གྲོང་ཁྱེར་གྱི་བྱེད་ནུས་དབྱེ་ཁུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གྲོང་ཁྱེར་གྱི་བྱེད་ནུས་དབྱེ་ཁུལ།
གྲོང་ཁྱེར་གྱིས་བེད་སྤྱོད་བྱེད་བཞིན་པའི་ས་ཁོངས་ཀྱི་བྱེད་ནུས་རིགས་མི་འདྲ་བ་སྣ་ཚོགས་ལས་གྲུབ་པ་ཡིན་ལ། ས་ཁོངས་ཁག་སོ་སོ་བེད་སྤྱོད་བྱེད་པར་ཡང་ཆ་རྐྱེན་ངེས་ཅན་ཞིག་ཡོད་པ་དང་། ས་ཁོངས་ཁག་བར་དང་ས་ཁོངས་ཁག་མི་འདྲ་བའི་བར་ཕན་ཚུན་གཅིག་མཚུངས་དང་འགལ་ཟླའི་འབྲེལ་བ་ཆགས་ཀྱིན་ཡོད་པ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
城市功能分区
1 ངོ་སྤྲོད།

གྲོང་ཁྱེར་གྱི་བྱེད་ནུས་དབྱེ་ཁུལ་ནི། གྲོང་ཁྱེར་གྱིས་བེད་སྤྱོད་བྱེད་བཞིན་པའི་ས་ཁོངས་ཀྱི་བྱེད་ནུས་རིགས་མི་འདྲ་བ་སྣ་ཚོགས་ལས་གྲུབ་པ་ཡིན་ལ། ས་ཁོངས་ཁག་སོ་སོ་བེད་སྤྱོད་བྱེད་པར་ཡང་ཆ་རྐྱེན་ངེས་ཅན་ཞིག་ཡོད་པ་དང་། ས་ཁོངས་ཁག་བར་དང་ས་ཁོངས་ཁག་མི་འདྲ་བའི་བར་ཕན་ཚུན་གཅིག་མཚུངས་དང་འགལ་ཟླའི་འབྲེལ་བ་ཆགས་ཀྱིན་ཡོད་པ་ལ་ཟེར། གྲོང་ཁྱེར་གྱི་བྱེད་ནུས་ཁུལ་ནི་གྲོང་ཁྱེར་འཕེལ་རྒྱས་བྱུང་ནས་རྒྱ་ཆེར་སོང་བ་དང་བསྟུན་ནས་རིམ་བཞིན་ཆགས་པ་ཡིན། གྲོང་ཁྱེར་འཕེལ་རྒྱས་བྱུང་ནས་རྒྱ་ཁྱོན་ངེས་ཅན་ཞིག་ལ་བསླེབས་པ་ན་ད་གཟོད་ལྟོས་བཅས་ཀྱིས་ཕྱོགས་གཅིག་ཏུ་འདུས་པའི་བྱེད་ནུས་དབྱེ་ཁུལ་ཆགས་པ་ཡིན།

2 གྲུབ་རྐྱེན།
2_1  ལོ་རྒྱུས་ཀྱི་རྒྱུ་རྐྱེན།

གྲོང་ཁྱེར་གྱི་རྩིག་དངོས་དང་སྲང་ལམ་ཇུས་འགོད་བྱེད་ན་དུས་ཡུན་རིང་པོར་སྲུང་འཛིན་བྱས་ཆོག ས་ཁོངས་ནང་དུ་དུས་སྔ་མོ་ནས་སྤེལ་བའི་བྱེད་སྒོས་ཀྱང་རྒྱུན་ཆད་མེད་པར་དེ་དང་མཐུན་པའི་བྱེད་སྒོ་བཀུག་ཆོག དེར་བརྟེན་དུས་སྔ་མོའི་ས་ཞིང་བེད་སྤྱོད་བྱེད་ཚུལ་གྱིས་རྗེས་མའི་བྱེད་ནུས་དབྱེ་ཁུལ་ཤུགས་རྐྱེན་གཏིང་ཟབ་མོ་ཐེབས་ཡོད་པ་དང་། ལྷག་པར་དུ་ཀྲུང་གོར་གྲོང་ཁྱེར་གྱི་འཕེལ་རྒྱས་འབྱུང་རྐྱེན་རྙོག་འཛིང་ཆེ་ཞིང་། ལོ་རྒྱུས་ཀྱི་རྒྱུ་རྐྱེན་གྱིས་གྲོང་ཁྱེར་གྱི་བྱེད་ནུས་དབྱེ་ཁུལ་ཆགས་པར་ནུས་པ་དེ་བས་གསལ་པོ་ཞིག་ཐོན་ཡོད། དཔེར་ན། ཧྲང་ཧའེ་ཡི་ཝའེ་ཐན་གནའ་ནས་ད་ལྟའི་བར་དུ་ཧྲང་ཧའེ་ཡི་ཚོང་དོན་ལྟེ་གནས་ཡིན། ཧྲང་ཧའེ་གྲོང་ཁྱེར་ནས་ཕུའུ་ཏུང་གི་ལུའུ་ཅ་ཙུའེ་རུ་དངུལ་རྩ་ཉོ་ཚོང་ཁུལ་འཛུགས་སྐྲུན་བྱེད་པའི་དུས་མཚུངས་སུ་ཕུའུ་ཞིའི་ཝའེ་ཐན་ལའང་བསྒྱུར་བཀོད་བྱས་པ་མ་ཟད། ད་དུང་སྟབས་བདེ་བའི་འགྲིམ་འགྲུལ་འབྲེལ་གཏུག་བརྒྱུད་ནས་ཕུའུ་ཏུང་གི་ལུའུ་ཅ་ཙུའེ་དང་ཕུའུ་ཞིའི་ཝའེ་ཐན་གཉིས་སྦྲེལ་ཏེ་ཧྲང་ཧའེ་རུ་དེང་རབས་ཅན་གྱི་ཚོང་དོན་གྱི་ལྟེ་གནས་ཁུལ་ཆགས་པ་རེད།

2_2 དཔལ་འབྱོར་གྱི་རྒྱུ་རྐྱེན།

བྱེད་ནུས་མི་འདྲ་བའི་བྱེད་སྒོ་སྤེལ་བ་ཚང་མས་གྲོང་ཁྱེར་གྱི་ས་ཞིང་བཟུང་ནས་སྤྱོད་དགོས་མོད། འོན་ཀྱང་བྱེད་སྒོ་མི་འདྲ་བར་ས་ཞིང་སྤྱོད་པའི་དགོས་མཁོ་ཡང་མི་འདྲ། ཁྲོམ་རའི་དཔལ་འབྱོར་ནང་དུ། གྲོང་ཁྱེར་གྱི་ས་ཞིང་འདོན་སྤྲོད་བྱེད་པ་ལ་ཚད་ཡོད་པས། ཆ་རྐྱེན་ལེགས་པའི་ས་ཁུལ་གྱི་བོགས་དངུལ་ཡང་མཐོ་བ་རེད། འགྲན་རྩོད་བྱེད་པའི་གནས་ཚུལ་འོག་ས་ཞིང་རེ་རེ་སྟེང་བྱེད་སྒོ་རིགས་གང་ཞིག་ཏུ་བཀོལ་རྒྱུ་དེ་བྱེད་སྣ་ཚོགས་ཀྱིས་སྤྲོད་འདོད་པའི་བོགས་དངུལ་གྱི་མཐོ་དམའ་ལ་རག་ལས། བོགས་དངུལ་ཆེས་མཐོན་པོ་སྤྲད་ན་ད་གཟོད་ཆ་རྐྱེན་ཆེས་ལེགས་པའི་ས་ཞིང་ཐོབ་ཐུབ་པ་རེད། ས་ཞིང་གི་བོགས་དངུལ་མཐོ་དམའ་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གཙོ་བོར་འགྲིམ་འགྲུལ་བདེ་མིན་དང་། གྲོང་ཁྱེར་ལྟེ་བ་དང་ཐག་ཉེ་མིན་ཏེ་ཕྱོགས་གཉིས་ཡོད།

2_3 སྤྱི་ཚོགས་ཀྱི་རྒྱུ་རྐྱེན།

གྲོང་ཁྱེར་གྱི་མི་འབོར་ནི་ལས་རིགས་མི་འདྲ་བ་དང་། སྤྱི་ཚོགས་ཀྱི་རིམ་པ་མི་འདྲ་བ། མི་རིགས་མི་འདྲ་བ། རིག་གནས་མི་འདྲ་བ་བཅས་ཀྱི་མི་སྣས་གྲུབ་སྟེ། སྤྱི་ཚོགས་ཀྱི་ཚོགས་པ་མི་འདྲ་བ་ཞིག་ཆགས་ལ། དེ་་དང་འདྲ་བར་སྡོད་ཁུལ་རིམ་པ་མི་འདྲ་བའང་ཆགས་པ་རེད། ཡོང་སྒོ་ནི་རིམ་པ་མི་འདྲ་བའི་སྡོད་ཁུལ་ཆགས་རྐྱེན་གཙོ་བོ་ཡིན། བོགས་དངུལ་མཐོན་པོ་སྟེར་ཐུབ་པ་དང་སྡོད་གནས་ཀྱི་ཁོར་ཡུག་ལེགས་པོ་འདེམ་པའི་ནུས་པ་ཡོད་པའི་མི་རྣམས་ཀྱིས་རྒྱུན་པར་གྲོང་ཁྱེར་གྱི་མཐོ་རིམ་སྡོད་ཁུལ་ཆགས་པར་བྱེད། གཞན་ཡང་། སྙན་གྲགས་དང་ཆོས་ལུགས་དད་མོས་སོགས་ཀྱིས་ཀྱང་སྡོད་ཁང་འདེམ་པར་ཤུགས་རྐྱེན་ཆེན་པོ་གཏོང་བཞིན་ཡོད།  གྲོང་ཁྱེར་ཞིག་གི་ནང་ཁུལ་དུ་ས་ཆ་ཁག་ཅིག་ལ་ལོ་རྒྱུས་དང་རིག་གནས། དཔལ་འབྱོར་སོགས་ཀྱི་ཐད་ནས་མཚན་སྙན་ལེགས་པོ་ཡོད་པས་མང་ཚོགས་ཁྲོད་དུ་དེ་དག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།

2_4 སྲིད་འཛིན་གྱི་རྒྱུ་རྐྱེན།

གྲོང་ཁྱེར་ཁ་ཤས་སུ། སྲིད་གཞུང་གིས་སྲིད་འཛིན་གྱི་བྱེད་ཐབས་སྤྱད་ནས་སྲིད་ཇུས་དང་གྲོང་ཁྱེར་འཆར་འགོད་བཀོད་དེ་གྲོང་ཁྱེར་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་ཐར་གཏོགས་བྱེད་པ་དང་། ཡང་ན་བྱེད་ནུས་ཁུལ་འདྲ་མིན་འཛུགས་པར་ཁྲིད་སྟོན་ནམ་གནས་འདེམ་པར་བྱས་ཆོག དཔེར་ན། ཚད་ངེས་ཅན་ཞིག་གི་སྟེང་ནས་རང་རྒྱལ་གྱི་གྲོང་ཁྱེར་མང་པོར་གསར་དར་བཟོ་ལས་ཁུལ་འཛུགས་སྐྲུན་བྱས་པ་དེ་སྲིད་འཛིན་གྱིས་ཐེ་གཏོགས་བྱས་པའི་འབྲས་བུ་ཡིན་པར་སེམས་ཆོག


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-22

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།