དངོས་ཟིན་གློག་བརྙན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དངོས་ཟིན་གློག་བརྙན།
བྱ་དངོས་གང་ཞིག་གི་དངོས་ཀྱི་བརྒྱུད་རིམ་ཟིན་ཐོར་བཀོད་པའི་གློག་བརྙན་གྱི་རིགས་ཤིག་གོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
纪录片
ཕྱི་ཡིག་གི་མིང་།
documentary
1 ​ངོ་སྤྲོད།

བྱ་དངོས་གང་ཞིག་གི་དངོས་ཀྱི་བརྒྱུད་རིམ་ཟིན་ཐོར་བཀོད་པའི་གློག་བརྙན་གྱི་རིགས་ཤིག་གོ། །གློག་བརྙན་གྱི་དབུ་ཐོག་མར་དངོས་ཟིན་གློག་བརྙན་གྱི་གསར་རྩོམ་ལས་འགོ་བརྩམས་པ་དང་། དངོས་ཟིན་གློག་བརྙན་གྱི་སྲོག་ཤིང་ནི་དོན་དངོས་ཀྱི་བྱུང་བ་བརྗོད་པ་ཞིག་ཡིན་དགོས། དཔེར་ན། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་ཀྱིས་འཆར་འགོད་བྱས་ཟིན་པའི་དངོས་ཟིན་གློག་བརྙན《ལྷ་སར་འགྲོ་བའི་ལམ་དུ》ཞེས་པ་ལྟ་བུ།  དེའི་ནང་དུ་གཙོ་བོ་བོད་ཀྱི་ན་གཞོན་གསུམ་སྟེ། རྩོམ་པ་པོ་ཞིག་དང་། རི་མོ་བ། རོལ་དབྱངས་པ་བཅས་མི་གསུམ་ལྕགས་རྟར་ཞོན་ནས་ཟི་ལིང་ནས་ལྷ་སའི་བར་གྱི་མདོ་དབུས་ལྕགས་ལམ་སྙེགས་ཏེ་དེའི་རྒྱུད་ཀྱི་ངོ་མཚར་བའི་མྱོང་བ་མཐའ་དག་རང་རང་གི་སྒྱུ་རྩལ་ལས་ཀས་མཚོན་པར་བྱས་ནས་མཐའ་མཇུག་དེ་དག་སྤྱི་བསྡོམས་ཀྱི་ཚུལ་དུ་གློག་བརྙན་ཞིག་གི་དངོས་གཞིར་ཆགས་པ་ལྟ་བུ་ཞིག་བྱས་ཡོད་དོ། །

2 བྱུང་རིམ་གྱི་ལོ་རྒྱུས།

དངོས་ཟིན་གློག་བརྙན་ཞེས་པའི་མིང་དེ་ནི་དབྱིན་ཇིའི་མཁས་པ་ཀི་ལར་ཞོན་ལགས་ཀྱིས་ཐོག་མར་བཏགས་པ་དང་། ཁོ་ནི་དངོས་ཟིན་གློག་བརྙན་གྱི་ཤིང་རྟའི་སྲོལ་འབྱེད་མཁན་ཧྥོ་ལ་ཧ་ཏིའི་དངོས་སློབ་ཡིན། དངོས་ཟིན་གློག་བརྙན་གྱི་མཛེས་དཔྱོད་ལྟ་བའི་རྨང་གཏོང་མཁན་ནི།  ཝའེ་ཨར་ཐོ་ཧྥོ་དང་ཧྥོ་ལ་ཧ་ཏི་ཡིན། ཝའེ་ཨར་ཐོ་ཧྥོ་ཡིས་གློག་བརྙན་གྱི་སྤྱན་མིག་ཅེས་པའི་ལྟ་བ་བཏོན་ཏེ་བརྙནཆས་ཀྱི་པར་ཤེལ་ནི་མིའི་མིག་དང་འདྲ་བར་འཚོ་བའི་གཟུགས་བརྙན་ཐམས་ཅད་མཐོང་ཐུབ་པར་གསུངས། ཧྥོ་ལ་ཧ་ཏིས་འཆར་འགོད་བྱས་པའི་གློག་བརྙན་ནི《བྱང་ཕྱོགས་ཀྱི་ནཱ་ནུའུ་ཁེ》ཡིན་ལ། ནཱ་ནུའུ་ཁེ་ནི་ལོ་རྒྱུས་དོན་ཐོག་དངོས་སུ་བྱུང་མྱོང་བ་ཞིག་ཡིན། སྤྱི་ལོ1895ལོའི་ཧིན་རྡུའི་གློག་བརྙན་ཁང་དུ་འགྲེམས་སྟོན་བྱས་པའི《བཟོ་གྲྭའི་སྒོ་ཆེན》དང《མེ་འཁོར་འབབ་ཚུགས་སུ་འབྱོར་བ》《ཕྲུ་གུའི་གུང་ཟས》སོགས་ནི་ཚོད་ལྟ་རང་བཞིན་གྱི་དངོས་ཟིན་གློག་བརྙན་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-11

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།