཡིན་ཞིང་། ས་ཁོངས་ནང་གི་ཐོན་ལས་གཉིས་པ་དང་ཐོན་ལས་གསུམ་པ་གཙོ་བོར་གྲོང་ཁྱེར་དུ་འདུས་ཡོད། ཕྱོགས་གཅིག་ནས་ལས་སྣོན་བཟོ་ལས་སྣ་ཚོགས་ཀྱིས་བཟོ་ལས་ཐོན་རྫས་སྣ་ཚོགས་ཐོན་སྐྱེད་བྱས་ཏེ། ས་ཁོངས་ནང་གི་མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཐད་ཀྱི་དགོས་མཁོ་སྐོང་བར་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་གྲོང་ཁྱེར་ནང་གི་བཟོ་ལས་ཁེ་ལས་འཕེལ་བ་དང་མི་འབོར་ཕྱོགས་གཅིག་ཏུ་འདུས་པ། དེ་མིན་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་འཕེལ་བ་བཅས་དང་བསྟུན་ནས། ཚོང་ལས་ཁེ་ལས་མང་པོ་ཞིག་བཀུག་ནས་ས་ཁོངས་སུ་ཚོང་ཟོག་འཁོར་རྒྱུག་བྱེད་པར་རྩ་འཛུགས་བྱས་ཤིང་མཁོ་སྤྲོད་གཉིས་ཀྱི་འབྲེལ་བ་སྣ་ཚོགས་མངོན་འགྱུར་བྱས་ཏེ་ས་ཁོངས་ཀྱི་ཐོན་སྐྱེད་དང་འཚོ་བ་བདེ་བླག་ཏུ་འགྲུབ་པར་བྱེད་ཐུབ། དེའི་ཕྱིར་གྲོང་ཁྱེར་ནང་གི་བཟོ་ལས་དང་འགྲིམ་འགྲུལ་སྐྱེལ་འདྲེན། ཚོང་ལས་ཉོ་ཚོང་། དངུལ་རྩ་སོགས་ཚང་མ་ཅུང་དར་རྒྱས་ཆེ་བ་རེད། གྲོང་ཁྱེར་ལ་རིམ་པའི་སྟེང་ནས་ཁྱད་པར་ཡོད་པས། རིམ་པ་མི་འདྲ་བའི་གྲོང་ཁྱེར་དེས་ས་ཁོངས་སུ་ཐོན་པའི་ནུས་པ་མི་འདྲ་བ་རེད། དཔེར་ན། རང་རྒྱལ་དུ་སྤྱིར་བཏང་གི་རྫོང་མཁར་ཚང་མར་རྫོང་སྲིད་གཞུང་ལས་ཁུངས་དང་། ཚོང་ཟོག་སྣ་མང་ཀུང་ཟི། རྫོང་སྨན་ཁང་། མཐོ་རིམ་སློབ་འབྲིང་། བཟོ་གྲྭ། རླངས་འཁོར་འབབ་ཚིགས་སོགས་ཡོད། ཡིན་ནའང་གྲོང་ཁྱེར་ཆེ་འབྲིང་དུ་རྫོང་མཁར་ལ་ལྡན་པའི་སྤྱིར་བཏང་གི་འགན་ནུས་ཡོད་པ་ལས་གཞན། ད་དུང་ཆེར་གཉེར་ཚོང་ཁང་ཆེ་རིགས་དང་། ཚོང་ཟོག་སྡེབ་འཚོང་ལྟེ་གནས། ཆེར་གཉེར་སྨན་ཁང་། སློབ་གྲྭ་ཆེན་མོ་དང་ཆེད་ཚན་སློབ་གྲྭ་ཆེན་མོ་སོགས་ཡོད་པ་ལྟ་བུ་རེད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-19

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།