རིག་གནས་ལྗོངས་ཁམས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རིག་གནས་ལྗོངས་ཁམས།
མི་རྣམས་ཀྱིས་རེ་འདུན་ག་གེ་མོ་ཞིག་སྐོང་བའི་ཆེད་དུ། རང་བྱུང་དངོས་སྤྱད་དེ་བཟོ་སྐྲུན་བྱས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
文化环境
1 ​ངོ་སྤྲོད།

རིག་གནས་ལྗོངས་ཁམས་ནི་མི་རྣམས་ཀྱིས་རེ་འདུན་ག་གེ་མོ་ཞིག་སྐོང་བའི་ཆེད་དུ། རང་བྱུང་དངོས་སྤྱད་དེ་བཟོ་སྐྲུན་བྱས་པ་ཞིག་ཡིན། དཔེར་ན། ཞིང་ས་དང་གཏེར་རི། འགྲོ་ལམ། གྲོང་ཁྱེར། གྲོང་སྡེབཅས་མིའི་རིགས་ཀྱི་འཚོ་གནས་དང་ཐོན་སྐྱེད་བྱེད་སྒོ་དང་འབྲེལ་བ་ཡོད་ལ། སློབ་གྲྭ་དང་ཁྲིམས་ཁང་། དྲན་གསོ་རྡོ་རིང་། གནའ་བོའི་བྲག་བརྐོས་རི་མོ་སོགས་ནི་མིའི་རིགས་ཀྱི་བསམ་པའི་འགྱུར་བ་ལས་བྱུང་བ་ཡིན། དེ་དག་ཚང་མ་མིའི་རིགས་ཀྱིས་རང་བྱུང་གི་དངོས་པོ་བེད་སྤྱད་དེ་ས་གཞིའི་ངོས་ནས་གསར་སྐྲུན་བྱས་པ་ཡིན།

2 ཁྱད་ཆོས་གཙོ་བོ།

རིག་གནས་ལྗོངས་ཁམས་ལ་ཁྱད་ཆོས་མང་བོ་ལྡན་ཡང་། དེ་ལས་ཁྱད་ཆོས་གཙོ་བོ་ནི་གནས་ཡུལ་རང་བཞིན་དང་དུས་རབས་རང་བཞིན་གཉིས་ཡིན།

2_1 གནས་ཡུལ་རང་བཞིན།

རིག་གནས་ལྗོངས་ཁམས་ཀྱི་གནས་ཡུལ་རང་བཞིན་དེ་ཕྱོགས་གཉིས་ནས་མཚོན་ཐུབ། ཐོག་མར། རིག་གནས་ལྗོངས་ཁམས་གང་ཞིག་ཡིན་རུང་ཚང་མས་རིག་གནས་ཡུལ་ངེས་ཅན་ཞིག་ཟིན་ཡོད། རིག་གནས་ལྗོངས་ཁམས་མི་འདྲ་བ་རེས་ཟིན་པའི་གནས་ཡུལ་གྱི་ཆེ་ཆུང་མི་འདྲ་ཞིང་། ཐ་ན་ཁྱད་པར་ཧ་ཅང་ཆེན་པོ་རྒྱུག་པ་རེད། གལ་སྲིད་རིག་གནས་ལྗོངས་ཁམས་རིགས་གཅིག་ཡིན་ཡང་། དེ་དག་ཕན་ཚུན་བར་ལའང་ཁྱད་པར་ཧ་ཅང་ཆེན་པོ་རྒྱུག་སྲིད་པ་རེད། དཔེར་ན། འཇིམ་རྐོས་ལྗོངས་ཁམས་ཡིན་པ་འདྲ་ཡང་། ལ་ཧྲི་མོར(拉什莫尔山)རི་བོའི་འཇིམ་རྐོས་ཀྱི་མཐོ་ཚད་ནི་ཕལ་ཆེར་སྨི་བརྒྱ་ཕྲག་ཡིན་ལ། དེ་ནི་ང་ཚོས་རྒྱུན་པར་མཐོང་བའི་གྲོང་ཁྱེར་གྱི་འཇིམ་རྐོས་ལས་ལྡབ་ཕྲག་མང་བོས་མཐོ་བ་རེད། རིག་གནས་ལྗོངས་ཁམས་ཀྱི་ཕན་ནུས་ཀྱི་དོན་སྙིང་དེ་གནས་ཡུལ་ཟིན་ཚད་ཆེ་མིན་ལ་རག་ལས་པ་གཏན་ནས་མིན་ནོ། །

རིག་གནས་ལྗོངས་ཁམས་ཀྱི་གནས་ཡུལ་རང་བཞིན་དེ་ད་དུང་རིག་གནས་ལྗོངས་ཁམས་རེ་རེའི་གནནས་ཡུལ་ལྟོས་བཅས་ཀྱིས་གཏན་འཇགས་ཡིན་པ་ལས་མཚོན་ཐུབ། རིག་གནས་ལྗོངས་ཁམས་ལ་ཏག་ཏག་དེ་འདྲའི་ཁྱད་ཆོས་ཡོད་པས། མི་རྣམས་ཀྱིས་ས་ཁུལ་མི་འདྲ་བ་རེའི་ལྟོས་བཅས་ཀྱིས་གཏན་འཇགས་ཡིན་པའི་རིག་གནས་ཀྱི་ཁྱད་པར་མངོན་གསལ་གྱིས་མཐོང་ཐུབ། དཔེར་ན། ཀྲུང་གོའི་ཤར་རྒྱུད་ཀྱི་བདེ་ཐང་ས་ཁུལ་དུ། སྐམ་ཞིང་དང་ཆུ་ཞིང་གཉིས་ཀྱི་གནས་ཡུལ་ནི་ལྟོས་བཅས་ཀྱིས་གཏན་འཇགས་ཡིན་པ་ལྟ་བུ།

2_2 དུས་རབས་རང་བཞིན།

རིག་གནས་ལྗོངས་ཁམས་གང་ཞིག་ཡིན་རུང་ཚང་མ་དུས་རབས་ངེས་ཅན་ཞིག་གི་ཐོན་དངོས་ཡིན་པས། དེར་དུས་རབས་དེའི་གསར་གཏོད་དམ་ཡང་ན་ཐོན་སྐྱེད་བྱེད་པའི་ཁྱད་ཆོས་ཡོད་པ་གདོན་མི་ཟ། དེ་ཡང་རིག་གནས་ལྗོངས་ཁམས་ཤིག་གནས་ཚེ། དེ་རྙིང་རལ་དུ་སོང་བ་འམ་ཡང་ན་ཆ་ཚང་བ་གང་ཡིན་རུང་དེའི་ཕན་ནུས་ལྡན་པ་རེད། དེའི་ཕན་ནུས་ད་ལྟའི་བར་ཅི་ཡང་མི་འགྱུར་བར་གནས་སྲིད་པའམ་ཡང་ན་ཁག་ཅིག་འགྱུར་ནས་གནས་ཀྱང་སྲིད། རིག་གནས་ལྗོངས་ཁམས་ཀྱི་ཕན་ནུས་འགྱུར་ལྡོག་བྱུང་བ་ཡིས་དེའི་གནས་ཡུལ་གྱི་རིག་གནས་འཕོ་འགྱུར་བྱུང་བ་མཚོན་པ་རེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-23

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།