གློག་རྡུལ་དཔེ་དེབ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གློག་རྡུལ་དཔེ་དེབ།
ཡི་གེ་དང་པར་རིས། སྒྲ་གཟུགས། བརྙན་རིས་སོགས་གྲངས་འཛིན་ཅན་གྱི་ཆ་འཕྲིན་ནང་དོན་དང་། ཡང་ན་ཕབ་ལེན་བྱས་ཆོག་པའི་གྲངས་འཛིན་ཅན་གྱི་ཡི་གེ་དང་པར་རིས། སྒྲ་གཟུགས། བརྙན་རིས་སོགས་ཆ་འཕྲིན་ནང་དོན་སོགས་གཅིག་ཏུ་ཉར་ཚགས་བྱས་ཏེ་ལག་ཏུ་འཁྱེར་བདེ་བའི་དཔེ་ཀློག་མཉེན་ཆས་ཤིག་ལ་གོ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
电子书
ཕྱི་ཡིག་གི་མིང་།
electronic book
1 ​ངོ་སྤྲོད།

ཡི་གེ་དང་པར་རིས། སྒྲ་གཟུགས། བརྙན་རིས་སོགས་གྲངས་འཛིན་ཅན་གྱི་ཆ་འཕྲིན་ནང་དོན་དང་། ཡང་ན་ཕབ་ལེན་བྱས་ཆོག་པའི་གྲངས་འཛིན་ཅན་གྱི་ཡི་གེ་དང་པར་རིས། སྒྲ་གཟུགས། བརྙན་རིས་སོགས་ཆ་འཕྲིན་ནང་དོན་སོགས་གཅིག་ཏུ་ཉར་ཚགས་བྱས་ཏེ་ལག་ཏུ་འཁྱེར་བདེ་བའི་དཔེ་ཀློག་མཉེན་ཆས་ཤིག་ལ་གོ ། དེ་ནི་དཔེ་ཀློག་གི་གྲངས་འཛིན་ཅན་གྱི་དཔེ་སྐྲུན་དངོས་པོ་ཞིག་ཡིན་ཏེ། ཤོག་བུ་རྒྱུ་ཆ་བྱས་པའི་སྲོལ་རྒྱུན་གྱི་དཔེ་དེབ་དང་མི་འདྲའོ། །

2 གྲུབ་ཚུལ།

གློག་རྡུལ་དཔེ་དེབ་ལ་e-bookའང་ཟེར་སྟེ། གོ་སླ་མོའི་སྒོ་ནས་བཤད་ན། དེ་ནི་ངེས་པར་དུ་དམིགས་བསལ་གྱི་མཉེན་ཆས་དཔེ་ཀློག་ལ་བརྟེན་དགོས་པ་དང་། གློག་རྡུལ་ཡིག་ཆ་ཡི་རྣམ་པ་ཞིག་སྟེ། དྲ་རྒྱ་སྦྲེལ་བ་སོགས་དུས་རྒྱུན་མཐོང་ཐུབ་པའི་ལས་སྟེགས་ཀྱི་རིགས་ཤིག་ཡིན། དཔེར་ན། མི་སྒེར་གྱི་རྩིས་འཁོར་དང་། ཟིན་བྲིས་ཀྱི་རྣམ་པའི་གློག་རྩིས། PDAWAPཁ་པར་དང་།ADOBE ཀུང་སིའིAdobe Readerདང་།  Glassbookཀུང་སིའི Glassbook ཝའེ་རོང་གིMicrosoftReader ད་དུང་སྐར་བརྒལ་ཀུང་སིའི SSReader  སོགས་ལྟ་བུ།

དཔྱད་གཞི་ལས་མངོན་པ་ལྟར་ན། ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་བོའི་ཁྲོད་ཆེས་ཆེ་བའི་གློག་རྡུལ་དཔེ་དེབ་ཁྲོམ་ར་ཨང་གཉིས་པ་དེ་ཡིན། སྤྱི་ལོ2009ལོར་ཀྲུང་གོའི་གློག་རྡུལ་དཔེ་དེབ་ཀྱི་དཔེ་ཀློག་མཉེན་ཆས་ཁྲི392ཕྱིར་བཙོང་བྱས་འདུག་པ་དང་། སྤྱི་ལོ2010ལོའི་ལོ་སྟོད་ཀྱི་ཕྱིར་བཙོང་གི་ཚད་ནི་གོ་ལ་ཧྲིལ་བོའི་སྤྱིའི་བསྡོམས་འབོར་དང་བསྡུར་ན་ལྡབ་གཉིས་ལས་བརྒལ་འདུག

3 ཁྱད་ཆོས།

གཅིག སྟབས་བདེ་བ་དང་ནང་དོན་འཚོལ་བཤེར་བྱེད་བདེ་བ། ཡིག་གཟུགས་ཀྱི་ཆེ་ཆུང་དང་དབྱིབས་གཟུགས་སོགས་བསྒྱུར་ཆོག་པ་མ་ཟད། ད་དུང་འཁྱེར་བདེ་བ།

གཉིས། དུས་ཚོད་ཀྱི་སྟེང་ནས་སོས་ཚད་ཆེ་བ་དང་། ག་དུས་ཡིན་ཡང་དྲ་སྦྲེལ་བྱས་ཏེ་ཕབ་ལེན་བྱས་ཆོག་པ། ས་ཁོངས་ཀྱི་ཚོད་འཛིན་མེད་པ། བརྒྱུད་སྤྲོད་བྱེད་པའི་མྱུར་ཚད་མགྱོགས་པ།

གསུམ། ལྗིད་ཚད་ཀྱི་ཐོག་ནས་གློག་རྡུལ་དཔེ་དེབ་ཅི་འདྲ་མང་པོ་ཞིག་ནང་འཇུག་བྱས་རུང་ཇེ་ལྕིར་མི་འགྲོ་བ་དང་། ཤོག་དེབ་དང་བསྡུར་ན་བཟང་ཆ་མང་པོ་འདུག

བཞི། རིན་གོང་གི་ཐོག་ནས་ཤོག་དེབ་དང་བསྡུར་ན་མ་རྩ་དམའ་བ་དང་། རིན་གོང་བདེ་བ། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-18

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།