ཞན་གྲུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞན་གྲུག
ལྕགས་ཀྱི་ལྒང་བུར་ཞ་ཉེ་བླུགས་པའི་འཕེན་རྩལ་འགྲན་བྱེད་ཀྱི་ཡོ་བྱད་ཅིག་གོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
铅球
ཕྱི་ཡིག་གི་མིང་།
horror movi
1 རྒྱས་འགྲེལ།


ལྕགས་ཀྱི་ལྒང་བུར་ཞ་ཉེ་བླུགས་པའི་འཕེན་རྩལ་འགྲན་བྱེད་ཀྱི་ཡོ་བྱད་ཅིག་གོ །དེ་ནི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་བྱ་འགུལ་ཞིག་ཡིན་ཏེ། གཟུགས་གཞིར་སྟོབས་ཤུགས་ཇེ་རྒྱས་སུ་གཏོང་བ་དང་། ཁྱད་པར་དུ་བྱང་ཁོག་གི་ནུས་པ་དང་ཡན་ལག་གི་སྟོབས་ཤུགས་རྒྱས་པ་སོགས་ལ་མངོན་གསལ་གྱི་ཕན་ནུས་ཆེན་པོ་ཡོད། ཆེས་སྔ་བའི་ཞན་གྲུག་གི་རྣམ་པ་ནི་གནས་གཅིག་ནས་འཕེན་རྩལ་སྦྱོང་བ་དེ་རེད། རྗེས་སུ་འཕེན་ཐབས་ལ་འཕོ་འགྱུར་སྣ་ཚོགས་བྱུང་བ་སྟེ། དཔེར་ན།མདུན་ཕྱོགས་སུ་ཁ་གཏད་ནས་འཕེན་པ་དང་། གོམ་འདྲུད་ཀྱི་རྣམ་པའི་ཕྱོགས་སུ་འཕེན་པ། ལྕགས་ཀྱི་ལྒང་བུར་ཞ་ཉེ་བླུགས་པ་བྱུང་བར་བརྟེན་ནས་རྡོ་ལོག་གིས་ཚབ་བྱས་པ་མ་ཟད། དེང་རབས་ཞན་གྲུག་གི་ཐད་ཀའི་འབྱུང་ཁུངས་ཡང་བྱུང་བ་རེད།

2 ལོ་རྒྱུས་འཕེལ་རིམ།

ཞན་གྲུག་གི་ཐོག་མའི་འབྱུང་ཁུངས་ནི་མིའི་རིགས་ཀྱིས་རྡོ་ལོག་འཕེན་པ་བརྟེན་ནས་རི་དྭགས་རྔོན་པའི་བྱ་འགུལ་གྱི་རྣམ་པ་ཞིག་ཡིན། དེང་རབས་ཞན་གྲུག་འཕེན་པ་དེ་དུས་རབས14བའི་ལོ་རབས40བའི་སྐབས་སུ། ཨོ་གླིང་གི་སྒྱོགས་དམག་གིས་ཁོམ་ལོང་གི་དུས་སུ་སྒྱོགས་མདེལ་འཕངས་ནས་རྩེད་འཇོ་ལ་རོལ་བ་དང་འགྲན་བསྡུར་བྱེད་པའི་རྣམ་པ་ཞིག་ཡིན་ལ། རྗེས་སུ་རིམ་བཞིན་འཕེལ་རྒྱས་བྱུང་ནས་ལུས་རྩལ་གྱི་རྣམ་གྲངས་ཤིག་ཏུ་གྱུར།  

ཞན་གྲུག་གི་རྒྱུ་ཆ་ལ་ལྕགས་དང་ཞ་ཉེ་གཙོ་བོ་བྱེད་པ་དང་། འགྲན་བསྡུར་དངོས་ལ་ཞུགས་པའི་སྐྱེས་པ་ཚོའི་ཞན་གྲུག་གི་ལྗིད་ཚད་ལ་སྤྱི་རྒྱ7﹒26དང་། ཚངས་ཐིག་ཏིན11~12བར་ཡིན། སྐྱེས་མའི་ཞན་གྲུག་གི་ལྗིད་ཚད་ལ་སྤྱི་རྒྱ4དང་། ཚངས་ཐིག་ཏིན9﹒5~11བར་ཡིན། ཆེས་སྔ་བའི་ཞན་གྲུག་གི་འཕེན་ཐབས་ལ་གཏན་འཁེལ་མེད་པར་གནས་གཅིག་ནས་འཕེན་པ་དང་། རྒྱུག་ནས་འཕེན་པ། ལག་པ་ཡ་གཅིག་གིས་འཕེན་པ། ལག་པ་གཉིས་ཀྱིས་འཕེན་ཆོག་པ་མ་ཟད། ད་དུང་མིའི་ལུས་ཕུང་གི་ལྗིད་ཚད་ལྟར་འགྲན་བསྡུར་བྱེད་པ་ཞིག་ཡིན།

དུས་རབས20བའི་ལོ་རབས50བར། ཨ་རིའི་ལུས་རྩལ་པ་ཨོ་པོ་ལའེ་ཨན་གྱིས་གོམ་འདྲུད་ཀྱི་རྣམ་པའི་ཞན་གྲུག་འཕེན་ཐབས་གསར་གཏོད་བྱས་པ་དེར་ཞན་གྲུག་ལོ་རྒྱུས་སྟེང་གི་གསར་བརྗེ་ཐེངས་ཤིག་ཟེར། རྗེས་སུ་རིམ་བཞིན་འཛམ་གླིང་ཡོངས་ལ་དར་ཁྱབ་ཏུ་སོང་ནས་མང་ཚོགས་ཀྱིས་དགའ་བསུ་ཐོབ་པའི་ལུས་རྩལ་འགྲན་བསྡུར་གྱི་རྣམ་གྲངས་ཤིག་ཏུ་གྱུར་ཏེ། སྤྱི་ལོ1896ལོར། སྐབས་དང་པོའི་དེང་རབས་ཨོ་རྩལ་འགྲན་བསྡུར་ཁྲོད་ཀྱི་ལུས་རྩལ་འགྲན་བསྡུར་གྱི་རྣམ་གྲངས་ཤིག་ཏུ་གྱུར་ཏོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-11

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།