མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན།
མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ཞེས་པ་ནི་བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་བྱེད་པ་དང་། བཟོ་ཞིང་མནའ་འབྲེལ་རྨང་གཞི་བྱས་ཏེ། མི་དམངས་ལ་དམངས་གཙོ་ལག་ལེན་བསྟར་བ་དང་དགྲ་བོར་སྲིད་དབང་སྒེར་འཛིན་བྱེད་པའི་རྒྱལ་ཁབ་ཀྱི་ལམ་ལུགས་ལག་ལེན་བསྟར་བ། ཀྲུང་གོ་མི་དམངས་ཀྱིས་འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་བྱེད་པའི་རྣམ་པ་ཞིག་ཡིན། དེ་ནི་མའོ་ཙེ་ཏུང་གིས་མཚོན་པའི་གུང་ཁྲན་ཏང་མིས་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་སྐོར་གྱི་རིགས་པའི་གཞུང་ལུགས་དེ་ཀྲུང་གོའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་གསར་འཛུགས་བྱས་པའི་གསར་བརྗེའི་སྲོལ་རྒྱུན་དང་འཚམ་པའི་སྲིད་དབང་གི་རྣམ་པ་ཞིག་རེད། རང་རྒྱལ་གྱི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་དེ་འཕེལ་རྒྱས་ཀྱི་དུས་རིམ་གསུམ་བརྒྱུད་ཡོད་པ་སྟེ། (1)ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་མ་བརྙེས་གོང་གསར་བརྗེའི་གནས་གཞིའི་ས་ཁུལ་ཁག་གི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ནི་བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་བྱེད་པ་དང་། བཟོ་ཞིང་མནའ་འབྲེལ་རྨང་གཞིར་བྱས་པའི་གསར་བརྗེའི་གྲལ་རིམ་ཁག་གི་མཉམ་འབྲེལ་སྲིད་དབང་སྒེར་འཛིན་ཡིན་ཞིང་། དེས་འཁུར་དགོས་པ་ནི་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩ་རིང་ལུགས་ཀྱི་དམངས་གཙོའི་གསར་བརྗེ་ལ་ངོ་རྒོལ་བྱེད་པའི་ལས་འགན་ཡིན། (2)ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་རང་རྒྱལ་གྱི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་དེ་རྒྱལ་ཡོངས་ཀྱི་རང་བཞིན་ལྡན་པའི་སྲིད་དབང་ཞིག་ཏུ་འཕེལ་རྒྱས་བྱུང་ནས་དམངས་གཙོའི་རིང་ལུགས་གསར་པ་ནས་སྤྱི་ཚོགས་རིང་ལུགས་སུ་བར་བརྒལ་བྱེད་པའི་ལས་འགན་འཁུར་ཡོད། (3)སྤྱི་ལོ1956ལོའི་ཐོན་སྐྱེད་རྒྱུ་ཆས་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་ལས་འགན་བསྒྲུབས་རྗེས། རང་རྒྱལ་གྱི་སྤྱི་ཚོགས་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་སླེབས་པ་དང་། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་ལས་འགན་གཙོ་བོ་ནི་རང་རྒྱལ་འདི་ཉིད་སྟོབས་འབྱོར་དང་། དམངས་གཙོ། དཔལ་ཡོན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ནི་དམངས་གཙོའི་འགན་ནུས་དང་སྲིད་དབང་སྒེར་འཛིན་འགན་ནུས་ཀྱི་གཅིག་གྱུར་ཕུང་པོ་ཡིན། མའོ་ཙེ་ཏུང་གིས་གསུངས་པ་ལྟར“མི་དམངས་ལ་དམངས་གཙོའི་ཕྱོགས་དང་ལོག་སྤྱོད་པར་སྲིད་དབང་སྒེར་འཛིན་བྱེད་པའི་ཕྱོགས་གཉིས་ཕན་ཚུན་ཟུང་འབྲེལ་བྱས་ན་དེ་ནི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་རེད།” དམངས་གཙོ་དང་སྲིད་དབང་སྒེར་འཛིན་ནི་རྒྱལ་ཁབ་ཀྱི་དབང་ཆ་དང་ཁ་འབྲལ་ཐབས་མེད་པའི་ཕྱོགས་གཉིས་ཡིན་ལ།  དེ་གཉིས་ནི་རྩོད་སྒྲུབ་ཀྱི་གཅིག་གྱུར་ཡིན། དམངས་གཙོ་ནི་མི་དམངས་ལ་འཚམ་པ་ལས་དགྲ་བོར་དམངས་གཙོ་ལོངས་སུ་སྤྱོད་དུ་འཇུག་མི་རུང་། སྲིད་དབང་སྒེར་འཛིན་ནི་དགྲ་བོར་སྤྱོད་དགོས་པ་ལས། མི་དམངས་ལ་སྲིད་དབང་སྒེར་འཛིན་བྱེད་མི་རུང་། འོན་ཀྱང་དེ་ནི་གཅིག་ལ་གཅིག་རྟེན་དང་། འབྲེལ་བ་དམ་ཟབ་ཡིན། མི་དམངས་ལ་དམངས་གཙོ་ལག་ལེན་བྱས་ན་གཞི་ནས་ནུས་ལྡན་གྱི་སྒོ་ནས་དགྲ་བོར་སྲིད་དབང་སྒེར་འཛིན་བྱེད་ཐུབ་པ་དང་། དགྲ་བོར་སྲིད་དབང་སྒེར་འཛིན་ནུས་ལྡན་ཞིག་བྱས་ན་གཞི་ནས་མི་དམངས་ཀྱི་དམངས་གཙོ་འགན་སྲུང་སྔར་ལས་ལེགས་པ་བྱེད་ཐུབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
人民民主专政
འབྱུང་ཁུངས།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》
ལྟ་བ་འདོན་མཁན།
མའོ་ཙེ་ཏུང་།
རིགས།
ཆབ་སྲིད།
1 ​ངོ་སྤྲོད་མདོར་བསྡུས་།

མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ཞེས་པ་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ནང་དུ་སྤྱད་པའི་ཐ་སྙད་ཞིག་ཡིན་ཞིང་། མའོ་ཙེ་ཏུང་གིས་བཏོན། མའོ་ཙེ་ཏུང་གིས་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ཞེས་པ་ནི་མི་དམངས་དམངས་གཙོའི་སྒེར་གཅོད་ལ་ཟེར། ཀྲུང་གོ་སྲིད་གཞུང་གིས་ཀྲུང་གོའི་དམིགས་བསལ་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་ཆབ་སྲིད་ཀྱི་སྒྲོམ་གཞིའི་རྣམ་པ་ཞིག་ཏུ་བརྩི་གི་ཡོད། ལེ་ཉིན་གྱི་བཤད་ཚུལ་ལྟར་ན་སྲིད་དབང་སྒེར་འཛིན་ནི་ཚོད་འཛིན་མི་བྱེད་པ་དང་དྲག་ཤུགས་ལ་བརྟེན་པ་ལས་བཅའ་ཁྲིམས་ལ་བརྟེན་པའི་སྲིད་དབང་མིན།

མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་གོ་དོན་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གྱི་མཚོན་བྱེད་ཡིན་ཞིང་། སྲིད་དབང་སྒེར་གཅོད་ཀྱི་བྱེད་ཐབས་སྤྱད་ནས་དགྲར་འཛིན་སྟོབས་ཤུགས་ལ་མི་དམངས་དམངས་གཙོའི་སྲིད་དབང་རྒྱུན་འཁྱོངས་བྱེད་པར་སྤྱོད་ཚུལ་བཟུང་ཆོག ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་མི་དམངས་དམངས་གཙོའི་སྲིད་དབང་གིས་མི་དམངས་ནང་ཁུལ་དུ་དམངས་གཙོ་ལག་ལེན་བསྟར་ནས་རིམ་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་རྒྱ་ཆེར་སྤེལ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་གོང་དུ་སྤེལ་བ། དགྲར་འཛིན་སྟོབས་ཤུགས་དང་ཉེས་ཅན་ལ་སྲིད་དབང་སྒེར་འཛིན་བྱེད་དགོས།

གསང་བའི་སྒོ་ནས་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱབ་མདུན་ཞེས་པའི་གོ་དོན་ནི། སྲིད་དབང་སྒེར་འཛིན་གྱི་དབང་སྒྱུར་བྱེད་ཐབས་སྐབས་འགར་དགོས་ངེས་ཡིན་ཞིང་། གལ་ཏེ་སྲིད་དབང་སྒེར་འཛིན་མ་བྱས་ན། སྲིད་གཞུང་ཐོར་ཞིག་ཏུ་འགྲོ་བ་དང་འབྲེལ་སྲིད་དབང་སྒེར་འཛིན་ལས་ཀྱང་སྡུག་པའི་གནས་ཚུལ་འབྱུང་སྲིད།

ཀྲུའུ་ཞི་མའོ་ཙེ་ཏུང་གིས་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྣམ་པ་དམིགས་བསལ་ཅན་ཞིག་བཏོན། ཀྲུང་གོས་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེར་རྒྱལ་ཁ་ཐོབ་རྗེས་བཙུགས་པའི་བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་བྱས་ཤིང་། རྨང་གཞིར་བྱས་པའི་ཀྲུང་གོས་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱས་ཏེ་མི་དམངས་ནང་ཁུལ་དུ་ཆེས་རྒྱ་ཆེ་བའི་དམངས་གཙོ་ལག་ལེན་བསྟར་བ་དང་དགྲ་བོར་སྲིད་དབང་སྒེར་འཛིན་ནུས་ལྡན་བྱེད་པའི་རྒྱལ་ཁབ་ཀྱི་སྲིད་དབང་ལག་བསྟར་བྱས་ཡོད།

མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱིས་ངོས་འཛིན་བྱས་དོན། འབྱོར་མེད་གྲལ་རིམ་གྱིས་སྲིད་དབང་འཕྲོག་ལེན་བྱས་རྗེས་ངེས་པར་དུ་འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་འཛུགས་དགོས། འོན་ཀྱང་འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་དེ་རྣམ་པ་ཅི་འདྲ་ཞིག་འཛིན་དགོས་མིན་ནི་རྒྱལ་ཁབ་ཁག་གི་ལོ་རྒྱུས་ཀྱི་ཆ་རྐྱེན་དང་གནས་ཚུལ་དངོས་ལ་གཞིགས་ནས་ཐག་གཅོད་དགོས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མ་བཙུགས་གོང་ལ་ཀྲུང་གོ་ནི་བཙན་རྒྱལ་རིང་ལུགས་ཀྱིས་རྒྱབ་སྐྱོར་བྱེད་པའི་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བདག་གྲལ་རིམ་དང་། དཔོན་ངན་འབྱོར་ལྡན་གྲལ་རིམ། སྲིད་དབང་བཟུང་བའི་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་དང་མི་སེར་སྤེལ་ཡུལ་ཕྱེད་ཙམ་གྱི་རྒྱལ་ཁབ་ཅིག་རེད། འབྱོར་མེད་གྲལ་རིམ་གྱི་མི་གྲངས་ཧ་ཅང་ཉུང་ཞིང་། ཐོན་ལས་བཟོ་པ་ས་ཡ་གཉིས་ལས་མེད་ཀྱང་དེ་ཧ་ཅང་གཅིག་སྡུད་ཡིན། ཞིང་པ་མང་པོ་ཡོད་པ་དེས་རྒྱལ་ཡོངས་མི་འབོར་གྱི་རྒྱ་ཆའི་བརྒྱད་བཅུ་ཡན་ཟིན་གྱི་ཡོད། མི་རིགས་འབྱོར་ལྡན་གྲལ་རིམ་ལ་ཕྱོགས་གཉིས་ཀྱི་རང་བཞིན་ལྡན་པ། ཁ་ཐོར་རྗེས་ལུས་ཀྱི་ཁེར་གཉེར་ཞིང་ལས་དང་ལག་ཤེས་བཟོ་ལས་ཀྱིས་རྒྱལ་དམངས་དཔལ་འབྱོར་གྱི་རྒྱ་ཆའི་དགུ་བཅུའི་ཡན་ཟིན་ཡོད། རྒྱལ་ཁབ་ཀྱི་གནས་ཚུལ་འདིས་ཀྲུང་གོའི་འབྱོར་མེད་གྲལ་རིམ་གྱིས་འགོ་ཁྲིད་བྱེད་པའི་གསར་བརྗེའི་འཐབ་རྩོད་དེ་ངེས་པར་དུ་གོམ་སྟབས་གཉིས་སུ་ཕྱེ་ནས་བསྐྱོད་དགོས་པ་དང་། གོམ་པ་དང་པོ་ནི་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་བྱ་རྒྱུ་དང་། གོམ་པ་གཉིས་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་བྱ་རྒྱུ་དེ་ཡིན། ཀྲུང་གོའི་བཟོ་པའི་གྲལ་རིམ་གྱིས་ངེས་པར་དུ་རྒྱ་ཆེའི་ཞིང་པ་དང་མནའ་འབྲེལ་བྱས་ནས་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་དང་། རྒྱ་ཁྱབ་ཆེ་བའི་འཐབ་ཕྱོགས་གཅིག་གྱུར་བཙུགས་ན་གཞི་ནས་སྲིད་དབང་འཐོབ་ཐུབ་པ་དང་སྲིད་དབང་སྲ་བརྟན་དུ་གཏོང་ཐུབ། དུས་ཡུན་རིང་པོའི་གསར་བརྗེའི་ལག་ལེན་གྱི་བརྒྱུད་རིམ་ནང་ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་གསར་བརྗེའི་ལག་ལེན་དངོས་དང་ཟུང་འབྲེལ་བྱས་ནས་ཀྲུང་གོའི་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེའི་སྐོར་གྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་རིམ་བཞིན་ཆགས་པ་རེད། ཏང་གི་ཡིག་ཆ་མང་པོ་དང་མའོ་ཙེ་ཏུང་གི་གསུང་རྩོམ་མང་པོ་དཔེར་ན། 《དམངས་གཙོའི་རིང་ལུགས་གསར་པའི་རྣམ་བཤད》དང་། 《མཉམ་འབྲེལ་སྲིད་གཞུང་སྐོར་གླེང་བ》 《གསར་བརྗེ་མཐར་ཕྱིན་པར་བྱ་དགོས》 《མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་སྐོར་བཤད་པ》སོགས་ཀྱི་རྩོམ་ཡིག་ནང་དུ་བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་བྱེད་པ་དང་བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞི་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་འདོད་ཚུལ་གསལ་པོར་བཏོན་ཡོད། 《མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་སྐོར་བཤད་པ》ཞེས་པའི་རྩོམ་ཡིག་ནང་དུ“མི་དམངས་ནང་ཁུལ་ལ་འཛིན་པའི་དམངས་གཙོའི་ཕྱོགས་དང་ལོག་སྤྱོད་ཕྱོགས་ཁག་ལ་འཛིན་པའི་སྲིད་དབང་སྒེར་འཛིན་གྱི་ཕྱོགས་གཉིས་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་དེ་ནི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ཡིན”ཞེས་བསྟན་ཡོད། སྲིད་དབང་སྒེར་འཛིན་དང་དམངས་གཙོ་ཟུང་འབྲེལ་བྱ་རྒྱུ་དེ་ནི་འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་གྱི་ཆེས་རྩ་བར་གྱུར་པའི་ཉིང་བསྡུས་ཤིག་རེད། དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེའི་དུས་རིམ་དུ་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱ་ཆེའི་གྲོང་གསེབ་ཏུ་བཙུགས་པའི་གསར་བརྗེའི་གནས་གཞིའི་ས་ཁུལ་གྱི་གསར་བརྗེའི་སྲིད་དབང་ནི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་ཐོག་མའི་རྣམ་པ་ཡིན། སྤྱི་ལོ1949ལོའི་ཟླ10པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་དང་། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་སྲིད་དབང་དངོས་སུ་བཙུགས་པ་རེད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཐོག་མའི་དུས་སྐབས་སུ་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་དེ་བར་བརྒལ་དུས་སྐབས་ཀྱི་གནས་ཚུལ་དང་ལས་འགན་དང་འཚམ་ཞིང་། ལས་འགན་གཙོ་བོ་ནི་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེ་མུ་མཐུད་ནས་ལེགས་འགྲུབ་བྱས་ཏེ་ཐོན་སྐྱེད་རྒྱུ་ཆས་སྒེར་ལ་དབང་བའི་ལམ་ལུགས་ལ་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་བྱས་ཏེ་དམངས་གཙོའི་རིང་ལུགས་གསར་པ་ནས་སྤྱི་ཚོགས་རིང་ལུགས་སུ་བར་བརྒལ་བྱ་རྒྱུ་དེ་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་གཏན་ཁེལ་བྱས་རྗེས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ལས་གྲུབ་པའི་གྲལ་རིམ་གྱི་གྲུབ་ཚུལ་ལ་འགྱུར་བ་ཧ་ཅང་ཆེན་པོ་བྱུང་ཡོད། བཟོ་པའི་གྲལ་རིམ་གྱི་མི་གྲངས་ལྡབ་མང་པོས་འཕར་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ནང་ནུས་པ་དེ་བས་ཆེ་བ་ཐོན་ཡོད། རྒྱ་ཆེའི་ཞིང་པ་རྣམས་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་བྱས་པ་བརྒྱུད་སྔར་བས་སྲ་བརྟན་དུ་གྱུར་པ། ཤེས་ཡོན་ཅན་སྤྱིའི་ཆ་ནས་བཟོ་པའི་གྲལ་རིམ་གྱི་ཆ་ཤས་ཤིག་ཏུ་གྱུར་ཡོད། བཤུ་གཞོག་གྲལ་རིམ་དེ་གྲལ་རིམ་ཡིན་པའི་ངོས་ནས་མེད་པར་གྱུར་ཟིན་ཞིང་། སྔོན་ཆད་བཤུ་གཞོག་གྲལ་རིམ་གྱི་ཁོངས་མི་ཆེས་མང་ཆེ་བ་རང་ཁ་རང་གསོ་བྱེད་མཁན་ངལ་རྩོལ་པར་བསྒྱུར་བཀོད་བྱས་ཡོད། རྒྱལ་ཁབ་ཀྱི་སྲིད་དབང་གི་ལས་འགན་གཙོ་བོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལ་འགོ་ཁྲིད་དང་སྒྲིག་འཛུགས་བྱས་ནས་རྒྱལ་ཁབ་དེང་རབས་ཅན་དུ་འགྱུར་བར་འབད་བརྩོན་བྱ་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲ་བརྟན་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན། འོན་ཀྱང་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཡིན་པའི་གྲལ་རིམ་འཐབ་རྩོད་དེ་ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་ད་དུང་དུས་ཡུན་རིང་པོར་གནས་རྒྱུ་དང་། སྐབས་འགར་ད་དུང་ཧ་ཅང་རྣོ་ངར་དང་ཛ་དྲག་ཏུ་འགྱུར་ངེས་ཡིན་པར་བརྟེན་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་འགན་ནུས་དེ་སྔར་བཞིན་ཉམས་ཞན་དུ་གཏོང་མི་རུང་།

རང་རྒྱལ་གྱི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་དེ་འཕེལ་རྒྱས་ཀྱི་དུས་རིམ་གསུམ་བརྒྱུད་ཡོད་པ་སྟེ། (1)ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་མ་བརྙེས་གོང་གསར་བརྗེའི་གནས་གཞིའི་ས་ཁུལ་ཁག་གི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ནི་བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་བྱེད་པ་དང་། བཟོ་ཞིང་མནའ་འབྲེལ་རྨང་གཞིར་བྱས་པའི་གསར་བརྗེའི་གྲལ་རིམ་ཁག་གི་མཉམ་འབྲེལ་སྲིད་དབང་སྒེར་འཛིན་ཡིན་ཞིང་། དེས་འཁུར་དགོས་པ་ནི་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩ་རིང་ལུགས་ཀྱི་དམངས་གཙོའི་གསར་བརྗེ་ལ་ངོ་རྒོལ་བྱེད་པའི་ལས་འགན་ཡིན། (2)ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་རང་རྒྱལ་གྱི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་དེ་རྒྱལ་ཡོངས་ཀྱི་རང་བཞིན་ལྡན་པའི་སྲིད་དབང་ཞིག་ཏུ་འཕེལ་རྒྱས་བྱུང་ནས་དམངས་གཙོའི་རིང་ལུགས་གསར་པ་ནས་སྤྱི་ཚོགས་རིང་ལུགས་སུ་བར་བརྒལ་བྱེད་པའི་ལས་འགན་འཁུར་ཡོད། (3)སྤྱི་ལོ1956ལོའི་ཐོན་སྐྱེད་རྒྱུ་ཆས་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་ལས་འགན་བསྒྲུབས་རྗེས། རང་རྒྱལ་གྱི་སྤྱི་ཚོགས་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་སླེབས་པ་དང་། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་ལས་འགན་གཙོ་བོ་ནི་རང་རྒྱལ་འདི་ཉིད་སྟོབས་འབྱོར་དང་། དམངས་གཙོ། དཔལ་ཡོན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ནི་དམངས་གཙོའི་འགན་ནུས་དང་སྲིད་དབང་སྒེར་འཛིན་འགན་ནུས་ཀྱི་གཅིག་གྱུར་ཕུང་པོ་ཡིན། མའོ་ཙེ་ཏུང་གིས་གསུངས་པ་ལྟར“མི་དམངས་ལ་དམངས་གཙོའི་ཕྱོགས་དང་ལོག་སྤྱོད་པར་སྲིད་དབང་སྒེར་འཛིན་བྱེད་པའི་ཕྱོགས་གཉིས་ཕན་ཚུན་ཟུང་འབྲེལ་བྱས་ན་དེ་ནི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་རེད།” དམངས་གཙོ་དང་སྲིད་དབང་སྒེར་འཛིན་ནི་རྒྱལ་ཁབ་ཀྱི་དབང་ཆ་དང་ཁ་འབྲལ་ཐབས་མེད་པའི་ཕྱོགས་གཉིས་ཡིན་ལ།  དེ་གཉིས་ནི་རྩོད་སྒྲུབ་ཀྱི་གཅིག་གྱུར་ཡིན། དམངས་གཙོ་ནི་མི་དམངས་ལ་འཚམ་པ་ལས་དགྲ་བོར་དམངས་གཙོ་ལོངས་སུ་སྤྱོད་དུ་འཇུག་མི་རུང་། སྲིད་དབང་སྒེར་འཛིན་ནི་དགྲ་བོར་སྤྱོད་དགོས་པ་ལས། མི་དམངས་ལ་སྲིད་དབང་སྒེར་འཛིན་བྱེད་མི་རུང་། འོན་ཀྱང་དེ་ནི་གཅིག་ལ་གཅིག་རྟེན་དང་། འབྲེལ་བ་དམ་ཟབ་ཡིན། མི་དམངས་ལ་དམངས་གཙོ་ལག་ལེན་བྱས་ན་གཞི་ནས་ནུས་ལྡན་གྱི་སྒོ་ནས་དགྲ་བོར་སྲིད་དབང་སྒེར་འཛིན་བྱེད་ཐུབ་པ་དང་། དགྲ་བོར་སྲིད་དབང་སྒེར་འཛིན་ནུས་ལྡན་ཞིག་བྱས་ན་གཞི་ནས་མི་དམངས་ཀྱི་དམངས་གཙོ་འགན་སྲུང་སྔར་ལས་ལེགས་པ་བྱེད་ཐུབ།

2 མི་འདྲ་ས།

མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་ཆབ་སྲིད་ཀྱི་རྣམ་པ་དེ་འབྱོར་ལྡན་གྲལ་རིམ་གྱི་སྲིད་དབང་གི་རྣམ་པ་དང་ངོ་བོའི་ཐོག་གི་ཁྱད་པར་ཡོད་པར་མ་ཟད། ཟླ་བ་བཅུ་པའི་གསར་བརྗེའི་རྗེས་སུ་ཨུ་རུ་སུར་བཙུགས་པའི་འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་དང་ཡང་རྩ་བ་ནས་མི་འདྲ། དེས་བར་བརྒལ་དུས་སྐབས་ཀྱི་ལས་འགན་ཁག་ཁུར་ཡོད་ལ། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དང་དེའི་རྗེས་ཀྱི་ལས་འགན་ཁག་ཀྱང་འཁུར་ཡོད། འོན་ཀྱང་ཀྲུང་གོའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་གྲལ་རིམ་གྱི་ངོ་བོ་ནི་འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་དང་གཅིག་མཚུངས་ཡིན་ཞིང་། དེའི་མཚོན་ཚུལ་ནི་བཟོ་པའི་གྲལ་རིམ་གྱིས་རང་ཉིད་ཀྱི་སྲིད་ཏང་བརྒྱུད་ནས་རྒྱལ་ཁབ་ཀྱི་སྲིད་དབང་ལ་འགོ་ཁྲིད་བྱེད་པ་དང་། དམངས་གཙོ་གསར་པ་དང་སྲིད་དབང་སྒེར་འཛིན་གསར་པ་ཟུང་འབྲེལ་བྱེད་པའི་རྒྱལ་ཁབ་ཀྱི་སྲིད་དབང་ཡིན། བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞི་བྱས་པའི་རྒྱལ་ཁབ་ཀྱི་སྲིད་དབང་ཡིན། མི་མང་ཆེ་བས་མི་ཉུང་ཤས་ལ་སྲིད་དབང་སྒེར་འཛིན་བྱེད་པ་དེ་ཡིན། ནང་ཁུལ་དང་ཕྱི་ཕྱོགས་ཀྱི་འགན་ནུས་གཅིག་མཚུངས་ཡིན། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ཕྲག་ཏུ་འཁུར་ཡོད།

3 ཁྱད་ཆོས་དང་དགེ་མཚན།

མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་ངོ་བོ་ནི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱ་རྒྱུ་དེ་ཡིན། མི་དམངས་དམངས་གཙོ་ལ་རྒྱ་ཁྱབ་རང་བཞིན་དང་བཅོས་མིན་རང་བཞིན་གྱི་ཁྱད་ཆོས་ལྡན། རང་རྒྱལ་གྱི་དམངས་གཙོའི་རྒྱ་ཁྱབ་རང་བཞིན་ནི་གཤམ་གྱི་ཕྱོགས་གཉིས་ནས་མཚོན་ཡོད།

དང་པོ། མི་དམངས་དམངས་གཙོའི་གཙོ་གཞིའི་རྒྱ་ཁྱབ་རང་བཞིན། རང་རྒྱལ་དུ་བཟོ་བ་དང་། ཞིང་བ། ཤེས་ཡོན་ཅན། སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་པ་གཞན་དག་བཅས་ཚུད་པའི་སྤྱི་ཚོགས་རིང་ལུགས་ལ་བརྩི་བཀུར་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བར་བརྩི་བཀུར་ཞུ་བའི་མི་དམངས་ཡོངས་རྫོགས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོ་ཡིན། ཁོ་ཚོར་འདྲ་མཉམ་གྱིས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ལས་དོན་ལ་དོ་དམ་བྱེད་པའི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད།

གཉིས་པ། མི་དམངས་ལ་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པའི་རྒྱ་ཁྱབ་རང་བཞིན་ལྡན་ཡོད། རང་རྒྱལ་གྱི་རྩ་ཁྲིམས་ཀྱི་ལེའུ་གཉིས་པའི་ནང་རང་རྒྱལ་གྱི་སྤྱི་དམངས་ལ་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་སྤྱི་ཚོགས་ཀྱི་འཚོ་བའི་ཕྱོགས་གང་ཅིའི་ཐད་ཀྱི་དམངས་གཙོ་དང་རང་དབང་གི་ཁེ་དབང་ལོངས་སུ་སྤྱོད་དབང་ཡོད་པ་གཏན་འཁེལ་བྱས་ཡོད། དམངས་གཙོ་བཅོས་མིན་རང་བཞིན་གྱི་མཚོན་ཚུལ་ནི། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ཁེ་དབང་ལ་ལམ་ལུགས་དང་། བཅའ་ཁྲིམས། དངོས་པོ་བཅས་ཀྱི་འགན་སྲུང་ཡོད།

3_1 དགེ་མཚན།

1.མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་བྱེད་པར་མི་མང་ཆེ་བས་དགྲ་བོ་ཉུང་ཤས་ལ་སྲིད་དབང་སྒེར་འཛིན་བྱེད་པ་ལག་བསྟར་བྱེད་པ། ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་གྲལ་རིམ་འཐབ་རྩོད་ཡུན་རིང་གནས་རྒྱུ་ནི་རྒྱལ་ཁབ་ཀྱི་སྲིད་དབང་སྒེར་འཛིན་གྱི་འགན་ནུས་མཐའ་འཁྱོངས་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་རྗེས། བཤུ་གཞོག་གྲལ་རིམ་དེ་གྲལ་རིམ་ཞིག་ཡིན་པའི་ངོས་ནས་རྩ་མེད་དུ་བཏང་བས། གྲལ་རིམ་གྱི་འགལ་བ་ནི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་མིན། འོན་ཀྱང་རྒྱལ་ཁབ་ཕྱི་ནང་གི་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་གྲལ་རིམ་འཐབ་རྩོད་དེ་ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་ད་དུང་དུས་ཡུན་རིང་པོར་གནས་རྒྱུ་དང་། ཆ་རྐྱེན་ངེས་ཅན་ཞིག་གི་འོག་ད་དུང་དྲག་པོར་འགྱུར་སྲིད།

2.མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱིས་གོ་དོན་གསལ་བཤད་བྱེད་པའི་ཐད་དམངས་གཙོ་དང་སྲིད་དབང་སྒེར་འཛིན་གྱི་རྩོད་སྒྲུབ་གཅིག་གྱུར་ཐད་ཀར་མཚོན་ཡོད། དེའི་ཐོག་ནས་རང་རྒྱལ་གྱི་གྲལ་རིམ་གནས་ཚུལ་དང་སྲིད་དབང་གི་སྤྱི་ཚོགས་ཀྱི་རྨང་གཞི་རྒྱ་ཆེན་པོ་གསལ་པོར་མཚོན་ཡོད། ལག་ལེན་གྱི་ཐོག་ནས་རང་རྒྱལ་སྲིད་དབང་གི་ངོ་བོ་དང་འགན་ནུས་ལ་མི་རྣམས་ཀྱིས་སྲིད་དབང་སྒེར་འཛིན་ཁོ་ན་ནན་བཤད་བྱེད་པ་ལས་དམངས་གཙོ་སྣང་མེད་དུ་འཇོག་པའམ་དམངས་གཙོ་ཁོ་ན་ནན་བཤད་བྱེད་པ་ལས་སྲིད་དབང་སྒེར་འཛིན་ལ་སྣང་ཆུང་བྱེད་པའི་ཕྱོགས་རེ་བའི་རང་བཞིན་མི་ཡོང་བ་བྱེད་ཐུབ་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་དང་དགྲ་བོར་སྲིད་དབང་སྒེར་འཛིན་བྱེད་པར་ཕན་ཐོགས་ཡོད།

མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ངོ་བོའི་ཐོག་འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་ཡིན།

འགོ་ཁྲིད་ཀྱི་སྟོབས་ཤུགས་ནི་བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་བྱེད་པ་ཡིན།

གྲལ་རིམ་གྱི་རྨང་གཞི་ཚང་མ་བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞིར་བྱས་ཡོད།

རྒྱལ་ཁབ་ཀྱི་འགན་ནུས་སྒྲུབ་པར་དམངས་གཙོ་དང་སྲིད་དབང་སྒེར་འཛིན་ཕྱོགས་གཉིས་ཡོད།

ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སྐབས་གུང་ཁྲན་རིང་ལུགས་མངོན་འགྱུར་བྱ་དགོས།

མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ནི་འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་གྱི་རིགས་པའི་གཞུང་ལུགས་ཀྱི་འཕེལ་རྒྱས་ཡིན།

ཀྲུང་གོའི་ལོ་རྒྱུས་ཀྱི་ཆ་རྐྱེན་འོག་གི་འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་ཡིན།

དམངས་གཙོ་གསར་པ་དང་སྲིད་དབང་སྒེར་འཛིན་གསར་པ་ཟུང་འབྲེལ་བྱེད་པ་ཞིག་ཡིན།

རང་རྒྱལ་གྱི་གནས་ཚུལ་དངོས་དང་མཐུན།

ཚིག་གཅིག་ཏུ་བསྡུས་ནས་བཤད་ན། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་ཡིན།

4 རླབས་ཆེན་གྱི་ལག་ལེན།

གཉའ་གནོན་མྱོང་མཁན་ཀྲུང་གོའི་མི་དམངས་ཀྱིས་གོ་མིན་ཏང་ལོག་སྤྱོད་ཕྱོགས་ཁག་གི་སྒེར་གཅོད་དབང་སྒྱུར་མགོ་རྟིང་བསློགས་རྗེས། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ“མི་མང་ཆེ་བས་དགྲ་བོ་ཉུང་ཤས་ལ་སྲིད་དབང་སྒེར་འཛིན་བྱེད་པའི”ནུས་པ་འདོན་སྤེལ་གང་ལེགས་བྱེད་འགོ་བརྩམས། གོ་མིན་ཏང་གི་དབང་སྒྱུར་དུས་སྐབས་སུ་གནས་པའི་ཇག་ཚོགས་དང་ནག་ཚོགས་སོགས་གཙང་བཤེར་བྱེད་པར་ཕན་འབྲས་ཧ་ཅང་ཆེན་པོ་ཐོན་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ3སོང་རིང་ཀྲུང་གོའི་སྐམ་ས་ཆེན་པོས་རྒྱལ་དམངས་སྲིད་གཞུང་གིས་ལོ་བཅུ་ཕྲག་ཁ་ཤས་རིང་ཐག་གཅོད་བྱས་མེད་པའི་གནད་དོན་དེ་ཐག་གཅོད་མཐར་ཕྱིན་བྱས་ཡོད། ཆེས་མིང་གྲགས་ཅན་གྱི་དཔེ་བརྗོད་ནི་ཧྲང་ཧེ་སྔོན་གྱི་ན་གཞོན་ཚོགས་པའི་འགོ་བ་ཧོང་ཅིན་རུང་ལྟ་བུ་ཡིན། ཅང་ཅེ་ཧྲིའི་ཆེད་དུ་བུ་ལོན་འཇལ་མྱོང་བའི་ཧོང་ཅིན་རུང་ནི་ཧྲང་ཧའེ་གྲམ་ཐང་གི་ཕྱུག་ཆེན་ཨང་དང་པོ་ཡིན་པས་མི་དམངས་ཁོང་ཁྲོ་ཆེན་པོ་ལངས། ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ངོས་ནས་ཧོང་ཅིན་རུང་ལ་ཐུག་པ་དང་། ཁོང་ལ“འགྱོད་བཤགས་ཡི་གེ”ཡོངས་བསྒྲགས་སུ་ཚགས་པར་ཐོག་བཀོད་ནས་རང་ཉེས་ངོས་ལེན་བྱས་ཏེ་ངལ་རྩོལ་བྱེད་སྟངས་ལ་བརྟེན་ནས་སྒྱུར་བཀོད་བྱེད་དགོས་པའི་རེ་བ་བཏོན།

ཧོང་ཅིན་རུང་གིས་ཁྲོམ་གཞུང་གཙང་འཕྱག་བྱེད་པའི་བྱ་སྤྱོད་དེར་རྒྱལ་ཁབ་ཕྱི་ནང་དུ་ལན་ཆ་དྲག་པོ་བྱུང་བ་དང་ཁོང་རང་ཉིད་ལའང་སློབ་གསོ་མཐར་ཕྱིན་པ་ཐོབ་ཡོད། བཀས་བཀོད་རྒྱུད་འཛིན་གྱི་དབང་སྒྱུར་གྲལ་རིམ་གྱི་ཚབ་བྱེད་མཁན་མན་ཇུ་རྒྱལ་རབས་ཀྱི་གོང་མ་མཐའ་མ་ཨའེ་ཞིན་ཅུའེ་ལུའོ་ཕུའུ་དབྱིའི་སློབ་གསོའི་ཐད་ལའང་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད། དེ་སྔ་ལོ11རིང་མན་ཀྲོའུ་རྒྱལ་ཁབ་རྫུས་མའི་གོང་མའི་ཨའེ་ཞིན་ཅུའེ་ལུའོ་ཕུའུ་དབྱི་ཡིས་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་འོག སྤྱི་ལོ1959ལོའི་ཟླ12ཚེས4ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་མའོ་ཙེ་ཏུང་གི་དམིགས་བསལ་བཙོན་གྲོལ་འབྱོར་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་སུ་གྱུར། ཁྲི་ལོ་རྒྱལ་ཡོངས་སྲིད་གྲོས་ཞིབ་འཇུག་ཨུ་ཡོན་ལྷན་ཁང་དུ་དྲངས་ནས་དཔྱད་གཞིའི་ཀྲོན་ཡོན་གྱི་འགན་བཞེས་པ་དང་འབྲེལ་མི་དམངས་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་བཞེས་པ་རེད། དེའི་ཐོག་ནས་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱིས་གུ་ཡངས་དང་ནུས་ལྡན་རང་བཞིན་ཆེན་པོ་མཚོན་ཡོད་པ་མཐོང་ཐུབ། ཧོང་ཅིན་རུང་དང་ཨའེ་ཞིན་ཅུའེ་ལུའོ་ཕུའུ་དབྱི་གཉིས་ནག་ཚོགས་དང་བཀས་བཀོད་རྒྱུད་འཛིན་སྟོབས་ཤུགས་ཀྱི་འགོ་པ་ཡིན་པའི་ཆ་ནས་མི་དམངས་སྲིད་དབང་གི་སློབ་གསོའི་འོག་ཉེས་པ་གསལ་རྟོགས་དང་། སྒྱུར་བཀོད་ཧུར་ཐག བསྐྱར་དུ་མི་ཚུལ་ལྡན་ཞིག་བྱེད་པའི་བརྒྱུད་རིམ་བརྒྱུད་མྱོང་།

མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་དེ་ངེས་པར་དུ་དམངས་གཙོ་དང་སྲིད་དབང་སྒེར་འཛིན་རྩོད་སྒྲུབ་ཀྱིས་གཅིག་གྱུར་ཡོང་བ་བྱ་དགོས། ཡོ་རོབ་གླིང་གི་རྒྱལ་ཁབ་ཁ་ཤས་ཀྱི་ས་ཁུལ་ཁ་ཤས་སུ་ཕྱོགས་རེ་བའི་སྒོ་ནས་སྲིད་དབང་སྒེར་འཛིན་བྱེད་རྒྱུ་ནན་བཤད་བྱེད་པ་དང་། དམངས་གཙོའི་གནས་ཚུལ་ལ་སྣང་ཆུང་བྱེད་པ། ཐ་ན་རྒྱལ་ཁབ་ཐོར་ཞིག་ཏུ་སོང་བ་དང་ཏང་ཁ་བྲལ་དུ་སོང་བའི་ཁྲོད་དུ་གོ་གནས་ངེས་ཅན་ཞིག་བཟུང་ཡོད་པ་རེད།

5 གཞི་རྩའི་ནང་དོན།

ཀྲུང་གོས་ད་ལྟ་ལག་ལེན་བསྟར་བཞིན་པའི་སྤྱི་ལོ1982ལོའི་རྩ་ཁྲིམས་ནང་གི་གཏན་འཁེལ་ལྟར“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་ཅིང་རྨང་གཞི་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན། ” “བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་བྱེད་པ་དང་། བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞི་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་དེ་ངོ་བོའི་ཐོག་འབོར་མེད་པའི་རིམ་པ་ཡིན། ཏེང་ཞའོ་ཕིང་གིས་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ལ་ནང་དོན་རིམ་པ་གསར་པའི་སྲིད་དབང་སྒེར་འཛིན་གནང་ཡོད” རྩ་ཁྲིམས་ཀྱི་གཏན་འབེབས་འདིས་ཀྲུང་གོའི་རྒྱལ་གཞི་ནི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ཡིན་པ་དང་། དོན་དངོས་ཐོག་འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་ཡིན་པ་གསལ་པོར་མཚོན་ཡོད།

(གཅིག) མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རིགས་པའི་གཞུང་ལུགས་ནི་ཀྲུང་གོའི་ལོ་རྒྱུས་དངོས་ཀྱི་ཆ་རྐྱེན་འོག་འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་གྱི་རིགས་པའི་གཞུང་ལུགས་ལས་བྱུང་བ་ཞིག་ཡིན། ཀྲུང་གོའི་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་དང་མི་སེར་སྤེལ་ཡུལ་ཕྱེད་ཙམ་གྱི་སྤྱི་ཚོགས་ཀྱི་ངོ་བོ་ལས་ཀྲུང་གོའི་གསར་བརྗེའི་འཕེལ་རིམ་དང་དེས་བཙུགས་པའི་གསར་བརྗེའི་སྲིད་དབང་ལ་རང་ཉིད་ཀྱི་ཁྱད་ཆོས་ཡོད་ངེས་ཡིན་ཞིང་། དེ་ཡང་གསལ་པོར་བཤད་ན་གཙོ་བོ་གཤམ་གསལ་ལྟར་ཡིན།

1.གསར་བརྗེའི་བགྲོད་ལམ་ནས་བལྟས་ན། ཉེ་རབས་ཀྱི་ཀྲུང་གོ་ནི་དཔལ་འབྱོར་དང་རིག་གནས་ཧ་ཅང་རྗེས་ལུས་ཐེབས་པའི་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་རྒྱལ་ཁབ་ཅིག་ཡིན་སྟབས། བློ་མཐུན་མའོ་ཙེ་ཏུང་གིས་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་མར་ཁེ་སིའི་རིང་ལུགས་བེད་སྤྱད་དེ་གྲོང་གསེབ་ལ་བརྟེན་ནས་གྲོང་ཁྱེར་བསྐོར་བ་དང་། དྲག་ཆས་ལ་བརྟེན་ནས་སྲིད་དབང་འཕྲོག་ལེན་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་གསར་བརྗེའི་འགྲོ་ལམ་ཞིག་གསར་དུ་བཏོད་པ་རེད། གསར་བརྗེའི་འགྲོ་ལམ་དེ་ལྟ་བུས་ཀྲུང་གོའི་གསར་བརྗེ་འདི་འབྱོར་མེད་གྲལ་རིམ་གཅིག་པུའི་འགོ་ཁྲིད་འོག་ཏུ་ངེས་པར་དུ་རྒྱ་ཆེའི་མི་དམངས་གྲལ་རིམ་དང་གསར་བརྗེའི་གྲལ་རིམ་གཞན་དག་ལ་རྒྱ་ཁྱབ་ཏུ་མཐུན་སྒྲིལ་བྱ་དགོས་པ་ཐག་གིས་ཆོད་པ་རེད།

2.གསར་བརྗེའི་དཔུང་སྡེའི་གྲལ་རིམ་གྲུབ་ཚུལ་ལ་བལྟས་ན། ཀྲུང་གོའི་གསར་བརྗེའི་གོ་རིམ་ནང་དུ། འབྱོར་མེད་གྲལ་རིམ་ནི་འགོ་ཁྲིད་གྲལ་རིམ་ཡིན་མོད། འོན་ཀྱང་ཞིང་པ་ནི་གསར་བརྗེའི་གཙོ་ཤུགས་དམག་དཔུང་ཡིན་པ་དང་། ཀྲུང་གོའི་མི་རིགས་འབྱོར་ལྡན་གྲལ་རིམ་ནི་ཕྱོགས་གཉིས་ཀྱི་རང་བཞིན་ལྡན་པའི་གྲལ་རིམ་ཞིག་ཡིན། ཕྱོགས་གཅིག་ནས་བཙན་རྒྱལ་རིང་ལུགས་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་བདག་པོའི་མ་རྩ་རིང་ལུགས་ཀྱི་གཉའ་གནོན་དང་འཆིང་སྡོམ་བཅས་མྱོང་དགོས་ཤིང་། དེ་ཚོ་དང་འགལ་བ་ངེས་ཅན་ཞིག་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་དེས་དཔལ་འབྱོར་དང་ཆབ་སྲིད་ཐོག་ཧམ་ཤེད་བྱས་པའི་དབང་གིས་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས་དང་འབྲེལ་བ་ངེས་ཅན་ཞིག་ཡོད། དེར་བརྟེན་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས་ལ་ངོ་རྒོལ་མཐར་ཕྱིན་བྱེད་པའི་བློ་སྟོབས་མེད་པས་འོས་མེད་འགྲིག་ཐབས་ཀྱི་རང་བཞིན་ལྡན་པ་རེད། མི་རིགས་འབྱོར་ལྡན་གྲལ་རིམ་ཡང་ཀྲུང་གོའི་གསར་བརྗེའི་དཔུང་སྡེའི་ནང་གི་ཆ་ཤས་ཤིག་ཡིན། ཀྲུང་གོའི་གསར་བརྗེ་དང་གསར་བརྗེས་བཙུགས་པའི་སྲིད་དབང་ལ་རང་ཉིད་ཀྱི་ཁྱད་ཆོས་མངོན་གསལ་ལྡན། ཀྲུང་གོའི་འབྱོར་མེད་གྲལ་རིམ་གྱིས་སྲིད་དབང་འཕྲོག་ལེན་དང་སྲིད་དབང་གསར་འཛུགས་བྱེད་པའི་རིང་ལ་མནའ་འབྲེལ་གཉིས་ཏེ་བཟོ་པའི་གྲལ་རིམ་དང་ཞིང་པའི་གྲལ་རིམ་བར་གྱི་མནའ་འབྲེལ་ཡོད་པར་མ་ཟད། བཟོ་པའི་གྲལ་རིམ་དང་མི་རིགས་འབྱོར་ལྡན་གྲལ་རིམ་བར་གྱི་མནའ་འབྲེལ་ཡང་ཡོད། ཀྲུང་གོའི་གསར་བརྗེའི་ཉམས་མྱོང་ཕྱོགས་གཅིག་ཏུ་བསྡུས་ན་བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་བྱེད་པའི་བཟོ་ཞིང་མནའ་འབྲེལ་རྨང་གཞི་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་དེ་རེད།

དེའི་ཐོག་ནས་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རིགས་པའི་གཞུང་ལུགས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་གསར་བརྗེར་འགོ་ཁྲིད་བྱེད་པའི་བརྒྱུད་རིམ་ནང་། མར་ཁེ་སིའི་རིང་ལུགས་ཀྱི་འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་སྐོར་གྱི་རིགས་པའི་གཞུང་ལུགས་དང་ཟུང་དུ་སྦྲེལ་བ་དང་། འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་སྐོར་གྱི་རིགས་པའི་གཞུང་ལུགས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་བཏང་བ་དང་། འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་སྐོར་གྱི་རིགས་པའི་གཞུང་ལུགས་དེ་ཀྲུང་གོའི་ལོ་རྒྱུས་དངོས་ཀྱི་ཆ་རྐྱེན་འོག་བྱུང་བ་ཞིག་ཡིན་པ་མཐོང་ཐུབ།

(གཉིས) མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ངོ་བོའི་ཐོག་འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིནཡིན། བྱེ་བྲག་ཏུ་གཤམ་གྱི་ཕྱོགས་འགའ་ནས་མཚོན་ཡོད་དེ།

མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་སྐོར་གླེང་བ། 1.བཟོ་བའི་གྲལ་རིམ་གྱིས་རྒྱལ་ཁབ་ཀྱི་འགོ་ཁྲིད་དབང་ཆ་བཟུང་སྟེ་འགོ་ཁྲིད་ཀྱི་སྟོབས་ཤུགས་སུ་འགྱུར་བ་བྱ་རྒྱུ་ནི་འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་དང་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྩ་བའི་མཚོན་རྟགས་ཡིན། བཟོ་བའི་གྲལ་རིམ་དེ་རྒྱལ་ཁབ་ཀྱི་འགོ་ཁྲིད་གྲལ་རིམ་དུ་གྱུར་པ་ནི་བཟོ་བའི་གྲལ་རིམ་གྱི་གྲལ་རིམ་ངོ་བོ་དང་ལོ་རྒྱུས་ཀྱི་ལས་འགན་གྱིས་ཐག་བཅད་པ་དང་། བཟོ་བའི་གྲལ་རིམ་ནི་དེང་རབས་ཅན་གྱི་བཟོ་ལས་ཆེན་པོའི་ཐོན་དངོས་ཡིན་པ་དང་། སྔོན་ཐོན་གྱི་ཐོན་སྐྱེད་ནུས་ཤུགས་ཀྱི་མཚོན་བྱེད་ཡིན། འདི་ཡིས་བཟོ་བའི་གྲལ་རིམ་ལ་ཆེས་མིག་རྒྱང་རིང་བ་དང་། ཆེས་སྤྱི་སེམས་ཆེ་བ། ཆེས་གསར་བརྗེ་མཐའ་འཁྱོལ་བའི་རང་བཞིན་ལྡན་པ་ཐག་གཅོད་བྱས་པ་རེད། དུས་མཚུངས་སུ་བཟོ་བའི་གྲལ་རིམ་ཁོ་ནས་ད་གཟོད་བཤུ་གཞོག་རྩ་མེད་གཏོང་བ་དང་། གྲལ་རིམ་མེད་པར་བཟོ་བ། བཅིངས་འགྲོལ་གཏོང་བ་བཅས་ཀྱི་ལས་འགན་འཁུར་ཐུབ་པས། མཇུག་མཐར་མིའི་རིགས་གུང་ཁྲན་རིང་ལུགས་ཀྱི་སྤྱི་ཚོགས་སུ་སྐྱོད་པའི་ལས་འགན་རླབས་པོ་ཆེ་འཁུར་ཐུབ། ཀྲུང་གོའི་བཟོ་བའི་གྲལ་རིམ་ལ་ད་དུང་རང་ཉིད་ཀྱི་ཁྱད་ཆོས་ཀྱང་ཡོད་པ་སྟེ། ཀྲུང་གོ་རྙིང་པའི་སྐབས་སུ་བཙན་རྒྱལ་རིང་ལུགས་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་བདག་པོའི་མ་རྩ་རིང་ལུགས་ཀྱི་གཉའ་གནོན་སུམ་ཟློས་ཐེབས་ཡོད་པས་གསར་བརྗེ་བྱེད་པར་སེམས་ཐག་ཆོད་ཤོས་དང་། དེས་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་འགོ་ཁྲིད་ཀྱི་འགན་ལྗིད་པོ་ཁུར་བ་ནས་འགོ་བརྩམས་ཏེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་སྤྱི་ཚོགས་ནང་གི་གོ་རྟོགས་ཆེས་ཆེར་ལྡན་པའི་གྲལ་རིམ་ཞིག་ཏུ་གྱུར་པ་དང་། དེ་དང་ཀྲུང་གོའི་མི་འབོར་ཆེས་མང་ཆེ་བ་ཟིན་པའི་ཞིང་པ་བར་རང་བཞིན་གྱིས་འབྲེལ་བ་དམ་པོ་ཡོད། བཟོ་ཞིང་མནའ་འབྲེལ་བརྟན་པོ་ཆགས་ཐུབ་པ་མ་ཟད། དེ་རྨང་གཞིར་བྱས་ནས་ཀྲུང་ཧྭ་དར་རྒྱས་ཡོང་པར་ཡོད་ཚད་མཐུན་སྒྲིལ་དང་ཐུན་མོང་ཐོག་འབད་འཐབ་བྱེད་ཐུབ། བཟོ་བའི་གྲལ་རིམ་དེ་ཀྲུང་གོའི་འགོ་ཁྲིད་གྲལ་རིམ་དུ་འགྱུར་བ་ནི་ཀྲུང་གོའི་ལོ་རྒྱུས་འཕེལ་རྒྱས་འགྲོ་བའི་ལྡོག་མེད་ཅིག་ཡིན།

2.འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་དང་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་ཀྱི་སྲིད་དབང་ཚང་མས་བཟོ་ཞིང་མནའ་འབྲེལ་གྲལ་རིམ་གྱི་རྨང་གཞི་བྱས་པ་དང་། ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན་གྱི་ལོ་རྒྱུས་ཉམས་མྱོང་ལས་གསལ་པོར་བསྟན་དོན། བཟོ་ཞིང་མནའ་འབྲེལ་ནི་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེར་རྒྱལ་ཁ་ཐོབ་པར་བྱེད་པའི་འགན་ལེན་གལ་ཆེན་ཞིག་ཡིན་པ་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རྒྱལ་ཁའི་ངང་གོང་དུ་འཕེལ་བའི་འགན་ལེན་གལ་ཆེན་ཞིག་ཀྱང་ཡིན།

3.འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་དང་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་ཀྱི་འགན་ནུས་གཅིག་མཚུངས་ཡིན། འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་ཡིན་ནའང་འདྲ། ཡང་ན་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་ཡིན་ནའང་འདྲ། གང་ལྟར་ཚང་མས་གཤམ་གསལ་གྱི་འགན་ནུས་ཁུར་ཡོད་པ་སྟེ། གཅིག་ནི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ཁེ་དབང་སྲུང་སྐྱོང་བྱེད་པ་དང་། མི་དམངས་དམངས་གཙོ་འགན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག དམངས་གཙོའི་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་། གཉིས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲུང་སྐྱོབ་བྱས་ནས་གོ་སྐབས་དང་བྱེད་སྟངས་སྣ་ཚོགས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བྱ་གཞག་གཏོར་བཤིག་གཏོང་མཁན་ཉེས་ཅན་ལ་སྙིང་རྗེ་མེད་པའི་དྲག་གནོན་བྱེད་པ་དང་། གསུམ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་སྒྲིག་འཛུགས་བྱ་རྒྱུ། བཞི་ནི་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བ་སོགས་བྱ་རྒྱུ།

4.འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་དང་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་ལོ་རྒྱུས་ཀྱི་ལས་འགན་ཡང་གཅིག་པ་ཡིན་པས་ཚང་མ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་། བཤུ་གཞོག་མེད་པར་བཟོ་བ། གྲལ་རིམ་མེད་པར་བཟོ་བ་བཅས་ཀྱི་ཆེད་དུ་མཐར་གུང་ཁྲན་རིང་ལུགས་མངོན་དུ་འགྱུར་བ་བྱེད་རྒྱུ་དེ་ཡིན།

(གསུམ) མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ནི་མི་དམངས་ལ་དམངས་གཙོ་ལག་ལེན་བསྟར་རྒྱུ་དང་དགྲ་བོར་སྲིད་དབང་སྒེར་འཛིན་བྱ་རྒྱུ་གཅིག་གྱུར་ཡིན། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ནི་མི་དམངས་དམངས་གཙོ་དང་མི་དམངས་ཀྱིས་དགྲར་འཛིན་མཁན་ཉུང་ཤས་ལ་སྲིད་དབང་སྒེར་འཛིན་བྱ་རྒྱུ་གཅིག་གྱུར་དམ་ཚགས་བྱེད་པ་ཞིག་དང་། དམངས་གཙོ་གསར་པ་དང་སྲིད་དབང་སྒེར་འཛིན་གསར་པ་ཟུང་འབྲེལ་བྱེད་པ་ཞིག་རེད།

1.མི་དམངས་ནང་ཁུལ་དུ་དམངས་གཙོ་ལག་ལེན་བསྟར་རྒྱུ་ནི་དགྲ་བོར་སྲིད་དབང་སྒེར་འཛིན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞི་ཡིན། མི་དམངས་དམངས་གཙོའི་ངོ་བོ་ནི་སྤྱི་ཚོགས་ཐོག་གི་མི་མང་ཆེ་བར་རྒྱལ་ཁབ་དང་སྤྱི་ཚོགས་དོ་དམ་བྱེད་པའི་དབང་ཆ་ཚང་མ་ཡོད་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་དེ་ནི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་སྲིད་དབང་གི་ཁྱད་རྟགས་ཡིན། ཀྲུང་གོའི་རྩ་ཁྲིམས་ནང“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་ཆ་ཚང་མ་མི་དམངས་ལ་དབང་པ་ཡིན།”

2.དགྲ་བོར་སྲིད་དབང་སྒེར་འཛིན་བྱེད་པ་ནི་མི་དམངས་དམངས་གཙོའི་འགན་སྲུང་ནུས་ལྡན་ཞིག་ཡིན།“སྲིད་དབང་སྒེར་འཛིན”ལ་གོ་དོན་གཉིས་ཡོད་དེ། གཅིག་ནི་དབང་སྒྱུར་གྱི་འབྲེལ་བ་གསལ་བཤད་བྱེད་པ་སྟེ། རྒྱལ་ཁབ་གཅིག་གི་སུ་དབང་སྒྱུར་གྲལ་རིམ་ཡིན་པ་དང་། སུ་ནི་དབང་སྒྱུར་མྱོང་མཁན་གྲལ་རིམ་ཡིན་པ། གཉིས་ནི་དབང་སྒྱུར་བྱེད་ཐབས་ཏེ། དྲག་ཤུགས་ཀྱིས་དྲག་གནོན་བྱེད་པའི་བྱེད་ཐབས་སྤྱོད་དགོས། ཀྲུང་གོའི་གྲལ་རིམ་གྱི་གྲུབ་ཚུལ་དང་གྲལ་རིམ་འཐབ་རྩོད་ཀྱི་གནས་ཚུལ་ལ་འགྱུར་ལྡོག་ཧ་ཅང་གཏིང་ཟབ་པོ་བྱུང་ཡོད་རུང་། འོན་ཀྱང་དགྲ་བོར་སྲིད་དབང་སྒེར་འཛིན་བྱེད་པའི་འགན་ནུས་འགྱུར་མེད།


6 ཁྱད་ཆོས་གཙོ་བོ།

མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་ཐོག་ནས་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གི་ཏང་མང་མཉམ་ལས་དང་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་ནི་ཀྲུང་གོའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་ཁྱད་ཆོས་གཙོ་བོ་ཡིན་པ་གསལ་པོར་མཚོན་ཡོད།

6_1 ཏང་མང་མཉམ་ལས།

ཀྲུང་གོའི་དམངས་གཙོའི་ཏང་ཤོག་ཆེན་པོ་བརྒྱད་མང་ཆེ་བ་ནི་འཇར་འགོག་དམག་འཁྲུག་དང་བཅིངས་འགྲོལ་དམག་འཁྲུག་གི་དུས་སྐབས་སུ་བྱུང་བ་རེད། དུས་ཡུན་རིང་པོའི་གསར་བརྗེ་དང་འཐབ་རྩོད་ཀྱི་ལོ་རྒྱུས་ཐོག ཁོ་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་གདམ་གསེས་དང་དང་ལེན་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་དང་མཉམ་ལས་བྱེད་པའི་སྲོལ་རྒྱུན་ཆགས་པར་མ་ཟད། གུང་ཁྲན་ཏང་གི་འགོ་ཁྲིད་འོག་གི་ཏང་མང་མཉམ་ལས་ཞེས་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྲིད་ཏང་ལམ་ལུགས་འདི་ཆགས་པ་རེད། ལམ་ལུགས་འདི་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་འཕེལ་རྒྱས་གཏོང་བ་དང་། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་ཀྱི་སྲིད་དབང་སྲ་བརྟན་དུ་གཏོང་བའི་ནང་དོན་གལ་ཆེན་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་འཕྲོད་བྱུང་ཡོད། དེར་བརྟེན་སྤྱི་ལོ1993ལོའི་རྩ་ཁྲིམས་དག་བཅོས་འཆར་ཟིན་ནང“ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་དུས་ཡུན་རིང་པོར་གནས་རྒྱུ་དང་འཕེལ་རྒྱས་འགྲོ་རྒྱུ”གཏན་འཁེལ་བྱས་ཡོད།

གུང་ཁྲན་ཏང་གི་འགོ་ཁྲིད་འོག་གི་ཏང་མང་མཉམ་ལས་ཀྱི་གཞི་རྩའི་ནང་དོན་ནི་ཀྲུང་གོ་གུང་ཁྲན་ཏང་ནི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་དང་སྲིད་སྐྱོང་ཏང་ཡིན་པ་དང་། དམངས་གཙོའི་ཏང་ཤོག་ཁག་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ལེན་བྱེད་མཁན་ཡིན་ཞིང་། ཀྲུང་གོའི་གུང་ཁྲན་ཏང་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་མཉམ་དུ་གཞོལ་མཁན་མཛའ་མཐུན་ཏང་ཡིན་ལ། སྲིད་ཞུགས་ཏང་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་གཞི་རྩའི་རྩ་དོན་བཞི་མཐའ་འཁྱོངས་བྱ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་དམངས་གཙོའི་ཏང་ཤོག་ཁག་དང་མཉམ་ལས་བྱེད་པའི་ཆབ་སྲིད་ཀྱི་རྨང་གཞི་ཡིན། “ཡུན་རིང་མཉམ་གནས་དང་། ཕན་ཚུན་ལྟ་སྐུལ། གཅིག་སེམས་གཅིག་གཏད། གཟི་ཁྲེལ་མཉམ་ཁུར”བཅས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་དམངས་གཙོའི་ཏང་ཤོག་ཁག་དང་མཉམ་དུ་བྱེད་པའི་གཞི་རྩའི་བྱེད་ཕྱོགས་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་དམངས་གཙོའི་ཏང་ཤོག་ཁག་ལ་འགོ་ཁྲིད་བྱེད་པ་དེ་ནི་ཆབ་སྲིད་ཀྱི་རྩ་དོན་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། བྱེད་ཕྱོགས་དང་སྲིད་ཇུས་ཀྱི་འགོ་ཁྲིད་གལ་ཆེན་བཅས་ཡིན། དམངས་གཙོའི་ཏང་ཤོག་ཁག་ལ་རྩ་ཁྲིམས་ཀྱི་ཁེ་དབང་དང་འོས་འགན་གྱི་ཁོངས་སུ་གཏོགས་པའི་ཆབ་སྲིད་རང་དབང་དང་། རྩ་འཛུགས་རང་ཚུགས། བཅའ་ཁྲིམས་ཀྱི་གོ་བབ་འདྲ་མཉམ་བཅས་ལོངས་སུ་སྤྱོད་དབང་ཡོད།

6_2 རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར།

ཀྲུང་གོར་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་གྲལ་རིམ་རྨང་གཞི་ནི་བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་བྱེད་པ་དང་། བཟོ་ཞིང་མནའ་འབྲེལ་རྨང་གཞི་ཡིན་པ་ལས་གཞན། ད་དུང་སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་པ་གཞན་དག སྤྱི་ཚོགས་རིང་ལུགས་རྒྱལ་གཅེས་ཅན་དང་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་ལ་བརྩི་བཀུར་བྱེད་པ་ཡང་འདུ་བ་ཡིན། དེ་ནི་སྤྱི་ལོ1982ལོའི་རྩ་ཁྲིམས་ནང་གཏན་ལ་ཕབ་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་ཡིན། འཐབ་ཕྱོགས་གཅིག་གྱུར་གནས་པ་དང་འཕེལ་རྒྱས་འགྲོ་བ་ནི་ཀྲུང་གོའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་ཁྱད་ཆོས་གཙོ་བོ་གཞན་ཞིག་རེད་ཅེས་བཤད་ཆོག

ཀྲུང་གོའི་དུས་སྐབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པ་ཡིན་ཞིང་། སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་པ་ཡོངས་རྫོགས་དང་། སྤྱི་ཚོགས་རིང་ལུགས་ལ་བརྩི་བཀུར་ཞུ་བ། མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བར་བརྩི་བཀུར་ཞུ་བ་བཅས་ཀྱི་ཆབ་སྲིད་མནའ་འབྲེལ་རྒྱ་ཁྱབ་ཏུ་དམངས་གཙོའི་ཏང་ཤོག་ཁག་དང་མི་དམངས་ཚོགས་པ་ཁག་ཞུགས་ཡོད་པ་རེད། དོན་དངོས་ཐོག་མནའ་འབྲེལ་གཉིས་ཚུད་ཡོད་པ་སྟེ། གཅིག་ནི་མེས་རྒྱལ་སྐམ་ས་ཆེན་པོའི་ཁྱབ་ཁོངས་ནང་གི་ངལ་རྩོལ་པ་ཡོངས་རྫོགས་དང་རྒྱལ་གཅེས་པའི་གྲུབ་པའི་སྤྱི་ཚོགས་རིང་ལུགས་ཀྱིས་ཆབ་སྲིད་ཀྱི་རྨང་གཞི་བྱེད་པའི་མནའ་འབྲེལ་ཡིན་ཞིང་། མནའ་འབྲེལ་དེས་ངེས་པར་དུ་གཞི་རྩའི་རྩ་དོན་བཞི་མཐའ་འཁྱོངས་བྱ་དགོས་པ་དང་། གཉིས་ནི་ཐའེ་ཝན་དང་། ཞང་ཀང་། ཨའོ་མོན། ཕྱིར་སྡོད་རང་མི་བཅས་ལ་མཐུན་སྒྲིལ་རྒྱ་ཁྱབ་བྱས་ཏེ། མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བར་བརྩི་བཀུར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་རྨང་གཞིར་བྱེད་པའི་མནའ་འབྲེལ་ཡིན། དེའི་ལས་འགན་གཙོ་བོ་ནི། གཅིག་ནི་རྒྱལ་ཁབ་ཀྱིས་ཀྲུང་གོ་འདི་ཉིད་སྟོབས་འབྱོར་དང་། དམངས་གཙོ། དཔལ་ཡོན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱེད་ཆེད་འབད་བརྩོན་བྱེད་པ་དང་། གཉིས་ནི་ཐའེ་ཝན་བརྩོན་ལེན་བྱས་ནས་མེས་རྒྱལ་ཞི་བས་གཅིག་གྱུར་ཡོང་བའི་བྱ་གཞག་ཆེན་པོ་མངོན་འགྱུར་བྱ་རྒྱུ། གསུམ་ནི་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པར་བྱས་རྗེས་གསར་པ་འཇོག་དགོས། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ནི་ཀྲུང་གོའི་འཐུས་ཚབ་ཀྱི་རང་བཞིན་རྒྱ་ཆེན་པོ་ལྡན་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ཤིག་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དམངས་གཙོའི་ཏང་ཤོག་ཁག་དང་དེ་བཞིན་ཆབ་སྲིད་གྲོས་མོལ་དངོས་སུ་བྱེད་པའི་ལས་ཁུངས་གཞན་དག་ཡིན་ལ། ཀྲུང་གོའི་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ཀྱི་རྣམ་པ་ཞིག་ཀྱང་ཡིན།

7 གཞི་རྩའི་བསམ་ཕྱོགས།

ཏེང་ཞའོ་ཕིན་གྱིས་རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་ལས་འགུལ་གྱི་ལོ་རྒྱུས་ཐོག་འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་མཐའ་འཁྱོངས་བྱེད་པའི་ལོ་རྒྱུས་ཀྱི་ཉམས་མྱོང་དང་བསླབ་བྱ་ཕྱོགས་བསྡོམས་ནན་ཏན་གནང་བ་དང་། འཛམ་གླིང་གི་ལོ་རྒྱུས་འཕེལ་རིམ་དང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་དབྱེ་ཞིབ་དཔྱིས་ཕྱིན་པ་བྱས་པའི་རྨང་གཞིའི་ཐོག་གནའ་དེང་དང་རྒྱལ་ཁབ་ཕྱི་ནང་གི་རྒྱལ་སྐྱོང་བདེ་འགོད་ཀྱི་གྲུབ་འབྲས་བསྡུ་ལེན་བྱས་པ་མ་ཟད། ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་པ་དང་། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་ཀྲུང་གོ་རང་ཉིད་ཀྱི་ཁྱད་ཆོས་མཐའ་འཁྱོངས་བྱས་པས། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་སྲ་བརྟན་དང་དེར་ཤུགས་སྣོན་རྒྱག་རྒྱུའི་ཐད་གཞི་རྩའི་བསམ་ཕྱོགས་བཏོན་པ་མ་ཟད། ལག་ལེན་ཡང་ལམ་ལྷོངས་བྱུང་ཡོད།

(གཅིག) དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བཟུང་ནས་དཔལ་འབྱོར་འཛུགས་སྐྲུན་གོང་དུ་སྤེལ་རྒྱུ་ནི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་སྲ་བརྟན་དུ་གཏོང་བ་དང་དེར་ཤུགས་སྣོན་རྒྱག་པའི་རྨང་གཞི་བརྟན་པོ་ཞིག་ཡིན། ལེ་ཉིན་གྱིས་བསྟན་དོན། “སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་གང་རུང་གི་ཁྲོད་དུ། འབྱོར་མེད་གྲལ་རིམ་གྱིས་སྲིད་དབང་འཕྲོག་པའི་ལས་འགན་ཐག་བཅད་རྗེས། བཙན་འཕྲོག་མཁན་དང་གཞན་གྱིས་ངོ་རྒོལ་བྱེད་པར་དྲག་གནོན་བྱེད་པའི་ལས་འགན་ཕལ་ཆེར་ཐག་གཅོད་བྱས་པ་དང་བསྟུན་ནས། མ་རྩ་རིང་ལུགས་སྤྱི་ཚོགས་ལས་མཐོ་བའི་སྤྱི་ཚོགས་དཔལ་འབྱོར་ལམ་ལུགས་གསར་སྐྲུན་བྱེད་པའི་རྩ་བའི་ལས་འགན་དེ་གོ་གནས་ཨང་དང་པོར་འཇོག་དགོས་པ་དང་། རྩ་བའི་ལས་འགན་ནི་ངལ་རྩོལ་ཐོན་སྐྱེད་ཀྱི་ལས་ཆོད་ཇེ་མཐོར་གཏོང་རྒྱུ་དེ་ཡིན།” ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་དཔལ་འབྱོར་དང་རིག་གནས་ཧ་ཅང་རྗེས་ལུས་ཡིན་པའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ནས་བཙུགས་པ་དང་། ཞི་བདེ་དང་འཕེལ་རྒྱས་གཉིས་དུས་རབས་ཀྱི་བརྗོད་བྱ་གཙོ་བོར་གྱུར་པའི་གནས་ཚུལ་འོག རྒྱལ་སྤྱིའི་འགྲན་རྩོད་ཀྱི་ངོ་བོ་ནི་དཔལ་འབྱོར་དང་ཚན་རྩལ་གྱི་སྟོབས་ཤུགས་རྨང་གཞིར་བྱས་པའི་ཕྱོགས་བསྡུས་རྒྱལ་སྟོབས་དང་། འཛམ་གླིང་གི་རྒྱལ་ཁབ་མང་པོ་སྤྱི་དང་ལྷག་པར་དུ་ཀྲུང་གོའི་མཐའ་སྐོར་གྱི་རྒྱལ་ཁབ་དང་ས་ཁུལ་ཁ་ཤས་ཚང་མ་འཕེལ་རྒྱས་མགྱོགས་སུ་འགྲོ་བཞིན་ཡོད་པས། གལ་ཏེ་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་དལ་དྲགས་ན། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ལམ་ལུགས་སྲ་བརྟན་དང་རྒྱལ་ཁབ་ཡུན་རིང་བདེ་འགོད་ཡོང་བར་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ངེས་རེད།

དེར་བརྟེན་ཏེང་ཞའོ་ཕིང་གིས“ཉེས་དོན་ཉེས་གསོག་གི་བྱ་སྤྱོད་ལ་རྡུང་རྡེག་གཏོང་རྒྱུ་ནི་དགོས་ངེས་ཤིག་ཡིན་ཞིང་། སླད་ཕྱིན་ད་དུང་མུ་མཐུད་ནས་རྡུང་རྡེག་གཏོང་དགོས་མོད། འོན་ཀྱང་རྡུང་རྡེག་གཏོང་རྒྱུ་ཁོ་ནར་བརྟེན་ན་རྩ་བའི་གནད་དོན་ཐག་གཅོད་བྱེད་མི་ཐུབ། དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་ནི་རྩ་བཅོས་ཀྱི་ཐབས་ལམ་ངོ་མ་ཞིག་རེད། དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ནི་རྨང་གཞི་ཡིན་པས། རྨང་གཞི་འདིའི་ཐོག་ལས་ཀ་བྱེད་བདེ་པོ་ཡོང་གི་རེད།”འཕེལ་རྒྱས་ཀྱི་མྱུར་ཚད་ཀྱི་གནད་དོན་ནི“དཔལ་འབྱོར་གྱི་གནད་དོན་ཁོ་ན་ཙམ་མ་ཡིན་པར། དོན་དངོས་ཐོག་ཆབ་སྲིད་ཀྱི་གནད་དོན་ཞིག་རེད། ……ང་ཚོ་དངོས་གནས་གཉིད་མི་ཁུག་པ་ཡང་གནད་དོན་དེ་ཡིན་ཤས་ཆེ། རྩ་བའི་ཐོག་ནས་བཤད་ན། ལག་ནང་གི་དངོས་པོ་མང་དུ་སོང་བ་དང་། འགལ་བ་དང་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་སྐབས་རང་འགུལ་གྱི་གནས་སུ་ལངས་པ། མཐར་སྤྱི་ཚོགས་རིང་ལུགས་ལ་ཡིད་ཆེས་མི་བྱེད་མཁན་རྣམས་ལ་འཕེལ་རྒྱས་གཏོང་དགོས་པའི་བློ་འགུག་བྱེད་པ། ཁྱོན་ཡོངས་ཇེ་ལེགས་སུ་སོང་ན། རྒྱལ་ཁབ་ཀྱི་སྟོབས་ཤུགས་ཆེས་ཆེར་འཕེལ་ཞིང་། ད་དུང་རྡུལ་ཕྲན་འབར་འདུལ་དང་འཕུར་མདེལ་བཟོས་ནས་སྒྲིག་ཆས་ཁ་ཤས་གསར་བསྒྱུར་བྱས་ན། མཁའ་ཐོག་ཡིན་ནའང་འདྲ། མཚོ་ཐོག་ཡིན་ནའང་འདྲ། སྐམ་སའི་ཐོག་ཡིན་ནའང་འདྲ། སྐབས་དེར་ཐོན་ན་སླ་བར་འགྱུར་ངེས་ཡིན། ཀྲུང་གོས་བཙན་དབང་རིང་ལུགས་དང་གཡོ་སྒྱུའི་གནོན་ཤུགས་ཐེག་ཐུབ་མིན་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་བྱེད་ཐུབ་མིན་གྱི་འགག་རྩ་ནི་འཕར་ཚད་མགྱོགས་ཙམ་བརྩོན་ལེན་བྱེད་ཐུབ་མིན་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་མངོན་འགྱུར་ཐུབ་མིན་ལ་ཐུག་ཡོད། ”ཅེས་གསུངས།

(གཉིས) བསྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་རྩོད་སྒྲུབ་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱ་རྒྱུ་ནི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་སྲ་བརྟན་དང་དེར་ཤུགས་སྣོན་རྒྱག་པའི་འགན་ལེན་ཡིན། ཏེང་ཞའོ་ཕིན་གྱིས་ཐོག་མཐའ་བར་གསུམ་དུ་ངོས་འཛིན་གནང་དོན། བཅོས་བསྒྱུར་ནི་སྒུལ་ཤུགས་ཡིན་པ་དང་། ཀྲུང་གོས་ངེས་པར་དུ་བཅོས་བསྒྱུར་བྱ་དགོས། བཅོས་བསྒྱུར་མ་བྱས་ན་མདུན་ལམ་མེད། འཕེལ་རྒྱས་གཏོང་རྒྱུ་ནི་དམིགས་ཡུལ་ཡིན་པ་དང་། ཀྲུང་གོ་ངེས་པར་དུ་འཕེལ་རྒྱས་གཏོང་དགོས་ཤིང་། འཕེལ་རྒྱས་མ་བཏང་ན་རེ་བ་མེད། བརྟན་ལྷིང་ནི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་། ཀྲུང་གོས་ངེས་པར་དུ་བརྟན་ལྷིང་ཡོང་དགོས། བརྟན་ལྷིང་མ་ཡོང་ཚེ་བྱ་བ་གང་ཡང་མི་འགྲུབ། བཅོས་བསྒྱུར་དང་འཕེལ་རྒྱས། བརྟན་ལྷིང་དབར་གྱི་འབྲེལ་བའི་སྐོར་གླེང་སྐབས་ཁོང་གིས་བཅོས་བསྒྱུར་མེད་ན་སླད་ཕྱིན་རྒྱུན་མཐུད་འཕེལ་རྒྱས་ཡོང་མི་སྲིད། གལ་ཏེ་བཅོས་བསྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་མེད་ན། “དྲུག་བཞིའི”འགག་སྒོ་འདི་ལས་ཐར་མི་ཐུབ་པ་དང་། ཐར་མ་ཐུབ་ན་ཟིང་ཆ་ལངས་པ་དང་། ཟིང་ཆ་ལངས་ན་ནང་འཁྲུག་རྒྱག་གི་རེད། ཡུན་རིང་བརྟན་ལྷིང་ཡོང་བ་བྱ་དགོས་ན་ངེས་པར་དུ་བཅོས་བསྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་ཆེ་རུ་གཏོང་དགོས། འཕེལ་རྒྱས་དང་བཅོས་བསྒྱུར། བརྟན་ལྷིང་བར་གྱི་འབྲེལ་བའི་སྐོར་གླེང་སྐབས། ཁོང་གིས་འཕེལ་རྒྱས་ཀྱི་མྱུར་ཚད་ཅུང་མགྱོགས་པོ་རྒྱུན་འཁྱོངས་བྱས་ན། བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་ཉེན་ཁ་ཧ་ཅང་ཆུང་། ཀྲུང་གོས་གནད་དོན་ཡོད་ཚད་ཐག་གཅོད་བྱེད་པའི་གནད་འགག་ནི་རང་ཉིད་ཀྱི་འཕེལ་རྒྱས་ལ་བརྟེན་དགོས། དཔལ་འབྱོར་འཕེལ་རྒྱས་བྱུང་ན། དཔལ་འབྱོར་འཕེལ་རྒྱས་བཏང་ན་ད་གཟོད་རྩ་བཅོས་ཀྱི་ཐབས་ལམ་ངོ་མ་ཞིག་ཡིན། བརྟན་ལྷིང་དང་བཅོས་བསྒྱུར། འཕེལ་རྒྱས་དབར་གྱི་འབྲེལ་བའི་སྐོར་གླེང་སྐབས་ཁོང་གིས་ཀྲུང་གོའི་གནད་དོན་ཚང་མ་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། བཅོས་བསྒྱུར་དང་། འཕེལ་རྒྱས། བརྟན་ལྷིང་བཅས་མཐུན་སྦྱོར་གཅིག་གྱུར་ཡོང་ཆེད། ཏེང་ཞའོ་ཕིང་གིས“བློ་ཁོག་ཆེན་པོ་དགོས་པ་དང་། གོམ་པ་བརྟན་པོ་ཡོང་བ་བྱེད་དགོས་པའི”རྩ་དོན་བཏོན་གནང་བ་རེད། ཁོང་གིས་ངོས་འཛིན་རྒྱུ་མེད་པའི་རྩོད་གླེང་མི་བྱེད་པ་དང་། དོན་དངོས་ལ་བརྟེན་ནས་སྐད་ཆ་བཤད་པ། ལག་ལེན་ཁྲོད་མི་རྣམས་ཀྱི་བསམ་བློ་གཅིག་གྱུར་བྱེད་པ། གནས་སྐབས་རྩོད་གླེང་ཡོད་པའི་བྱ་བ་ཁ་ཤས་ལ་ལྟ་རུ་འཇུག་པ། འོན་ཀྱང་བློ་ཐག་རྦད་ཆོད་ཀྱིས་ཚོད་ལྟ་བྱས་ཏེ། བཅོས་བསྒྱུར་གྱི་བྱེད་ཐབས་རེ་རེ་བརྟན་བརླིང་ངང་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས། བཅོས་བསྒྱུར་ཀྱི་བྱེད་ཐབས་རེ་རེ་བཞིན་ཚང་མས་མི་དམངས་མང་ཚོགས་ལ་ཁྱོན་ཡོངས་ནས་ཁེ་ཕན་ཐོབ་པའི་རྩ་དོན་དང་སྤྱི་ཡོངས་ཀྱི་རྩ་དོན་ཁོང་དུ་ཡག་པོ་ཆུད་པར་དོ་སྣང་ཧ་ཅང་ཆེན་པོ་བྱས་ནས་བཅོས་བསྒྱུར་ཀྱིས་སྤྱི་ཚོགས་ལ་གཡོ་འགུལ་བཟོ་སྲིད་པ་དེ་ཚད་དམའ་ཤོས་སུ་སླེབས་པར་བྱ་དགོས།

(གསུམ) “ཕྱོགས་གཉིས་ཀྱིས་འཛིན་པ་དང་ཕྱོགས་གཉིས་ཀའི་དམ་པོར་འཛིན་དགོས”པ་མཐའ་འཁྱོངས་བྱ་རྒྱུ་ནི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་སྲ་བརྟན་གཏོང་བ་དང་དེར་ཤུགས་སྣོན་རྒྱག་པའི་གཞི་རྩའི་བྱེད་ཕྱོགས་ཡིན། གནས་ཚུལ་མི་འདྲ་སར་ཏེང་ཞའོ་ཕིན་གྱིས་གནད་དོན་མི་འདྲ་བར་དམིགས་ཏེ་ཕྱོགས་མི་འདྲ་བའི་ཐད་ནས“ཕྱོགས་གཉིས་ཀྱིས་འཛིན་པ” བཏོན་གནང་བ་རེད། དཔེར་ན། ཕྱོགས་གཅིག་ནས་བཅོས་བསྒྱུར་སྒོ་འབྱེད་དམ་འཛིན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་གཞི་རྩའི་རྩ་དོན་བཞི་མཐའ་འཁྱོངས་བྱ་རྒྱུ་དམ་འཛིན་བྱེད་པ་དང་། ཕྱོགས་གཅིག་ནས་དངོས་པོའི་དཔལ་ཡོན་སྤེལ་རྒྱུ་དམ་འཛིན་དང་། ཕྱོགས་གཞན་ཞིག་ནས་བསམ་པའི་དཔལ་ཡོན་སྤེལ་རྒྱུ་དམ་འཛིན་བྱ་དགོས། ཕྱོགས་གཅིག་ནས་དཔལ་འབྱོར་འཛུགས་སྐྲུན་དམ་འཛིན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ཁྲིམས་ལུགས་འཛུགས་སྐྱོང་དམ་འཛིན་བྱེད་པ་སོགས་ཡིན། ཁོང་གིས་ཏང་ཡོངས་ལ་ཕྱོགས་ཅིག་ཤོས་གཉོམ་པ་དང་ཕྱོགས་ཅིག་ཤོས་ཅུང་དམ་པོ་ཡིན་པའི་གནས་ཚུལ་བསྒྱུར་དགོས་པ་དང་།“ཕྱོགས་གཉིས་ཀྱིས་འཛིན་པ”ཟུང་འབྲེལ་གང་ལེགས་བྱས་ཏེ། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་སྲ་བརྟན་གཏོང་བར་སྐུལ་འདེད་བཏང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་ཁག་ཐེག་བྱ་དགོས་པའི་བླང་བྱ་ཐེངས་མང་བཏོན་པ་རེད།

(བཞི)སྤྱི་ཚོགས་རིང་ལུགས་དུས་སྐབས་ཀྱི་གྲལ་རིམ་འཐབ་རྩོད་ངོས་འཛིན་དང་ཐག་གཅོད་ཡང་དག་པར་བྱ་རྒྱུ་ནི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་སྲ་བརྟན་གཏོང་བ་དང་དེར་ཤུགས་སྣོན་རྒྱག་པའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་ཡིན། ཐོན་སྐྱེད་རྒྱུ་ཆས་ལ་དབང་བའི་ལམ་ལུགས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་རྗེས་ཀྱི་དུས་ཡུན་རིང་པོའི་ནང་དང་། གྲལ་རིམ་འཐབ་རྩོད་ཀྱི་གནད་དོན་ཐད་ཀྲུང་གོས“གྲལ་རིམ་འཐབ་རྩོད་ཀྱིས་རྐང་བྱེད་པའི” “གཡོན”གྱི་ནོར་འཁྲུལ་བཟོས་སྟབས་མཐར་གྲལ་རིམ་འཐབ་རྩོད་རྒྱ་ཆེར་སོང་བ་རེད། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ལས་ཀའི་ལྟེ་གནད་དེ་དཔལ་འབྱོར་འཛུགས་སྐྲུན་ཐོག་ཏུ་སྤོས་རྗེས། འབྱོར་ལྡན་གྲལ་རིམ་གྱི་རང་དབང་ཅན་གྱི་ཤུགས་རྐྱེན་ཕོག་པའི་དབང་གིས་མི་ཁ་ཤས་གཡས་མཐའ་རུ་ལྷུང་བ་རེད། བློ་མཐུན་ཁ་ཤས་ཀྱིས་གྲལ་རིམ་འཐབ་རྩོད་ཀྱི་གནས་ཚུལ་ལ་ཚོད་དཔག་འོས་འཚམ་ཞིག་མ་བྱས་པར། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བཟུང་བར་གཡོ་འགུལ་ཚད་ངེས་ཅན་ཞིག་བྱུང་བ་དང་། ཐ་ན“ཞི་བའི་རིམ་འགྱུར”ལ་ངོ་རྒོལ་བྱ་རྒྱུ་དེའང་ལྟེ་བར་འགྱུར་དགོས་ཤིང་། “ཞི་བའི་རིམ་འགྱུར”གྱི་ཉེན་ཁ་གཙོ་བོ་ནི་དཔལ་འབྱོར་ཁྱབ་ཁོངས་ནས་བྱུང་བ་དང་། བཅོས་བསྒྱུར་སྒོ་འབྱེད་ནི་མ་རྩ་རིང་ལུགས་ནང་འདྲེན་དང་འཕེལ་རྒྱས་གཏོང་བ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

ཏེང་ཞའོ་ཕིན་གྱིས་ནོར་འཁྲུལ་གྱི་ངོས་འཛིན་འདི་རིགས་དུས་ཐོག་ཏུ་ཤེས་རྟོགས་དང་ཡོ་བསྲང་བྱས། ཏེང་ཞའོ་ཕིན་གྱིས་བསྟན་དོན།“ སྤྱི་ཚོགས་རིང་ལུགས་ཀྱི་ཆ་རྐྱེན་འོག་གི་གྲལ་རིམ་འཐབ་རྩོད་དེ་སྔོན་ཆད་ལོ་རྒྱུས་ཐོག་གི་གྲལ་རིམ་དང་གྲལ་རིམ་བར་གྱི་འཐབ་རྩོད་(ཁོ་ཚོར་མངོན་གསལ་དང་ཆ་ཚང་བའི་གྲལ་རིམ་ཞིག་ཆགས་མི་ཐུབ)པ་དང་མི་འདྲ་བར་རྣམ་པ་དམིགས་བསལ་ཅན་གྱི་གྲལ་རིམ་འཐབ་རྩོད་དམ་ཡང་ན་སྤྱི་ཚོགས་རིང་ལུགས་ཀྱི་ཆ་རྐྱེན་འོག་ལོ་རྒྱུས་ཐོག་གི་གྲལ་རིམ་འཐབ་རྩོད་ཀྱི་རྣམ་པ་དམིགས་བསལ་ཅན་ཤུལ་དུ་ལུས་པ་ཞིག་རེད།”ཅེས་གསུངས་པ་དེའི་ཐོག་ནས་གྲལ་རིམ་འཐབ་རྩོད་བྱ་ཡུལ་དང་། ཁྱབ་ཁོངས། གོ་གནས། ནུས་པ། གཞི་ཁྱོན། རྣམ་པ་བཅས་སྔོན་ཆད་དང་མི་འདྲ་བ་གསལ་པོར་མཚོན་པ་རེད། གྲལ་རིམ་འཐབ་རྩོད་བྱ་ཡུལ་དང་ཁྱབ་ཁོངས་ནས་བལྟས་ན། གྲལ་རིམ་འཐབ་རྩོད་དེ་ད་དུང་ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་དུ་གནས་ཡོད་པ་དང་། ཆ་རྐྱེན་ངེས་ཅན་ཞིག་གི་འོག་ད་དུང་དྲག་པོར་འགྱུར་ངེས་པས། ངེས་པར་དུ་སྤྱི་ཚོགས་རིང་ལུགས་དགྲར་འཛིན་མཁན་རྣམས་ཀྱི་གཏོར་བཤིག་གི་བྱ་ངན་སྣ་ཚོགས་ལ་དོགས་ཟོན་ཧ་ཅང་ཆེན་པོ་བྱེད་དགོས་པ་དང་འཐབ་རྩོད་ཕན་ནུས་ལྡན་པ་ཞིག་བྱེད་དགོས་མོད། འོན་ཀྱང་གྲལ་རིམ་འཐབ་རྩོད་དེ་རིགས་ནི་རྣམ་པ་ལྷག་འཕྲོའི་གྲལ་རིམ་འཐབ་རྩོད་ཅིག་ཏུ་གྱུར་ཟིན་པ་དང་། གཙོ་བོ་ནི་རྒྱ་ཆེའི་མི་དམངས་དང་གྲལ་རིམ་ཆ་ཚང་བ་ཞིག་ཏུ་གྱུར་མེད་པའི་དགྲར་འཛིན་པ་དང་སྤྱི་ཚོགས་རིང་ལུགས་པ་གཏོར་བཤིག་གཏོང་བའི་འཐབ་རྩོད་སྣ་ཚོགས་བྱེད་དགོས་པ་དེ་རེད། སྤྱིའི་འཕེལ་ཕྱོགས་ནི་ཉིན་བཞིན་ཞི་ལྷོད་དུ་འགྲོ་བཞིན་ཡོད་པ་དེ་རེད། གྲལ་རིམ་འཐབ་རྩོད་ཀྱི་གོ་གནས་དང་ནུས་པའི་ཐད་ནས་བལྟས་ན། གྲལ་རིམ་འཐབ་རྩོད་དེ་ཀྲུང་གོའི་སྤྱི་ཚོགས་ནང་དུ་འགལ་བ་གཙོ་བོ་མིན་པར་གྱུར་ཟིན་པས། ཚང་མས“གྲལ་རིམ་འཐབ་རྩོད་ཀྱིས་རྐང་བྱེད་དགོས”ཞེས་པའི་བླང་བྱ་འདོན་མི་རུང་། གྲལ་རིམ་འཐབ་རྩོད་དེས་ཀྱང་ངེས་པར་དུ་དཔལ་འབྱོར་འཛུགས་སྐྲུན་གྱི་ལྟེ་བ་དེར་ཞབས་འདེགས་ཞུ་དགོས། གྲལ་རིམ་འཐབ་རྩོད་ཀྱི་རྒྱ་ཁྱོན་དང་རྣམ་པའི་ཐོག་ནས་བལྟས་ན། དེ་སྔའི་རླུང་འཚུབ་ཆར་དྲག་ལྟ་བུའི་མང་ཚོགས་ལས་འགུལ་གྱི་ཐབས་ཤེས་དེ་རིགས་སྤྱོད་མི་རུང་བར་བཅའ་ཁྲིམས་ཀྱི་མཚོན་ཆ་བེད་སྤྱོད་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་རྩ་དོན་ལ་བརྩི་སྲུང་བྱས་ནས་སྤེལ་དགོས། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-13

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།