མངག་འདྲེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མངག་འདྲེན།
ཟོག་འགྲིམས་ཀྱི་རྣམ་པའི་རིགས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
托运
ཕྱི་ཡིག་གི་མིང་།
Cargo Shipping
1 ངོ་སྤྲོད།

མངག་འདྲེན་ནི་ཟོག་འགྲིམས་ཀྱི་རྣམ་པའི་རིགས་ཤིག་ཡིན། མངག་འདྲེན་མཁན་གྱིས་སྐྱེལ་འདྲེན་བྱ་བྱའི་དངོས་ཟོག་མངགས་འདྲེན་ཐུན་གཉེར་ཀུང་ཟིར་མངགས་བཅོལ་བྱས་ཏེ་དངོས་ཟོག་སྐྱེན་འདྲེན་བྱས་ནས་དམིགས་སའི་གནས་ཁུལ་དུ་སྐྱེལ་བ་དང། དངོས་ཟོག་རྩིས་ལེན་བྱེད་མཁན་གྱི་ཞབས་ཞུའི་རེ་བ་སྐོང་བཞིན་ཡོད།

མངག་འདྲེན་གྱི་སྐྱེལ་ཐབས་མི་འདྲ་བར་བརྟེན་ནས་དབྱེ་ན། མཚོ་ཐོག་མངག་འདྲེན་དང་། སྐམ་སའི་མངག་འདྲེན། མཁའ་ལམ་མངག་འདྲེན་སོགས་ཡོད།

2 མཉམ་འཇོག་བྱ་དགོས་ས།

གཅིག ཤོག་སྒམ་གྱི་ཆེ་ཆུང་ཚད་འཇལ་བྱས་ཏེ་ཤོག་སྒམ་རེ་རེའི་ལྗིད་ཚད་ལ་གཏན་འཁེལ་བྱས་ཡོད་པ།

གཉིས། འཆར་གཞི་ཡོད་པའི་སྒོ་ནས་མངགས་འདྲེན་དངོས་ཟོག་དུས་ཚོད་རེའུ་མིག་བཟོ་བ། དུས་ཚོད་ནམ་ཞིག་ལ་མངགས་འདྲེན་ཀུང་ཟི་གང་ཞིག་སྤྲོད་པ་དང་། དུས་ཡུན་ག་ཚོད་ནས་དམིགས་བསལ་ས་ཁུལ་གང་ཞིག་ལ་སྐྱེལ་འདྲེན་བྱེད་པ།

གསུམ། དོགས་ཟོན་བྱ་རྒྱུ་ཞིག་ལ། ཀུང་ཟི་ལ་ལས་ངེས་མེད་ཀྱིས་རིན་གོང་མར་འཕེན་པ། རིན་གོང་མ་སྤྲད་པའི་སྔོན་ལ་བསམ་བློ་ཞིབ་མོར་གཏོང་དགོས་པ་དང་། དངོས་ཟོག་གི་རིན་གོང་ལས་གཞན་པའི་འགྲོ་གྲོན་བསྡུ་རྒྱུ་ཡོད་མེད་གསལ་བོར་འདྲི་དགོས།

བཞི། རིན་གོང་སྤྲོད་སྐབས། མངགས་སྐྱེལ་ཐུན་གཉེར་ཁང་གིས་ཁ་ནས་བཤད་མ་ཐག་པའི་རིན་གོང་ལྟར་མི་སྤྲོད་པར་རྣམ་གྲངས་རེའུ་མིག་ཁྲོད་ཀྱི་རིན་གོང་ལ་གསལ་བོར་བལྟས་རྗེས་ད་གཟོད་ཤོག་དངུལ་སྤྲོད་དགོས།

ལྔ། རང་ཉིད་ཀྱིས་མངག་འདྲེན་དངོས་ཟོག་ལ་རང་ནས་ཁེག་ཐེག་དཔང་ཡིག་མི་ཉོ་བར་འཚལ།

དྲུག རང་གི་ཁ་གཏད་ཡུལ་ཏེ་མངགས་འདྲེན་ཐུན་གཉེར་ཁང་གི་ཞབས་ཞུར་མཐོང་ཆུང་བྱེད་མི་རུང་།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-12

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།