དེའུ་དྲུག་སྡེ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དེའུ་དྲུག་སྡེ་བ་ནི་མཚོ་བྱང་ཁུལ་མདའ་བཞི་རྫོང་གི་སྔོན་གྱི་ཐོ་ལི་སོག་རིགས་ཡུལ་ཚོ་མི་དམངས་སྲིད་གཞུང་གི་བྱང་ཕྱོགས་ཀྱི་སྤྱི་ལེ6གི་མཚམས་ཀྱི་ཐོ་ལི་ཐང་དུ་ཡོད་ལ། ད་ལྟ་ཝ་མགྱོགས་ཡུལ་ཚོར་གཏོགས། དེའུ་དྲུག་ཞེས་པ་ནི་སྡེ་བ་ཆགས་སའི་གནས་དེར་ཆེ་ཆུང་མི་འདྲ་བའི་དེའུ་འབུར་དྲུག་ཡོད་པས་ས་མིང་སྡེ་ལ་ཐོགས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
德州村
སྲིད་འཛིན་ཁོང་གཏོགས།
མཚོ་བྱང་ཁུལ་མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོ།
གནས་ཡུལ།
ཝ་མགྱོགས་ཡུལ་ཚོའི་བྱང་ཕྱོགས་ཀྱི་ཐོ་ལི་ཐང་དུ་ཡོད།
རྒྱ་ཁྱོན།
སྤྱིའི་རྒྱ་ཁྱོན་ལ་ས་མུའུ་ཁྲི35ཡོད།
མི་གྲངས།
སྤྱིའི་མི་གྲངས812ཡོད།
1 ​ངོ་སྤྲོད་མདོར་བསྡུས།

སྤྱི་ལོ1979ལོར་དེའུ་དྲུག་ཐོན་སྐྱེད་རུ་ཆེན་བཙུགས་པ་དང་། སྤྱིའི་རྒྱ་ཁྱོན་ལ་ས་མུའུ་ཁྲི35ཡོད། བོད་རིགས་དང་སོག་རིགས། རྒྱ་རིགས། ཧུའེ་རིགས་བཅས་མི་རིགས4འདུག་སྡོད་བྱས་ཡོད། ཁྱོན་བསྡོམས་དུད་ཁྱིམ195ཡོད་པ་དང་མི་གྲངས812ཡོད། ཏང་ཡོན33དང་སྐར་བཅུ་རིམ་པའི་ཡ་རབས་དུད་ཁྱིམ89ཡོད། དེའི་ཁྲོད་གྲངས་ཉུང་མི་རིགས་ཀྱིས་སྡེ་བ་ཡོངས་ཀྱི་མི་གྲངས་ཀྱི91.26%ཟིན་ཡོད། སྡེ་བ་ཡོངས་ལ་བེད་སྤྱོད་བྱས་ཆོག་པའི་རྩྭ་ས་མུའུ་ཁྲི30ཡོད་པ་དང་། མི་རེའི་ཆ་སྙོམས་ཀྱིས་བཟུང་བའི་རྩྭ་ས་མུའུ360དང་། རྨོ་ཞིང་ལ་ས་མུའུ900དང་རྨོ་བསྐྱུར་ནགས་འདེབས་བྱས་པའི་ས་ལ་མུའུ731ཡོད། རིགས་སྣ་ཚོགས་ཀྱི་ཕྱུགས་ཟོག35823ཡོད། ཆུ་གློག་ལམ་གསུམ་དང་བརྡ་འཕྲིན་སོགས་ཀྱིས་ཁེབས་ཚད89%ཡན་ཟིན་ཡོད། དཔེ་མཛོད་ཁང་གཅིག་དང་རིག་གནས་ལྟེ་བའི་དུད་ཁྱིམ་གཅིག ཚད་ལྡན་གྱི་འཕྲོད་བསྟེན་ཁང་གཅིག་བཅས་ཡོད། སློབ་ལོ་རན་པའི་སློབ་མ་སློབ་གྲྭར་ཞུགས་ཚད་ཀྱིས100%ཟིན་ཡོད། མཚོ་ཤིན་གཞུང་ལམ་དང་མཚོ་བོད་ལྕགས་ལམ་ཡང་སྡེ་བ་འདིའི་རྩྭ་ས་བརྒྱུད་ནས་འཐེན་ཡོད་པས་འགྲིམ་འགྲུལ་སྟབས་བདེ་ཡིན་ལ། དེའུ་དྲུག་བང་སོའི་གནའ་ཤུལ་ནི་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་བྱེད་གནས་སུ་བཞག་ཡོད། གནས་འདིར་རི་དྭགས་ཀྱི་ཐད་ནས་གཡི་དཀར་དང་ཝ། སྤྱང་ཀི། གོང་མོ། རྣ་གཡག་དང་གཉན། ཁ་ཤ་སོགས་རི་དྭགས་རྩ་ཆེན་གང་མང་ཞིག་ཡོད།

བརྡ་འགྲེལ་གདོང་འཛར།

སྤྱང་ཀི། གོང་མོ། རྣ་གཡག གཉན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-03

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།