སོ་ཕག་བཟོ་གྲྭའི་ཤར་གྱི་ཤུལ་གནས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཚོ་བྱང་ཁུལ་མདའ་བཞི་རྫོང་དངུལ་ཐང་ཡུལ་ཚོ་སོ་ཕག་བཟོ་གྲྭའི་ཤར་གྱི་ཤུལ་གནས་འདིའི་མཚོ་འཕགས་ལ་སྨི3020ཙམ་ཡོད་པ་དང་། སྤྱི་ལོ1988ལོའི་སྤྱི་ཟླ5བའི་ཚེས19ཉིན་རྫོང་རིམ་པའི་རིག་དངོས་སྡེ་ཁག་གི་གྲས་སུ་བདམས་པ་དང་ཁྱབ་བསྒྲགས་རྡོ་རིང་བསླངས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
砖瓦厂东遗址
སྲིད་འཛིན་ཁོང་གཏོགས།
མཚོ་བྱང་ཁུལ་མདའ་བཞི་རྫོང་དངུལ་ཐང་ཡུལ་ཚོ།
གནས་ཡུལ།
དངུལ་ཐང་ཡུལ་ཚོ་སོ་ཕག་བཟོ་གྲྭའི་ཤར་གྱི་སྨི248ཙམ་གྱི་མཚམས་སུ་ཡོད།
མཚོ་འཕགས།
སྨི3020ཙམ་ཡོད།
རིགས་དབྱེ།
ལོ་རྒྱུས་ཀྱི་གནའ་ཤུལ་གྲགས་ཅན།
1 ངོ་སྤྲོད་མདོར་བསྡུས།

མདའ་བཞི་རྫོང་གི་སོ་ཕག་བཟོ་གྲྭའི་ཤར་གྱི་ཤུལ་གནས་འདི་ནི་དངུལ་ཐང་ཡུལ་ཚོ་སོ་ཕག་བཟོ་གྲྭའི་ཤར་གྱི་སྨི248ཙམ་གྱི་མཚམས་སུ་ཡོད་ལ། མཚོ་འཕགས་ལ་སྨི3020ཙམ་ཡོད་པ་དང་། ཤར་ནས་ནུབ་ཀྱི་བར་སྨི60དང་ལྷོ་ནས་བྱང་གི་བར་སྨི70ལྷག་ཡོད། ཤུལ་གནས་འདི་རུ་དང་ཐོག་རྫ་ཆས་འགའ་རེ་བུད་པ་ལ་ཞིབ་འཇུག་བྱས་ན་ཁ་རུབ་རིག་གནས་ཀྱི་ཁོངས་སུ་འདུ་བའི་ཤུལ་གནས་ཡིན་པར་བཤད་པ་དང་། སྤྱི་ལོ1988ལོའི་སྤྱི་ཟླ5བའི་ཚེས19ཉིན་རྫོང་རིམ་པའི་རིག་དངོས་སྡེ་ཁག་གི་གྲས་སུ་བདམས་པ་དང་ཁྱབ་བསྒྲགས་རྡོ་རིང་བསླངས་པ་རེད།

བརྡ་འགྲེལ་གདོང་འཛར།

སོ་ཕག ཡུལ་ཚོ། རིག་གནས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-07

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།