དྲིལ་བསྒྲགས་གློག་བརྙན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དྲིལ་བསྒྲགས་གློག་བརྙན།
དྲིལ་བསྒྲགས་དང་སྐུལ་སློང་གི་ཆེད་དུ་བརྙན་དུ་ཕབ་པའི་གློག་བརྙན་གྱི་རིགས་ཤིག་གོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
宣传片
ཕྱི་ཡིག་གི་མིང་།
promotion video
1 ​རྒྱས་འགྲེལ།

དྲིལ་བསྒྲགས་དང་སྐུལ་སློང་གི་ཆེད་དུ་བརྙན་དུ་ཕབ་པའི་གློག་བརྙན་གྱི་རིགས་ཤིག་གོ། །དེ་ནི་བརྙན་འཕྲིན་དང་གློག་བརྙན་སོགས་སྒྲིག་སྦྱོར་གྱི་རྣམ་པའི་མཚོན་ཐབས་ཤིག་ཡིན་ལ། ཁེ་ལས་ནང་ཁུལ་གྱི་རིམ་པ་སོ་སོའི་གཙོ་གནད་ཀྱི་ཁག་དེ་ལ་དམིགས་ཡུལ་ཡོད་པ་དང་། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་ཇུས་འགོད་དང་པར་ལེན། སྒྲ་ཕབ། དྲས་སྒྲིག དབྱངས་སྡེབ། དབྱངས་སྦྱར་སོགས་ཡུག་གཅིག་འདྲེས་པ་ལས་གྲུབ་པའི་གློག་བརྙན་ལ་གོ། །དེའི་དམིགས་ཡུལ་ནི་འབུར་དུ་ཐོན་པའི་ཁེ་ལས་ཀྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་དང་ཁེ་ལས་ཀྱི་སྟོབས་ཤུགས་ཕྱིར་རུ་མངོན་པ་དང་། སྤྱི་ཚོགས་ཀྱི་ཚད་རིམ་མི་འདྲ་བའི་ཐོག་ནས་ཁེ་ལས་མི་སྣས་ཁེ་ལས་ཐོན་སྐྱེད་ལ་བཟུང་བའི་བག་ཆགས་ཡག་ཤོས་དང་། དང་ཐོག་ཁེ་ལས་བཙུགས་པ་དང་འབྲེལ་བའི་ཁེ་ལས་ལས་དོན་ལ་དགའ་མགུ་དང་ཡིད་ཆེས་ཚད་མེད་བྱེད་པའི་ཀུན་སློང་གཙང་མ་དག་ལ་བརྟེན་ནས་ཁེ་ལས་ཀྱི་ཐོན་རྫས་དང་ཞབས་ཞུའི་སྤུས་ཚད་དྲིལ་བསྒྲགས་བྱེད་པ་ཞིག་གོ། །

2 བྱེད་ནུས།

དྲིལ་བསྒྲགས་གློག་བརྙན་ནི་མིག་སྔར་ཁེ་ལས་ཀྱི་སྣང་བརྙན་ཁྱབ་སྒྲོག་བྱེད་པར་ཆེས་བཟང་པོའི་བྱེད་ཐབས་གཙོ་བོ་ཞིག་ཡིན། དེས་ཁེ་ལས་ཀྱི་སྣང་བརྙན་མཐོར་འདེགས་བཏང་སྟེ། ཚད་རིམ་གསར་བ་ཞིག་ཏུ་སླེབས་པར་ཕན་ནུས་གལ་ཆེན་འདོན་ཡོད་པ་དང་། ཁེ་ལས་ཀྱི་ཐོན་རྫས་དང་ཞབས་ཞུ་གནས་ཚུལ་མང་ཚོགས་གི་མིག་ངོར་འགྲེམས་སྟོན་བྱེད་ཐུབ། གསལ་ཞིང་ཞིབ་ཕྲའི་སྒོ་ནས་ཐོན་རྫས་ཀྱི་བྱེད་ནུས་དང་བཀོལ་སྤྱོད་ཀྱི་ཁྱབ་ཁོངས། ཐུན་མོང་མ་ཡིན་པའི་ཁྱད་ཆོས་སོགས་ངོ་སྤྲོད་བྱས་པ་བརྒྱུད་ཁེ་ལས་ཀྱི་རིག་གནས་འདུ་ཤེས་སོགས་ཀུན་ལ་ཁྱབ་བསྒྲགས་བྱེད་པ་ཡིན།

དྲིལ་བསྒྲགས་གློག་བརྙན་ཞིག་སྒྲིག་སྦྱོར་བྱེད་པའི་གོ་རིམ་ཁྲོད། ཇུས་འགོད་དང་གསར་གཏོད་ཀྱི་འདུ་ཤེས་ནི་ཐོག་དང་པོར་བསྒྲུབ་དགོས་པ་ཞིག་ཡིན། བློ་ཞིབ་མོས་ཇུས་འགོད་བྱེད་པ་དང་ཕུལ་བྱུང་གི་གསར་གཏོད་ནི་ཆེད་དོན་གློག་བརྙན་གྱི་བླ་སྲོག་ཡིན།

དེར་བརྟེན། ཁེ་ལས་ཀྱི་དྲིལ་བསྒྲགས་གློག་བརྙན་ཞིག་ལ་མཚོན་ནས་བཤད་ན། དྲིལ་བསྒྲགས་ནི་ཁེ་ལས་ཀྱི་ལས་མི་ཞིག་དང་འདྲ་བར། དཔེར་ན།འགྲེམས་སྟོན་དང་ཚོང་འགུགས། མཐུད་སྣེ་ཚོང་ཁང་། འོས་འགུགས་ཚོགས་འདུ་སོགས་གང་ཞིག་ཡིན་ཡང་མེད་དུ་རུང་ངོ་། །

3 རིགས་དབྱེ།
3_1 ཁེ་ལས་དྲིལ་བསྒྲགས་གློག་བརྙན།

དཔེར་ན། ཁེ་ལས་ཀྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་དང་ཁེ་ལས་ཀྱི་སྟོབས་ཤུགས་ཕྱིར་རུ་མངོན་པ་དང་། སྤྱི་ཚོགས་ཚད་རིམ་མི་འདྲ་བའི་ཐོག་ནས་ཁེ་ལས་མི་སྣས་ཁེ་ལས་ཐོན་སྐྱེད་ལ་བཟུང་བའི་བག་ཆགས་ཡག་ཤོས་དང་། ཁེ་ལས་ལས་དོན་ལ་དགའ་མགུ་དང་ཡིད་ཆེས་ཚད་མེད་བྱེད་པའི་ཀུན་སློང་གཙང་མ་དག་དྲིལ་བསྒྲགས་བྱེད་པ་ལྟ་བུ།

3_2 ཐོན་རྫས་དྲིལ་བསྒྲགས་གློག་བརྙན།

དཔེར་ན། ཐོན་རྫས་ཀྱི་ཕན་ནུས་དང་བཀོལ་སྤྱོད་རིན་ཐང་། ཐོན་རྫས་ཀྱི་ཁྱད་ཆོས་སོགས་གཞན་ལ་དྲིལ་བསྒྲགས་བྱེད་པ་ལྟ་བུ།

3_3 བྱ་འགུལ་དྲིལ་བསྒྲགས་གློག་བརྙན།

དཔེར་ན། ཀུང་སི་གཉེར་བའི་ཕྱིར་ཚོང་མཁན་ཚོགས་ཆེན་དང་། རྟེན་འབྲེལ་མཛད་སྒོ། སློབ་གསོའི་གསོ་སྦྱོང་ཚོགས་འདུ། སྒེར་གྱི་གཉེན་སྟོན་མཛད་སྒོ་སོགས་ལྟ་བུ།

3_4 སྣང་བརྙན་དྲིལ་བསྒྲགས་གློག་བརྙན།

དཔེར་ན། བརྒྱུད་བསྒྲགས་ཐོན་རྫས་གྲགས་ཅན་དང་། ཁེ་ལས་རིག་གནས། ཞབས་ཞུའི་འདུ་ཤེས། ཆེད་ལས་ཀྱི་སྟོབས་ཤུགས། ཞིབ་འཇུག་གི་གྲུབ་འབྲས་སོགས་ལྟ་བུ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-11

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།