རྒྱུ་དངོས་གཏའ་འཇོག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱུ་དངོས་གཏའ་འཇོག
རིན་ཚད་དངུལ་གྲངས་དེ་ལས་མཐོ་བའི་དངོས་པོ་གཏའ་མར་བཞག་ནས་དངུལ་བུན་བླངས་ཏེ་སླད་མར་དུས་བཅད་ལྟར་རིམ་པར་འཇལ་བའོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
抵押
ཕྱི་ཡིག་གི་མིང་།
mortgage
1 ངོ་སྤྲོད།

རིན་ཚད་དངུལ་གྲངས་དེ་ལས་མཐོ་བའི་དངོས་པོ་གཏའ་མར་བཞག་ནས་དངུལ་བུན་བླངས་ཏེ་སླད་མར་དུས་བཅད་ལྟར་རིམ་པར་འཇལ་བའོ། །

རྒྱུ་དངོས་གཏའ་མ་འཇོག་མཁན་དང་བུན་བདག་གིས་ཡིག་ཐོག་གི་རྣམ་པ་ལ་བརྟེན་ནས་ཁ་ཆད་ལྟར་གཏའ་དངོས་སྤོ་སྒྱུར་བྱེད་མི་ཆོག་པ་དང་། གཏའ་མའི་རྒྱུ་ནོར་བུན་བདག་གིས་བདག་བཟུང་བྱ་རྒྱུ། བུ་ལོན་འཇལ་མཁན་གྱིས་དུས་བཅད་ལྟར་བུ་ལོན་མ་འཇལ་ཚེ། བུན་བདག་གིས་ཁྲིམས་ལྟར་རྒྱུ་ནོར་དེ་དག་དངུལ་རིན་དུ་ཕབ་པའམ་ཡང་ན་བཙོང་སྟེ། ཚོང་སྒྱུར་བྱས་ནས་ཐོབ་པའི་རིན་དངུལ་གྱིས་སྐྱིན་ཚབ་རྒྱག་པ་ལ་ཟེར།

2 རྒྱུ་དངོས་གཏའ་འཇོག་གི་ཁྱད་ཆོས།

གཅིག རྒྱུ་དངོས་གཏའ་མ་འཇོག་མཁན་དང་བུན་བདག་གིས་ཡིག་ཐོག་གི་རྣམ་པ་ལ་བརྟེན་ནས་ཁ་ཆད་ལྟར་རྒྱུ་དངོས་གཏའ་འཇོག་གི་གན་རྒྱ་འབྲི་བ། 《འགན་ལེན་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》དོན་ཚན་སོ་བརྒྱད་པ།(རྒྱུ་དངོས་གཏའ་མ་འཇོག་མཁན་དང་བུན་བདག་གིས་ཡིག་ཐོག་གི་རྣམ་པ་ལ་བརྟེན་ནས་ཁ་ཆད་ལྟར་རྒྱུ་དངོས་གཏའ་འཇོག་གི་གན་རྒྱ་འཇོག་དགོས།)

གཉིས། ཁ་ཆད་ལྟར་རྒྱུ་དངོས་གཏའ་འཇོག་དེ་ནོར་བདག་གིས་བདག་བཟུང་བྱས་ཏེ་གཞན་ལ་སྤོ་སྒྱུར་བྱེད་མི་ཆོག་པ།

《འགན་ལེན་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》དོན་ཚན་སོ་གསུམ་པ།

གསུམ། བུ་ལོན་འཇལ་མཁན་གྱིས་དུས་བཅད་ལྟར་བུ་ལོན་མ་འཇལ་ཚེ། བུན་བདག་གིས་ཁྲིམས་ལྟར་རྒྱུ་ནོར་དེ་དག་དངུལ་རིན་དུ་ཕབ་པའམ་ཡང་ན་བཙོང་སྟེ། ཚོང་སྒྱུར་བྱས་ནས་ཐོབ་པའི་རིན་དངུལ་གྱིས་སྐྱིན་ཚབ་རྒྱག་པ།

3 རིགས་དབྱེ།
3_1 འགྱུར་མེད་རྒྱུ་དངོས་ཀྱི་རྒྱུ་དངོས་གཏའ་འཇོག

དེ་ནི་གཏའ་བཞག་རྒྱུ་དངོས་འགྱུར་བ་མེད་ལྟར་གཏན་འཁེལ་བྱས་པའི་རྒྱུ་དངོས་གཏའ་འཇོག

3_2  ཉེར་སྤྱོད་རྒྱུ་རྫས་ཀྱི་རྒྱུ་དངོས་གཏའ་འཇོག

དེ་ནི་ཉེར་སྤྱོད་རྒྱུ་དངོས་ལྟར་གཏན་འཁེལ་བྱས་པའི་རྒྱུ་དངོས་གཏའ་འཇོག

3_3 ཁེ་དབང་རྒྱུ་དངོས་གཏའ་འཇོག

དེ་ནི་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་རྒྱུ་ནོར་གྱི་ཁེ་དབང་སྣ་ལྟར་རྒྱུ་དངོས་གཏའ་འཇོག་དངོས་རྫས་བྱ་ཡུལ་གྱི་རྒྱུ་དངོས་གཏའ་འཇོག

3_4 ནོར་ཚོགས་རྒྱུ་དངོས་གཏའ་འཇོག

དེ་ལ་ཁེ་ལས་རྒྱུ་དངོས་གཏའ་འཇོག་ཀྱང་ཟེར་ལ། རྒྱུ་ནོར་གཏའ་མ་འཇོག་མཁན་གྱིས་འགྱུར་མེད་རྒྱུ་དངོས་དང་ཉེར་སྤྱོད་རྒྱུ་དངོས། ད་དུང་ཁེ་དབང་རྒྱུ་དངོས་གཏའ་འཇོག་བཅས་ཀྱི་ཚོགས་སྤྱིའི་མ་ལག་ལྟར་རྒྱུ་དངོས་གཏའ་འཇོག་དངོས་རྫས་བྱ་ཡུལ་གྱི་རྒྱུ་དངོས་གཏའ་འཇོག་དེ་ལ་ཟེར།

3_5 ཐུན་མོང་གི་རྒྱུ་དངོས་གཏའ་འཇོག

དེ་ལ་ཕྱོགས་བསྡུས་ཀྱི་རྒྱུ་དངོས་གཏའ་འཇོག་ཀྱང་ཟེར་ཏེ། གཅིག་མཚུངས་ཀྱི་བུན་དབང་གི་འགན་ཐེག་ལས་མི་གཅིག་པའི་རྒྱུ་ནོར་ལྟར་གཏན་འཁེལ་བྱས་པའི་རྒྱུ་དངོས་གཏའ་འཇོག་གོ །

3_6 ​གྲངས་ཚད་མཐོ་ཤོས་ཀྱི་རྒྱུ་དངོས་གཏའ་འཇོག

དེ་ནི་རྒྱུ་ནོར་གཏའ་མ་འཇོག་དང་བུན་བདག་གཉིས་བར་གྱི་གྲོས་ཆིངས་ཏེ་། གྲངས་ཚད་མཐོ་ཤོས་ཀྱི་གཏའ་དངོས་ལ་ཚོད་འཛིན་བྱས་ནས་གཏའ་བཞག་རྒྱུ་དངོས་དུས་ཚོད་ངེས་ཅན་ཞིག་གི་ཁྲོད་བསྟུད་མར་བྱུང་བའི་བུན་དབང་གི་ཁག་ཐེག་དེར་གོ་དགོས། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-19

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།