མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མི་དམངས་འཐུས་མི་ཚོགས་ཆེན་ནི་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་དབང་ཆ་ལག་བསྟར་བྱེད་པའི་ལས་ཁུངས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
人民代表大会制度
1 ​ནང་དོན།

རང་རྒྱལ་རྩ་ཁྲིམས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་མི་དམངས་ལ་དབང་ཡོད་པ་དང་། མི་དམངས་ཀྱིས་རྒྱལ་ཁབ་ཀྱི་དབང་ཆ་ལག་བསྟར་བྱེད་པའི་ལས་ཁུངས་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མིའི་ཚོགས་ཆེན་ཞེས་གཏན་འབེབས་བྱས་ཡོད། དེས་རང་རྒྱལ་གྱི་སྲིད་དབང་འཛུགས་སྟངས་ནི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ཡིན་པ་གསལ་བཤད་བྱས་ཡོད།

གཅིག མི་དམངས་འཐུས་མི་ཚོགས་ཆེན་ནི་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ཤིག་ཡིན། དེས་མི་དམངས་ཀྱི་ཚབ་བྱས་ཏེ་གཅིག་གྱུར་ཐོག་རྒྱལ་ཁབ་ཀྱི་དབང་ཆ་ལག་བསྟར་བྱེད་པ་དང་། རྒྱལ་ཡོངས་དང་ས་གནས་རིམ་པ་ཁག་གི་གལ་ཆེའི་དོན་ཆེན་རྣམས་ཐག་གཅོད་བྱེད་ཀྱི་ཡོད། རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་དང་། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་བཅས་ཚང་མ་མི་དམངས་འཐུས་མི་ཚོགས་ཆེན་ལས་གྲུབ་ཅིང་། དེར་འགན་འཁུར་དགོས་པ་དང་། དེའི་ལྟ་སྐུལ་མྱོང་དགོས་ཀྱི་ཡོད།

གཉིས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ནི་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་མཐོ་ཤོས་དེ་ཡིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་དེ་བཞིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་བཟོའི་དབང་ཆ་དང་། ཐག་གཅོད་ཀྱི་དབང་ཆ། གོ་གནས་བསྐོ་འཐེན་གྱི་དབང་ཆ། ལྟ་སྐུལ་གྱི་དབང་ཆ་བཅས་ལག་བསྟར་བྱེད་ཀྱི་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་རང་རྒྱལ་གྱི་རྒྱལ་ཁབ་སྒྲིག་གཞིའི་ཁྲོད་དུ་ཆེས་མཐོའི་གོ་གནས་བཟུང་ཡོད་ཅིང་། རྒྱལ་ཁབ་ཀྱི་ལས་ཁུངས་གཞན་པ་ཚང་མའི་དབང་ཆ་དེ་ལས་བརྒལ་མི་ཆོག་པ་ཡིན།

གསུམ། ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མིའི་ཚོགས་ཆེན་ནི་ས་གནས་རིམ་པ་ཁག་གི་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ཤིག་ཡིན།

བཞི། རང་རྒྱལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ཀྱི་སྒྲིག་འཛུགས་དང་བྱེད་སྒོའི་གཞི་རྩའི་རྩ་དོན་ནི་དམངས་གཙོ་གཅིག་སྡུད་ལམ་ལུགས་དེ་ཡིན།

ལྔ། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ནི་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལ་གཞིགས་ཏེ། མི་དམངས་ཀྱིས་འདེམས་བསྐོ་བྱས་པའི་འཐུས་མི་ལས་གྲུབ་པའི་མི་དམངས་འཐུས་ཚོགས་དེ་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་སུ་བྱས་ནས་གཅིག་གྱུར་གྱིས་རྒྱལ་ཁབ་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་པའི་ཆབ་སྲིད་ལམ་ལུགས་ཤིག་ཡིན།

དྲུག མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ཀྱིས་རང་རྒྱལ་གྱི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་ཀྱི་ངོ་བོ་དེ་ཐད་ཀར་མཚོན་གྱི་ཡོད།

བདུན། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ནི་འབྲེལ་ཡོད་ཀྱི་རྒྱལ་ཁབ་དོ་དམ་ལམ་ལུགས་གཞན་དག་འཛུགས་བྱེད་ཀྱི་རྨང་གཞི་ཡིན།

2 གྲུབ་ཆ།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་གནས་ལས་ཁུངས་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཡིན་ཞིང་། དེ་ནི་ཨུ་ཡོན་ཀྲང་གཞོན་པ། དྲུང་ཡིག་ཆེན་མོ་བཅས་ལས་ཨུ་ཡོན་ཀྲང་གི་ཚོགས་འདུ་གྲུབ་ཡོད། དེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིི་རྒྱུན་གཏན་གྱི་ལས་ཀ་ཐག་གཅོད་བྱེད་ཀྱི་ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-25

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།