ཚན་འཕྲུལ་གློག་བརྙན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚན་འཕྲུལ་གློག་བརྙན།
ཚན་རིག་གི་རྟོག་སྨོན་ལས་བརྩམས་པའི་གློག་བརྙན་གྱི་རིགས་ཤིག་གོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
科幻片
ཕྱི་ཡིག་གི་མིང་།
science fiction film
1 ངོ་སྤྲོད།

ཚན་རིག་གི་རྟོག་སྨོན་ལས་བརྩམས་པའི་གློག་བརྙན་གྱི་རིགས་ཤིག་གོ། །ཚན་རིག་གི་གཞི་རྒྱུ་བརྗོད་བྱ་དང་ཚན་རིག་གི་སྟོང་བསམ་རང་བཞིན་གྱི་གནས་ཚུལ་རྒྱབ་ལྗོངས་སུ་བྱས་པའི་གློག་བརྙན་གྱི་རིགས་ལ་ཟེར། ཚན་འཕྲུལ་གློག་བརྙན་ལག་ལེན་དུ་བསྟར་བའི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཁོ་ན་མ་ཡིན་ཏེ། དཔེར་ན། གོ་ལ་གཞན་པའི་ཚེ་སྲོག་དང་། སྐར་མའི་གོ་ལ་གཞན་དག ཚད་བརྒལ་ནུས་པ་སོགས་ལྟ་བུའོ། །ཚན་འཕྲུལ་གློག་བརྙན་གྱིས་དུས་རྒྱུན་སྟོན་པའི་གཏམ་རྒྱུད་ཀྱི་རྒྱབ་ལྗོངས་ནི་མ་འོངས་པའི་འཛམ་གླིང་ཞིབ་འབྲི་བྱེད་པ་ཡིན། ང་ཚོས་ཚན་འཕྲུལ་གློག་བརྙན(science fiction film)མཚན་ཉིད་ལ་རྒྱུ་རྐྱེན་ག་གེ་མོ་ཞིག་གི་གློག་བརྙན་ཞེས་བརྗོད། རྒྱུ་རྐྱེན་དེ་དག་ནི་ཚན་རིག་ལ་གཞིགས་ནས་ཚོད་དཔག་བྱས་པ་ཞིག་ཡིན། དཔེར་ན། རྒྱུ་རྐྱེན་དེ་དག་ནི་དེ་རིང་གི་འཇིག་རྟེན་ཁྲོད་འབྱུང་མི་སྲིད་པའམ་ཡང་བྱུང་མེད་པ་ཞིག་ཡིན་དགོས།

ཚན་འཕྲུལ་གློག་བརྙན་ནི་སྒྱུ་འཕྲུལ་གློག་བརྙན་དང་བསྡུར་ན་མི་འདྲ་ས་ནི་སྟོང་བསམ་ཁྲོད་ནས་བྱུང་བའི་རྒྱུ་རྐྱེན་དེ་ནི་ངེས་པར་དུ་ཚན་རིག་དང་མཐུན་ཞིང་རྗེས་དཔག་གི་རང་བཞིན་གྱི་རྒྱབ་སྐྱོར་ཡོད་པ་དང་། ཚན་རིག་གི་ངོས་ཐད་ནས་བལྟས་ན་ངོ་མའི་སྨྱོན་ཧམ་ཆེ་བ་ཞིག་ཡིན། དཔེར་ན། 《དུས་ཚོད་ཕྱིར་ལྡོག་པའི་ལོ་ངོ་བདུན་ཅུ》ལྟ་བུ། ཡོངས་ཁྱབ་ཀྱི་ལྟ་བར་ཚན་རིག་གི་ལྟ་བ་དང་སྒྱུ་རྩལ་རྟོག་བཏགས། གློག་བརྙན་གྱི་འཁྲབ་ཐབས་གསུམ་གཅིག་ཏུ་འདུས་པ་ལས་ད་གཟོད་ཚན་འཕྲུལ་གློག་བརྙན་བྱུང་བ་རེད། ཧྥོ་ལན་ཁེ་ལགས་ཀྱིས་ཚན་འཕྲུལ་གློག་བརྙན་ལ་མཚན་ཉིད་འདི་ལྟ་བུ་ཞིག་བཞག་ཡོད་དེ། རྟོག་བཟོ་བྱས་པའམ་ཡང་ན་རྩ་དོན་གྱི་ཐོག་ནས་འཛམ་གླིང་ཁྲོད་འབྱུང་སྲིད་པའི་ཟློས་གར་རང་བཞིན་གྱི་དོན་དག་ལ་གོ། །

2 ལོ་རྒྱུས་ཀྱི་བྱུང་རིམ།

དུས་རབས20བའི་ལོ་རབས50པའི་དུས་ནི་ཚན་འཕྲུལ་གློག་བརྙན་གྱི་མཐོ་རླབས་ཐེངས་དང་པོ་ཡིན། དཔེར་ན། ལོ་ཕཱོ་ཐིག་ཧའེ་སི་ཡི《སའི་གོ་ལ་འཁོར་མཚམས་འཇོག་པའི་ཉིན་མོ》ལྟ་བུ།

འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་རྫོགས་པ་དང་བསྟུན། གློག་ཀླད་ལག་རྩལ་ལ་འཕེལ་རྒྱས་ཆེན་པོ་བྱུང་། ལོ་རབས70པས་ཚན་འཕྲུལ་གློག་བརྙན་གྱི་མཐོ་རླབས་ཐེངས་གཉིས་པ་བསུས། མཚན་མཚོན་གློག་བརྙན་ལ་དཔེར་ན། ཧྥ་རན་སིའི《ཨར་ཧྥ་གྲོང་ཁྱེར》ལྟ་བུ་སོགས་མང་པོ་འདུག

ལོ་རབས80པའི་རྗེས་སུ་ཨང་རྩིས་ལག་རྩལ་མྱུར་དུ་འཕེལ་རྒྱས་བྱུང་བ་དང་། བཟོ་ལས་ཅན་དང་ཆ་འཕྲིན་ཅན་སྤྱི་ཚོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་བར་བརྟེན་ཚན་འཕྲུལ་གློག་བརྙན་ནི་མཐོ་རླབས་ཐེངས་གསུམ་པའི་དུས་རིམ་དུ་འཕེལ། མཚན་མཚོན་གློག་བརྙན་ལ་དཔེར་ན། སྤྱི་ལོ1984ལོའི་ཀྲིན་མའོ་སི་ཁཱ་མེ་ལུང་གི《མཇུག་སྒྲིལ་མཁན》དང་། ཁཱེ་ཝན་ལའེ་ནོ་ཙིའི《མ་འོངས་པའི་ཆུའི་འཛམ་གླིང》ལའེ་ཁུ་པའེ་སུང་གི《གཞི་རྒྱུ་ཐེངས་ལྔ་པ》སོགས་ལྟ་བུ།

2_1 མྱུ་གུ་འབུས་པའི་དུས།

ཚན་འཕྲུལ་གློག་བརྙན་ནི་གློག་བརྙན་བྱུང་ནས་ཅུང་མ་འགོར་བའི་སྒྲ་མེད་གློག་བརྙན་དུས་རབས་སུ་བྱུང་ཡོད། སྤྱི་ལོ1902ལོའི་ཆོ་ཀྲི་མེ་ལའེ་ཡུ་ཡིས་བརྙན་དུ་ཕབ་པའི《ཟླ་བའི་གོ་ལའི་ཡུལ་སྐོར་ཟིན་ཐོ》ལྟ་བུ།

2_2 མནར་སོན་གྱི་དུས།

དུས་རབས19པའི་མཇུག་ནས་སྤྱི་ལོ1920ལོའི་སྐབས་ཧའོ་ལའེ་ཝུའུ་ཚན་འཕྲུལ་གློག་བརྙན་གྱི་མནར་སོན་དུས་རིམ། དུས་རབས་བཅུ་དགུ་བའི་དུས་མཇུག་ཏུ་མཚོན་མདོག་ཅན་གྱི་ཚན་འཕྲུལ་གློག་བརྙན་སྐོར་ཞིག་དང་རོལ་རྩེད་ཀྱི་གློག་བརྙན་དུས་མཉམ་དུ་ཧྥ་རན་སི་ནས་དབུ་བརྙེས།

2_3  འབྲས་བུ་སྨིན་པའི་དུས།

སྤྱི་ལོ1930ལོ་ནས་སྤྱི་ལོ1940ལོའི་བར། ཧའོ་ལའེ་ཝུའུ་ཚན་འཕྲུལ་གློག་བརྙན་གྱི་འབྲས་བུ་སྨིན་པའི་དུས་རིམ། སྤྱི་ལོ1930ལོའི་དུས་ནས་བཟུང་། ཧོ་ལའེ་ཝའོ་ཚན་འཕྲུལ་གློག་བརྙན་གྱི་ཁྲོད་དུ་འཇིགས་རུང་གློག་བརྙན་དང་སྐྱོ་གར། འཆར་ཡུན་རིང་ལུགས་ཀྱི་རྣམ་པའི་གློག་བརྙན་སྐོར་ཞིག་བྱུང་། དཔེར་ན། 《ཚན་རིག་དང་མཐུན་པའི་མི་ཁྱད་མཚར་བ》དང་།《ཚན་རིག་དང་མཐུན་པའི་མི་ཁྱད་མཚར་བའི་བག་མ》《ཚན་རིག་དང་མཐུན་པའི་མི་ཁྱད་མཚར་བའི་བུ་ཕྲུག》སོགས་ལྟ་བུ།

2_4 ​འཕེལ་རྒྱས་ཀྱི་དུས།

སྤྱི་ལོ1950ལོ་ནས་སྤྱི་ལོ1960ལོའི་དུས་སུ། ཧའོ་ལའེ་ཝུའུ་ཚན་འཕྲུལ་གློག་བརྙན་གྱི་འཕེལ་རྒྱས་དུས་རིམ། སྤྱི་ལོ1950ལོའི་དུས་སུ། འཇམ་འཐབ་མཇུག་རྫོགས་ནས་མིའི་རིགས་ཀྱི་སེམས་ཁམས་ལ་འཇིགས་སྐྲག་གི་སྣང་བརྙན་མེད་པར་གྱུར་བ་དང་ལྷན་དུ། མི་རྣམས་ཀྱི་སེམས་ཤུགས་ལ་སྔར་ལས་ལྷག་པའི་འཆར་སྒོ་མང་པོ་བྱུང་སྟེ། ཧའོ་ལའེ་ཝུའུ་གློག་བརྙན་ལ་གཙོ་བོ་ཚན་འཕྲུལ་གློག་བརྙན་མང་པོ་བྱུང་བ་དང་། ཁོ་ཚོའི་དུས་རྒྱུན་དུ་གོ་ལ་གཞན་པའི་མི་དང་། ཡ་མ་གཟུགས་ཀྱི་མི།  ཉིང་རྡུལ་དམག་འཁྲུག་སོགས་སྙིང་བོར་བཟུང་འཁྲབ་ཡོད། དཔེར་ན།《སའི་གོ་ལ་འཁོར་མཚམས་བཞག་པའི་ཉིན་མོ》དང《Xའཕྲོ་འོད》སོགས་ལྟ་བུའོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-11

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།