སོ་ཕག་བཟོ་གྲྭའི་ནུབ་ཀྱི་གནའ་ཤུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཚོ་བྱང་ཁུལ་མདའ་བཞི་རྫོང་དངུལ་ཐང་ཡུལ་ཚོ་སོ་ཕག་བཟོ་གྲྭའི་ནུབ་ཕྱོགས་ཀྱི་གནའ་ཤུལ་འདིའི་མཚོ་འཕགས་ལ་སྨི3021ཙམ་ཡོད་པ་དང་། སྤྱི་ལོ1988ལོའི་ཟླ5བའི་ཚེས19ཉིན་རྫོང་རིམ་པའི་རིག་དངོས་སྡེ་ཁག་ཏུ་ཁྱབ་བསྒྲགས་བྱས་ཤིང་རྡོ་རིང་བསླངས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
砖瓦厂西遗址
སྲིད་འཛིན་ཁོང་གཏོགས།
མཚོ་བྱང་ཁུལ་མདའ་བཞི་རྫོང་དངུལ་ཐང་ཡུལ་ཚོ།
གནས་ཡུལ།
དངུལ་ཐང་ཡུལ་ཚོ་སོ་ཕག་བཟོ་གྲྭའི་ནུབ་ཀྱི་སྨི250ཙམ་གྱི་མཚམས་སུ་ཡོད།
མཚོ་འཕགས།
སྨི3021ཙམ་ཡོད།
རིགས་དབྱེ།
ལོ་རྒྱུས་ཀྱི་གནའ་ཤུལ་གྲགས་ཅན།
1 ངོ་སྤྲོད་མདོར་བསྡུས།

མདའ་བཞི་རྫོང་གི་སོ་ཕག་བཟོ་གྲྭའི་ནུབ་ཕྱོགས་ཀྱི་གནའ་ཤུལ་འདི་དངུལ་ཐང་ཡུལ་ཚོ་སོ་ཕག་བཟོ་གྲྭའི་ནུབ་ཀྱི་སྨི250ཙམ་གྱི་མཚམས་སུ་ཡོད་ལ། མཚོ་འཕགས་ལ་སྨི3021ཙམ་ཡོད་པ་དང་། འདིའི་ཤར་ནས་ནུབ་བར་སྨི200དང་། ལྷོ་བྱང་གཉིས་ཀྱི་བར་སྨི50ལྷག་ཡོད། ཤུལ་གནས་འདི་རུ་ཐལ་དོང་དང་། སྲོག་ཆགས་ཀྱི་རུས་པ། རྫ་ཆས་སོགས་རྙེད་པ་དང་ཁ་རུབ་རིག་གནས་ཀྱི་ཤུལ་གནས་ཡིན་པར་ངོས་བཟུང་བ་དང་སྤྱི་ལོ1988ལོའི་ཟླ5བའི་ཚེས19ཉིན་རྫོང་རིམ་པའི་རིག་དངོས་སྡེ་ཁག་ཏུ་ཁྱབ་བསྒྲགས་བྱས་ཤིང་རྡོ་རིང་བསླངས།

བརྡ་འགྲེལ་གདོང་འཛར།

དངུལ་ཐང་ཡུལ་ཚོ། རུས་པ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-07

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།