འཇིགས་རུང་གློག་བརྙན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འཇིགས་རུང་གློག་བརྙན།
ལྟ་མཁན་གྱི་སེམས་ལ་འཇིགས་སྣང་སྐུལ་བའམ་འཇིགས་སྐྲག་གི་རྣམ་པས་ཁེངས་པར་བྱེད་པའི་གློག་བརྙན་གྱི་རིགས་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
恐怖片
ཕྱི་ཡིག་གི་མིང་།
science fiction film
1 ངོ་སྤྲོད།

ལྟ་མཁན་གྱི་སེམས་ལ་འཇིགས་སྣང་སྐུལ་བའམ་འཇིགས་སྐྲག་གི་རྣམ་པས་ཁེངས་པར་བྱེད་པའི་གློག་བརྙན་གྱི་རིགས་ལ་ཟེར། ལྟ་མཁན་ལ་འཇིགས་སྐྲག་གི་སྣང་བརྙན་གསར་བཞེངས་བྱ་རྒྱུ་གཙོ་བོར་དམིགས་པའི་གློག་བརྙན་གྱི་རིགས་ཤིག་གོ། །ནང་དོན་གཙོ་བོ་ནི་ཧམ་ཆེན་སངས་ནས་འཇིགས་སྐུལ་བསླངས་པ། གདོན་བགེགས་འགལ་རྐྱེན་ཞིབ་འབྲི་བྱས་པ་བརྒྱུད་ནས་སྲོག་ཆགས་གཏུམ་དྲག་ཅན་གྱིས་མི་སོགས་ཟ་བ་བརྙན་དུ་ཕབ་པ་དང། འཇིགས་སྐུལ་གྱི་རི་མོ་སྣ་ཚོགས་བཀོད་འབྲི་བྱས་ཏེ་ས་འགུལ་དང་དེ་བཞིན་ཉིང་རྡུལ་དམག་འཁྲུག་སོགས་ཀྱི་སྡུག་བསྔལ་འུད་ཆེན་པོའི་སྒོ་ནས་མཚོན་པར་བྱེད་པའོ། །

2 ལོ་རྒྱུས་ཀྱི་འཕེལ་རིམ།

འཇིགས་རུང་གློག་བརྙན་ནི་འཛམ་གླིང་གི་ག་ས་གང་དུ་དར་རྒྱས་ཤིན་ཏུ་ཆེ། ནང་དོན་མང་ཆེ་བ་ཁྱད་མཚར་ཆེ་བའི་སྒྲུང་གཏམ་ཟེར་སྒྲོས་དག་གམ་ཡང་དངོས་ཡོད་འཚོ་བ་ཁུངས་ལུང་བྱས་ནས་བྱུང་བ་ཡིན། ལོ་རབས30བའི་དུས་ནས་བཟུང་། འཇིགས་རུང་གློག་བརྙན་གྱིས་བསམ་བློའི་དོན་སྙིང་ནན་མོ་བྱེད་པ་དང་གནས་ལུགས་བརྗོད་པ་གཙོ་བོར་འཛིན། དཔེར་ན། ཨ་མེ་རི་ཁའི་འཁྲབ་ཚན《འབུམ་རམས་པའི་སྤྲུལ་སྐུ》དང་ཀྲུང་གོའི་གློག་བརྙན་འཁྲབ་ཚན《མཚན་ཕྱེད་ཀྱི་གླུ་སྐད》ད་དུང་ལོ་རབས40བའི་སྐབས་སུ་འཁྲབ་པའི《བཀྲ་མི་ཤིས་པའི་ཁང་པ་ཨང་བཅུ་གསུམ་པ》སོགས་ལྟ་བུ།

འཇིགས་རུང་གློག་བརྙན་གྱི་འཕེལ་དར་གྱི་རྣམ་པ་ནི་འཇིགས་སྐུལ་ཁོ་ན་མཚོན་པའི་ཟློས་གར་ལ་བརྟེན་ནས་ལྟ་མོ་བའི་མིག་དབང་འགུག་པ་ཞིག་མ་ཡིན་པར། ཐད་ཀར་དུ་ཁྲག་ཁུ་དང་ཁྲག་དྲི་བྲོ་བའི་འགལ་བ་ཕོག་ཐུག་གིས་ལྟ་མོ་བའི་མཐོང་ལམ་ནས་མི་དམར་གསོད་དང་འགྱུར་རྣམ་གྱི་ཚོར་བ་སྦྱིན་པ་ཞིག་ཡིན། བརྒྱུད་རིམ་གལ་ཆེན་ཞིག་གི་སྒོ་ནས་འཇིགས་སྐྲག་གི་ཚོར་བ་དེ་དངངས་ཚབ་ཀྱི་གློག་བརྙན་ཞིག་གིས་སྟེང་ནས་མངོན་པ་ཞིག་ཡིན།

3 རིགས་དབྱེ།
3_1 ཀྲུང་གོའི་ཏའོ་ཆོས་ཀྱི་རིགས།

ཀྲུང་གོའི་ཏའོ་ཆོས་ཀྱི་རིགས་ཀྱི་ཚབ་མཚོན་གློག་བརྙན་ནི་ལིན་ཀྲིན་ཡུན་ཡིན།

3_2 སྐོར་མཐུད་ལག་དམར་བའི་རིགས།

དེ་ནི་འཇིགས་རུང་གློག་བརྙན་གྱི་དཔེར་འོས་དཔེ་སྟོན་གྱི་གྲས་ཤིག་ཡིན། དཔེར་ན།  《ཟླ་འོད་ལམ་ལམ་དང་སེམས་པ་ལྟབ་ལྟེབ》ལྟ་བུའོ། །

3_3 བདུད་འདྲེ་གདོན་བགེགས་ཀྱི་རིགས།

དཔེར་ན།  《འདྲེ་ཁང》དང《འདྲེ་འདུལ་བ》སོགས་ལྟ་བུ།

3_4 ​བམ་རོ་མྱང་རོའི་རིགས།

དེ་ནི་རང་རྒྱལ་དུ་གྲགས་ཆེ་བའི་སྐུ་ཞབས་ལིན་ཀྲིན་ཡུན་ལགས་ཀྱིས་གཙོ་འཁྲབ་བྱས་པའི་བམ་རོ་གློག་བརྙན《འོད་སྟེང་གི་གྲོང་ཁྱེར》དང《ཐོག་ཁང་ནང་དུ་གློ་བུར་དུ་བྱུང་བའི་འདྲེ》སོགས་ལྟ་བུ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-11

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།