རྟ་ཚག་སྐུ་འཕྲེང་བརྒྱད་པ་བསྟན་པའི་མགོན་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྟ་ཚག་སྐུ་འཕྲེང་བརྒྱད་པ་བསྟན་པའི་མགོན་པོ་ནི་མདོ་སྟོད་སྤོའོ་རུ་ཡབ་དར་ལི་ཚེ་རིང་དང་ ཡུམ་ཟླ་བ་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ལྕགས་འབྲུག་སྤྱི་ལོ1760ལོར་སྐུ་འཁྲུངས། དགུང་ལོ་ལྔ་ལ་ཕེབས་སྐབས་དཔའ་ཤོད་དགོན་ལ་ཞབས་སོར་འཁོད། དགུང་ལོ་དྲུག་གི་ཐོག་ཁྲི་འདོན་མཛད། དགུང་ལོ་བརྒྱད་ཀྱི་སྟེང་མཁན་ཆེན་དཔལ་ལྡན་གྲགས་པའི་དྲུང་ནས་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་གཉིས་ལྕགས་ཡོས་ལོར་སྐུ་འབུམ་ཕྱོགས་སུ་ཕེབས། དགུང་ལོ་བཅུ་གསུམ་ལ་སྐུ་འབུམ་ནས་རྒྱ་ནག་ཏུ་ཕེབས་ཏེ་གོང་མ་ལྷ་སྐྱོང་དང་ཐོག་མར་མཇལ། ལྕང་སྐྱ་རྡོ་རྗེ་འཆང་གི་དྲུང་ནས་དགེ་ཚུལ་བསྒྲུབས། མཚན་ལ་ཡེ་ཤེས་བསྟན་པའི་མགོན་པོར་གསོལ།
གཞི་རྩའི་གནས་ཚུལ།

འཁྲུངས་འདས།
སྤྱི་ལོ1760ལོ—སྤྱི་ལོ1810ལོ།
འཁྲུངས་ཡུལ།
མདོ་སྟོད་སྤོའོ།
ེཡབ།
དར་ལུ་ཚེ་རིང་།
ཡུམ།
ཟླ་བ་བུ་ཁྲིད།
1 ངོ་སྤྲོད།

རྟ་ཚག་སྐུ་འཕྲེང་བརྒྱད་པ་བསྟན་པའི་མགོན་པོ་ནི་མདོ་སྟོད་སྤོའོ་རུ་ཡབ་དར་ལི་ཚེ་རིང་དང་ཡུམ་ཟླ་བ་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ལྕགས་འབྲུག་སྤྱི་ལོ1760ལོར་སྐུ་འཁྲུངས།   དགུང་ལོ་ལྔ་ལ་ཕེབས་སྐབས་དཔའ་ཤོད་དགོན་ལ་ཞབས་སོར་འཁོད།   དགུང་ལོ་དྲུག་གི་ཐོག་ཁྲི་འདོན་མཛད།   དགུང་ལོ་བརྒྱད་ཀྱི་སྟེང་མཁན་ཆེན་དཔལ་ལྡན་གྲགས་པའི་དྲུང་ནས་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་བཞེས།  དགུང་ལོ་བཅུ་གཉིས་ལྕགས་ཡོས་ལོར་སྐུ་འབུམ་ཕྱོགས་སུ་ཕེབས།  དགུང་ལོ་བཅུ་གསུམ་ལ་སྐུ་འབུམ་ནས་རྒྱ་ནག་ཏུ་ཕེབས་ཏེ་གོང་མ་ལྷ་སྐྱོང་དང་ཐོག་མར་མཇལ།   ལྕང་སྐྱ་རྡོ་རྗེ་འཆང་གི་དྲུང་ནས་དགེ་ཚུལ་བསྒྲུབས།  མཚན་ལ་ཡེ་ཤེས་བསྟན་པའི་མགོན་པོར་གསོལ།   དགུང་ལོ་ཉེར་གཉིས་ལ་རྒྱ་ནག་ནས་བོད་ལ་ཆིབས་ཁ་བསྒྱུར་ནས་སྐུ་འབུམ་བརྒྱུད་ཟླ8པའི་ཚེས5ཉིན་དཔའ་ཤོད་དགོན་དུ་ཕེབས།  དགུང་ལོ་ཉེར་གསུམ་ཐོག་དབུས་སུ་ཕེབས་ནས་འབྲས་སྤུངས་སུ་ཆོས་ཞུགས་མཛད།  དགུང་ལོ་ཉེར་བཞི་ལ་ཕེབས་སྐབས་རྒྱལ་བ་འཇམ་དབྱངས་རྒྱ་མཚོའི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།  དགུང་ལོ་ཉེར་ལྔ་ལ་རིགས་གྲྭར་ཚོགས་ལངས་མཛད།  དགུང་ལོ་སུམ་ཅུའི་ཐོག་འབྲས་སྤུངས་སུ་གཞུང་ལུགས་ཐོས་བསམ་མཐར་ཕྱིན་པའི་གཏང་རག་ལེགས་འབུལ་མཛད།   དགུང་ལོ་སོ་གཅིག་ནས་ང་གཅིག་བར་སྔ་ཕྱི་གཉིས་ལ་བོད་ཀྱི་སྲིད་སྐྱོང་ལོ་ངོ་ཉི་ཤུར་གནང་།   དགུང་ལོ་སོ་གཉིས་ལོར་རྒྱ་ནག་ཏུ་ཕེབས།   ལོ་དེར་བོད་དུ་གོར་ཁའི་དམག་བྱུང་།   དགུང་ལོ་སོ་གསུམ་ལ་གོང་མས་ཆོ་ལོ་དང་ཀུན་གླིང་དགོན་པ་གསར་བསྐྲུན་མཛད།   དགུང་ལོ་ཞེ་བརྒྱད་ལ་རྒྱལ་དབང་སྐུ་འཕྲེང་དགུ་བ་ལུང་རྟོགས་རྒྱ་མཚོ་ངོས་འཛིན་མཛད།  དགུང་ལོ་ང་གཅིག་སྟེ་ལྕགས་རྟ་སྤྱི་ལོ1810ལོར་སྐུ་གཤེགས།

2
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-07

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།