ཐོ་དཔའ་སྡེ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐོ་དཔའ་སྡེ་བ་ནི་མཚོ་བྱང་ཁུལ་མདའ་བཞི་རྫོང་གི་སྔོན་གྱི་ཐོ་ལི་སོག་རིགས་ཡུལ་ཚོའི་མི་དམངས་སྲིད་གཞུང་གི་བྱང་ཕྱོགས་ཀྱི་སྤྱི་ལེ6གི་མཚམས་ཀྱི་ཐོ་ལི་ཐང་དུ་ཡོད་ལ། ད་ལྟ་ཝ་མགྱོགས་ཡུལ་ཚོར་གཏོགས་ཤིང་སོག་རིགས་གཙོ་བྱས་པའི་སྡེ་བ་ཞིག་ཡིན། ཐོ་དཔའ་ཞེས་པ་སོག་སྐད་ཡིན་ལ་གུག་འཁྱོག་གི་དོན་ཡིན་པ་དང་། སྡེ་བ་ཆགས་སའི་གནས་དེ་ནི་གུག་འཁྱོག་ཞིག་ཡིན་པས་མིང་ཡང་དེ་ལྟར་ཐོགས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
托华村
སྲིད་འཛིན་ཁོང་གཏོགས།
མཚོ་བྱང་ཁུལ་མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོ།
གནས་ཡུལ།
ཝ་མགྱོགས་ཡུལ་ཚོའི་བྱང་ཕྱོགས་ཀྱི་ཐོ་ལི་ཐང་དུ་ཡོད།
རྒྱ་ཁྱོན།
སྤྱིའི་རྒྱ་ཁྱོན་ལ་ས་མུའུ་ཁྲི29ཡོད།
མི་གྲངས།
སྤྱིའི་མི་གྲངས660ཡོད།
1 ངོ་སྤྲོད་མདོར་བསྡུས།

སྡེ་བ་འདིའི་སྤྱིའི་རྒྱ་ཁྱོན་ལ་ས་མུའུ་ཁྲི29ཡོད་པ་དང་། སྡེ་བའི་ནང་དུ་བོད་རིགས་དང་སོག་རིགས། རྒྱ་རིགས་དང་ཧུའེ་རིགས་བཅས་མི་རིགས4འདུས་སྡོད་བྱས་ཡོད། ཁྱོན་བསྡོམས་དུད་ཁྱིམ166ཡོད་པ་དང་མི་གྲངས660ཡོད་ལ། ཏང་ཡོན30དང་སྐར་བཅུ་རིམ་པའི་ཡ་རབས་དུད་ཁྱིམ28ཡོད། དེའི་ཁྲོད་གྲངས་ཉུང་མི་རིགས་ཀྱིས་སྡེ་བ་ཡོངས་ཀྱི་མི་གྲངས་ཀྱི95.2%ཟིན་ཡོད། སྡེ་བ་ཡོངས་ལ་བེད་སྤྱོད་བྱས་ཆོག་པའི་རྩྭ་ས་ལ་མུའུ་ཁྲི24ཡོད་པ་དང་། མི་རེའི་ཆ་སྙོམས་ཀྱིས་བཟུང་བའི་རྩྭ་ས་མུའུ340དང་། རྨོ་ཞིང་ས་མུའུ340དང་རྨོ་བསྐྱུར་ནགས་འདེབས་བྱས་པའི་ས་མུའུ241.2ཡོད། རིགས་སྣ་ཚོགས་ཀྱི་ཕྱུགས་ཟོག28963ཡོད་པ་དང་། ཆུ་གློག་ལམ་གསུམ་དང་བརྡ་འཕྲིན་སོགས་ཀྱིས་ཁེབས་ཚད89%ཡན་ཟིན་ཡོད། དཔེ་མཛོད་ཁང་གཅིག་དང་རིག་གནས་ལྟེ་བའི་དུད་ཁྱིམ་གཅིག སྡེ་བའི་ཚད་ལྡན་གྱི་འཕྲོད་བསྟེན་ཁང་གཅིག་བཅས་ཡོད་པ་དང་། སློབ་ལོ་རན་པའི་སློབ་མ་སློབ་གྲྭར་ཞུགས་ཚད་ཀྱིས100%ཟིན་ཡོད། མཚོ་ཤིན་གཞུང་ལམ་དང་མཚོ་བོད་ལྕགས་ལམ་ཡང་སྡེ་བ་འདིའི་བར་དཀྱིལ་བརྒྱུད་ཡོད་པས་འགྲིམ་འགྲུལ་སྟབས་བདེ་ཡིན། གནའ་འདིར་རི་དྭགས་ཀྱི་ཐད་ནས་གཡི་དཀར་དང་། ཝ། སྤྱང་ཀི། གོང་མོ། རྣ་གཡག་དང་གཉན། ཁ་ཤ་སོགས་རི་དྭགས་རྩ་ཆེན་མང་པོ་ཡོད།

བརྡ་འགྲེལ་གདོང་འཛར།

དུད་ཁྱིམ། སྡེ་བ། རྩྭ་ས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-03

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།