རྒྱལ་ཁབ་ཀྱི་སྒྲིག་གཞིའི་རྩ་འཛུགས་མ་ལག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཉེ་རབས་དང་དེང་རབས་ཀྱི་རྒྱལ་ཁབ་ནང་། རྒྱལ་ཁབ་ཀྱི་འགན་ནུས་ལ་གཞིགས་ནས་སྤྱིར་རྒྱལ་ཁབ་ཚང་མར་རྒྱལ་ཁབ་ཀྱི་གཙོ་བདག་དང་། ཁྲིམས་བཟོའི་ལས་ཁུངས། སྲིད་འཛིན་ལས་ཁུངས། ཁྲིམས་འཛིན་ལས་ཁུངས། དེ་བཞིན་དྲག་ཤུགས་ལས་ཁུངས་སོགས་བཙུགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国家机构组织体系
དཀར་ཆག
1 ​ནང་དོན།

རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་ཚང་མ་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་རྒྱུ་དང་། རྒྱལ་ཁབ་ཀྱི་འགན་ནུས་ལག་བསྟར་བྱེད་མཁན་གྱི་རྩ་འཛུགས་སྒྲིག་གཞི་ཞིག་ཡོད། རྒྱལ་ཁབ་ལས་ཁུངས་ཀྱི་སྤྱི་འདོམས་ནི་རྒྱལ་ཁབ་ཀྱི་སྒྲིག་གཞི་ཡིན། གཞུང་ཕྱོགས་ནས་བལྟས་ན། དེར་ཀྲུང་དབྱང་ནས་ས་གནས་བར་གྱི་རྒྱལ་ཁབ་ལས་ཁུངས་ཚང་མ་འདུས་ཡོད་པ་དང་། འཕྲེད་ཕྱོགས་ནས་བལྟས་ན། དེར་ཁྲིམས་བཟོ་དང་། སྲིད་འཛིན། ཁྲིམས་འཛིན་སོགས་རྒྱལ་ཁབ་ལས་ཁུངས་ཚང་མ་འདུས་ཡོད། རྒྱལ་ཁབ་ཀྱི་ངོ་བོས་རྒྱལ་ཁབ་ཀྱི་སྒྲིག་གཞིའི་ངོ་བོ་གཏན་འཁེལ་བྱེད་ཀྱི་ཡོད། རྒྱལ་ཁབ་ཀྱི་སྒྲིག་གཞི་ནི་དབང་སྒྱུར་གྲལ་རིམ་གྱི་ཁེ་ཕན་སྲུང་སྐྱོབ་བྱེད་མཁན་དང་ལག་བསྟར་བྱེད་མཁན་ཞིག་ཡིན། རྒྱལ་ཁབ་ཀྱི་ངོ་བོས་རྒྱལ་ཁབ་ཀྱི་སྒྲིག་གཞིའི་ངོ་བོ་གཏན་འཁེལ་བྱེད་ཅིང་། བཤུ་གཞོག་གྲལ་རིམ་གྱིས་དབང་ཆ་བཟུང་བའི་རྒྱལ་ཁབ་ཀྱིས་རྒྱལ་ཁབ་དེའི་སྒྲིག་གཞི་བཤུ་གཞོག་གྲལ་རིམ་གྱིས་དབང་སྒྱུར་བྱེད་པའི་ལག་ཆ་ཞིག་ཡིན་པ་གཏན་འཁེལ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ངོ་བོས་རྒྱལ་ཁབ་དེའི་སྒྲིག་གཞི་ནི་བཟོ་བའི་གྲལ་རིམ་དང་མི་དམངས་མང་ཆེ་བས་འཛིན་པ་དང་། དེར་ཞབས་འདེགས་ཞུ་དགོས་པ་གཏན་འཁེལ་བྱས་ཡོད།

རྒྱལ་ཁབ་ཀྱི་འགན་ནུས་ཀྱིས་རྒྱལ་ཁབ་ཀྱི་སྒྲིག་གཞི་འཛུགས་སྟངས་གཏན་འཁེལ་བྱེད་ཀྱི་ཡོད། རྒྱལ་ཁབ་ལ་འགན་ནུས་སྣ་ཚོགས་ཡོད་ཅིང་། རྒྱལ་ཁབ་ཀྱི་འགན་ནུས་རེ་རེ་བཞིན་ཚང་མ་རྒྱལ་ཁབ་ཀྱི་ལས་ཁུངས་ངེས་ཅན་ཞིག་བརྒྱུད་དེ་ལག་བསྟར་བྱེད་དགོས་པས་རྒྱལ་ཁབ་ཀྱི་འགན་ནུས་ནི་རྒྱལ་ཁབ་ཀྱི་སྒྲིག་གཞི་གསར་འཛུགས་བྱེད་པའི་གཞི་འཛིན་ས་གཙོ་བོ་ཡིན་པ་མཐོང་ཐུབ། རྒྱལ་ཁབ་ཀྱི་སྒྲིག་གཞི་ནི་རྒྱལ་ཁབ་ཀྱི་འགན་ནུས་སྒྲུབ་པའི་རྟེན་གཞི་ཡིན། རྒྱལ་ཁབ་སོ་སོའི་གནས་ཚུལ་མི་འདྲ་བའི་རྐྱེན་གྱིས་རྒྱལ་ཁབ་སོ་སོའི་སྒྲིག་གཞི་འཛུགས་སྟངས་ཀྱང་མི་འདྲ་བ་ཡོད། རྒྱལ་ཁབ་ཀྱི་སྒྲིག་གཞི་ནི་ཐོག་མ་ཉིད་ནས་ཡོད་པ་ཞིག་མ་ཡིན་པར། དེ་ནི་རྒྱལ་ཁབ་བྱུང་བ་དང་བསྟུན་ནས་བྱུང་བ་ཞིག་ཡིན་པར་མ་ཟད། རྒྱལ་ཁབ་ཀྱི་འགྱུར་ལྡོག་དང་དུས་བབ་ཀྱི་འགྱུར་བར་བསྟུན་ནས་འགྱུར་ལྡོག་འགྲོ་བ་ཞིག་ཡིན།


བརྡ་འགྲེལ་གདོང་འཛར།

རྒྱལ་ཁབ། འགན་ནུས། སྒྲིག་གཞི།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-16

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།