ཡིད་རྟོན་བྱང་བུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡིད་རྟོན་བྱང་བུ།
ཡིད་རྟོན་བྱང་བུ་ཚོང་ལས་དངུལ་ཁང་དང་ཡིད་རྟོན་བྱང་བུ་ཐུན་གཉེར་ཁང་གིས་ཡིད་རྟོན་ལུགས་མཐུན་ངང་འཛད་སྤྱོད་བྱེད་མཁན་ལ་འགྲེམས་སྤེལ་བྱས་པའི་ཡིད་རྟོན་དཔང་ཡིག་ལ་གོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
信用卡
ཕྱི་ཡིག་གི་མིང་།
Credit Card
1 ​གོ་དོན།

ཡིད་རྟོན་བྱང་བུ་ལ་འབོད་གཏོང་བྱང་བུའང་ཟེར་ལ། དེ་ནི་ལག་དངུལ་ཉོ་ཚོང་མིན་པའི་དངུལ་སྤྲོད་ཀྱི་བྱེད་ཐབས་ཤིག་དང་། སྟབས་བདེ་བའི་ཡིད་རྟོན་དངུལ་བུན་གྱི་ཞབས་ཞུའི་རྣམ་པ་ཞིག་ཡིན།

ཡིད་རྟོན་བྱང་བུ་ཚོང་ལས་དངུལ་ཁང་དང་ཡིད་རྟོན་བྱང་བུ་ཐུན་གཉེར་ཁང་གིས་ཡིད་རྟོན་ལུགས་མཐུན་ངང་འཛད་སྤྱོད་བྱེད་མཁན་ལ་འགྲེམས་སྤེལ་བྱས་པའི་ཡིད་རྟོན་དཔང་ཡིག་ལ་གོ ། ཡིད་རྟོན་བྱང་བུ་སྤྱོད་མཁན་གྱིས་ཉོ་སྒྲུབ་ཚོང་ལས་ཞབས་ཞུའི་སྡེ་ཁག་ནས་ཆེད་མངགས་དང་འཛད་སྤྱོད་བྱས་ཆོག་པ་དང་། དངུལ་ཁང་གིས་ཚོང་བ་དང་བྱང་བུའི་བདག་ཉར་མཁན་ནས་བསྡོམས་རྩིས་བརྒྱབ་པ་ཞིག་སྟེ། བྱང་བུ་སྤྱོད་མཁན་གྱིས་དངུལ་བྱང་ནང་གཏན་འཁེལ་བྱས་པའི་གྲངས་བཅད་ལྟར་འཛད་སྤྱོད་བྱེད་ཞིག་གོ། །

2 འབྱུང་ཁུངས།

ཆེས་སྔ་བའི་ཡོད་རྟོན་བྱང་བུ་ནི་དུས་རབས19པའི་དུས་སྨད་དུ་བྱུང་བ་ཡིན། དུས་རབས 19ལོ་རབས80པའི་སྐབས་སུ། དབྱིན་ཇིའི་གྱོན་ཆས་ལས་རིགས་འཕེལ་རྒྱས་གཏོང་བའི་ཁྲོད་ཡིད་རྟོན་བྱང་བུ་ཐོན། ཡུལ་སྐོར་ལས་རིགས་དང་ཚོང་ལས་སྡེ་ཁག་སོགས་ཀྱིས་ཀྱང་འདིའི་རྗེས་སུ་འབྲངས་ཏེ་འཕེལ་རྒྱས་བྱེད་ཀྱིན་ཡོད།

དེ་ནས་དུས་རབས19པའི་ལོ་རབས50པའི་ཉིན་ཞིག་ལ། ཨ་མེ་རི་ཁེའི་ཚོང་ལས་པ་ཧྥོ་ལན་ཁེ་མཱར་ཁེ་ནཱ་མཱ་ལཱས་ཉིག་ཡོ་རུ་མགྲོན་པོར་སྣེ་ལེན་བྱེད་སའི་མགྲོན་ཁང་ཞིག་ཏུ་ཟ་མ་ཟོས་རྗེས། འཁྱེར་དངུལ་ཁུག་མ་བརྗེད་འདུག་པས། ཁོས་ཆུང་མར་ཁ་པར་བརྒྱབ་ནས་མགྲོན་ཁང་དུ་བསྡོམས་རྩིས་རྒྱག་རྒྱུའི་རེ་བ་ཞུས། སྐབས་དེར་ཁོ་ལ་སེམས་ཚོར་ཁྱད་པར་བ་ཞིག་བྱུང་བ་དང། སེམས་ཚོར་དེ་དང་བསྟུན་ནས་ཁོ་ལ་ཡིད་རྟོན་བྱང་བུའི་ཀུང་ཟི་འཛུགས་རྒྱུའི་བསམ་ཚུལ་བྱུང་། དེ་ནས་སྤྱི་ལོ1950ལོར་ཁོ་དང་ཁོའི་གྲོགས་པོ་ཧྲི་ནེ་ཏིག་གཉིས་ཀྱིས་མཉམ་འབྲེལ་སྒོས་ཨ་སྒོར་ཁྲི་གཅིག་བཏང་ནས་ཉིག་ཡོ་རུ་རོལ་རྩེད་ཁང་ཆེན་པོ་ཞིག་བཙུགས། དེ་ནི་ཡིད་རྟོན་བྱང་བུའི་ཀུང་ཟིའི་ཆེས་སྔ་བའི་རྣམ་པ་ཞིག་ཡིན།

སྤྱི་ལོ1952ལོར། ཨ་རིའི་གཱ་ལའེ་ཧྥོ་ཉེ་ཡཱ་གླིང་གི་ཧྥོ་ལན་ཁེ་ལན་རྒྱལ་དམངས་དངུལ་ཁང་གིས་དངུལ་རྩའི་སྒྲིག་གཞིའི་ངང་ནས་ཐོག་མར་ཡིད་རྟོན་བྱང་བུ་བཀྲམ་པ་ལ་ཐེངས་དང་པོའི་ཡིད་རྟོན་བྱང་བུའི་འགྲེམས་སྤེལ་བྱས་པའི་དངུལ་ཁང་ཟེར།

སྤྱི་ལོ1959ལོར། ཨ་རིའི་མེ་གླིང་དངུལ་ཁང་གིས་ཧྥོ་ཉེ་ཡཱ་གླིང་དུ་མེ་གླིང་དངུལ་ཁང་བྱང་བུ་འགྲེམས་སྤེལ་བྱས། དེ་རྗེས་སུ་གཅིག་རྗེས་གཉིས་མཐུད་དུ་དངུལ་ཁང་སོ་སོ་ནས་དངུལ་བྱང་བཀྲམ་བྱའི་རྣམ་པ་བྱུང་། དུས་རབས20ལོ་རབས60པར་སླེབས་པ་ན། ཡིད་རྟོན་དངུལ་བྱང་གི་རྣམ་པ་དེ་འཛམ་གླིང་གི་རྒྱལ་ཁབ་སོ་སོ་ནས་དགའ་བསུ་ཆེན་པོ་ཐུབ།

3 ཁྱད་ཆོས།

གཅིག བཅོལ་དངུལ་ལ་སྐུལ་འདེད་མི་བྱེད་པ་དང་། འཛད་སྤྱོད་བྱས་རྗེས་བུན་དངུལ་སྤྲོད་པ། བུན་དངུལ་གྱི་སྐྱེད་ཀ་མི་དགོས་པ་དང་། དུས་ཚིགས་ལྟར་བུན་དངུལ་སྤྲད་ཆོག

གཉིས། དེ་ནི་དེང་སྐབས་འཕེལ་རྒྱས་ཆེས་མགྱོགས་པའི་དངུལ་རྩའི་ལས་རིགས་ཀྱི་རྣམ་གྲངས་ཤིག་ཡིན།

གསུམ། དེ་ལ་སྤྲོད་དངུལ་དང་ཡིད་རྟོན་དངུལ་བུན་གཉིས་ཀྱི་བྱེད་ནུས་ལྡན།

བཞི། དངུལ་རྩའི་ལས་རིགས་དང་གློག་རྩིས་ལག་རྩལ་གཅིག་གྱུར་གྱི་ལག་རྩལ་མཐོ་བའི་ཐོན་རྫས་ཀྱི་རིགས་ཤིག་ཡིན།

ལྔ། ཤོག་དངུལ་ལག་ལེན་བཀོལ་སྤྱོད་ཀྱི་ཚད་དམའ་རུ་བཏང་བ།

དྲུག བསྡོམས་རྩིས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། ཉོ་སྒྲུབ་འཛད་སྤྱོད་སྟབས་བདེ་བཟོས་པ། བདེ་འཇགས་ཀྱི་འདུ་ཤེས་མཐོར་འདེགས་བཏང་བ།

བདུན། དངུལ་ལེན་གྱི་འགྲོ་ལུགས་སྟབས་བདེར་བཟོས་པ། སྤྱི་ཚོགས་ངལ་རྩོལ་ནུས་ཤུགས་གྲོན་ཆུང་བྱས་པ་རེད།

བརྒྱད། ཚོང་ཟོག་ཕྱིར་ཚོང་བྱེད་པར་སྐུལ་འདེད་གཏོང་ཐུབ་པ་དང་། སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་པ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-18

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།