མི་འབོར་གྱི་ལུས་པོའི་སྤུས་ཚད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མི་འབོར་གྱི་ལུས་པོའི་སྤུས་ཚད།
མིའི་ཚོགས་སྤྱིའི་ཆ་སྙོམས་ཀྱི་ལུས་པོའི་བདེ་ཐང་གི་གནས་ཚུལ་ལ་བསྟན་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
人口身体素质
1 ངོ་སྤྲོད།

མི་འབོར་གྱི་ལུས་པོའི་སྤུས་ཚད་ཅེས་པ་ནི་མིའི་ཚོགས་སྤྱིའི་ཆ་སྙོམས་ཀྱི་ལུས་པོའི་བདེ་ཐང་གི་གནས་ཚུལ་ལ་བསྟན་པ་ཡིན།

མིའི་ལུས་པོ་ནི་མ་ལག་སོ་སོས་གྲུབ་པའི་གཅིག་གྱུར་གྱི་ཕུང་བོ་ཆ་ཚང་ཞིག་ཡིན་ཞིང་། དེས་བར་མ་ཆད་པར་རྙིང་ཚབ་གསར་བྱེད་བྱས་ནས་མཐའ་འཁོར་གྱི་ཁོར་ཡུག་ལ་དངོས་པོ་དང་ནུས་ཚད། བརྡ་འཕྲིན་བཅས་ཐད་ཀྱི་བརྗེ་རེས་བྱེད། མི་འབོར་གྱི་ལུས་པོའི་སྤུས་ཚད་ཀྱི་བཟང་ངན་དེ་ཕྱོགས་གཅིག་ནས་རྒྱུད་འདེད་ཀྱི་རྒྱུ་རྐྱེན་ལ་རག་ལས་པ་དང་། ཕྱོགས་གཞན་ཞིག་ནས་ཁོར་ཡུག་གི་རྒྱུ་རྐྱེན་ལ་རག་ལས་ཡོད།

མི་འབོར་གྱི་ལུས་པོའི་སྤུས་ཚད་ལ་ཤུགས་རྐྱེན་གཏོང་བའི་ཁོར་ཡུག་གི་རྒྱུ་རྐྱེན་ཤིན་ཏུ་མང་སྟེ། ཐོག་མར་མིའི་རིགས་ཀྱིས་གསར་བཟོ་བྱས་པར་མ་ཟད། ད་དུང་དེའི་ཁྲོད་དུ་འཚོ་བ་རོལ་བཞིན་པའི་སྤྱི་ཚོགས་དཔལ་འབྱོར་གྱི་ཁོར་ཡུག་སྟེ། དེར་སྤྱི་ཚོགས་ཀྱི་ལམ་ལུགས་དང་དཔལ་འབྱོར་གྱི་རྣམ་པ། རིག་གནས་ཀྱི་སྲོལ་རྒྱུན། ཚན་རྩལ་ཤེས་བྱ། མི་ཆོས་ཀྱི་ཀུན་སྤྱོད་སོགས་འདུས་ཤིང་། དེ་ནི་མི་འབོར་གྱི་ལུས་པོའི་སྤུས་ཚད་ལ་ཤུགས་རྐྱེན་གཏོང་བའི་རྒྱུ་རྐྱེན་གཙོ་བོ་ཡིན།

2 རྒྱུ་རྐྱེན།
2_1 གདོད་སྐྱེས་ཁོར་ཡུག་གི་རྒྱུ་རྐྱེན།

དེ་ནི་གཙོ་བོ་ས་དབྱིབས་དང་དྲོད་ཚད། རླན་ཚད། ཆར་ཆུ་ལ་སོགས་པའི་རང་བྱུང་ཁོར་ཡུག་ལ་བསྟན་པ་ཡིན། ཁོར་ཡུག་གི་རྒྱུ་རྐྱེན་འདི་དག་མི་འབོར་གྱི་ལུས་པོའི་བདེ་ཐང་དང་འབྲེལ་བ་དམ་པོ་ཡོད། ས་ཁུལ་ཁ་ཤས་ཀྱི་ས་རྒྱུའི་ནང་དུ། མིའི་ལུས་པོར་མཁོ་བའི་གཞི་རྒྱུ་མི་འདང་བའམ་ཡང་ན་གཞི་རྒྱུ་ལ་ལ་མང་དྲགས་པས་ཡུལ་ནད་འབྱུང་ངེས།

2_2 བསྐྱར་སྐྱེས་ཁོར་ཡུག་གི་རྒྱུ་རྐྱེན།

དེ་ནི་གཙོ་བོ་མིའི་རིགས་ཀྱིས་ཤུགས་རྐྱེན་ཐེབས་པའི་ཁོར་ཡུག་གི་རྒྱུ་རྐྱེན་ལ་བསྟན་པ་ཡིན་ཏེ། དོན་དངོས་སུ་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་ནས་དེང་གི་དུས་འདིར་སླེབས་པ་ན། སའི་གོ་ལའི་སྟེང་དུ་མིའི་རིགས་ཀྱི་ཤུགས་རྐྱེན་མ་ཐེབས་པའི་ཁོར་ཡུག་ཧ་ལམ་ཡོད་མི་སྲིད་ཅེས་བརྗོད་ཆོག འདིར་གཙོ་བོར་དངོས་ལུགས་དང་རྫས་འགྱུར། སྐྱེ་དངོས་བཅས་ཕྱོགས་གསུམ་གྱི་ཐད་ནས་ཁོར་ཡུག་བཙོག་སྒྱུར་གྱིས་མི་འབོར་གྱི་ལུས་པོའི་སྤུས་ཚད་ལ་ཤུགས་རྐྱེན་གཏོང་བའི་སྐོར་གྲོས་བསྡུར་ཞིག་བྱ།

དེང་སྐབས་འགྲིམ་འགྲུལ་དང་གློག་འཕྲིན་ལས་རིགས་འཕེལ་རྒྱས་བྱུང་སྟེ། འཛེར་སྒྲ་དང་རླབས་ཕྲན་གྱི་འགྱེད་འཕྲོས་ཁོར་ཡུག་སྔར་ལས་ཇེ་བཙོག་ཏུ་གཏོང་བཞིན་ཡོད། ལྷག་པར་དུ་འགྲིམ་འགྲུལ་དང་བཟོ་ལས་ཀྱི་འཛེར་སྒྲ་གཙོར་བྱས་ནས་གྲོང་ཁྱེར་ལ་བཙོག་སྒྱུར་བྱས་པ་ཤིན་ཏུ་ཚབས་ཆེན་ཡིན། འཛེར་སྒྲས་མིའི་རྣ་བའི་ཚོར་ཤེས་ལ་གནོད་བསྐྱལ་བར་མ་ཟད། མིའི་དབང་རྩའི་མ་ལག་དང་སྙིང་ཁམས་ཁྲག་རྩའི་མ་ལག འཇུ་བྱེད་མ་ལག་སོགས་ལ་ཡང་གནོད་པ་ངེས་ཅན་ཞིག་བསྐྱལ་བཞིན་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-19

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།