གྱང་རྡེབ་སྤོ་ལོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གྱང་རྡེབ་སྤོ་ལོ།
སྤོ་ལོའི་ལུས་རྩལ་གྱི་རྣམ་གྲངས་ཤིག་སྟེ། གྲུག་ཐང་ཕྱོགས་གཅིག་གྱང་ཡིན་ཞིང་། འགྲན་བསྡུར་བྱེད་དུས་ཕྱོགས་གཅིག་གིས་གྲུ་གུ་གྱང་ངོས་སུ་བརྡེགས་ཏེ་ས་ལ་ལྷུང་བ་ན་ཕྱོགས་ཅིག་ཤོས་ཀྱིས་སླར་རྡེག་པ་ཞིག་གོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
壁球
ཕྱི་ཡིག་གི་མིང་།
Squash
1 ​ངོ་སྤྲོད།

སྤོ་ལོའི་ལུས་རྩལ་གྱི་རྣམ་གྲངས་ཤིག་སྟེ། གྲུག་ཐང་ཕྱོགས་གཅིག་གྱང་ཡིན་ཞིང་། འགྲན་བསྡུར་བྱེད་དུས་ཕྱོགས་གཅིག་གིས་གྲུ་གུ་གྱང་ངོས་སུ་བརྡེགས་ཏེ་ས་ལ་ལྷུང་བ་ན་ཕྱོགས་ཅིག་ཤོས་ཀྱིས་སླར་རྡེག་པ་ཞིག་སྟེ། འདི་ཆ་རྡེག་དང་ཡ་རྡེག་གཉིས་ཡོད། གྱང་རྡེབ་སྤོ་ལོ་ནི་ཐོག་མར་སྤྱི་ལོ1830ལོའི་སྔ་གཞུག་ཏུ། ཧ་ལའོ་སྤྱི་པའི་སློབ་གྲྭའི་སློབ་མས་གསར་གཏོད་མཛད་པ་ཞིག་ཡིན་ལ། དེ་ནི་སྤོ་ལོ་གྱང་ངོས་སུ་བརྡེག་ནས་རྩེད་འཇོ་བྱེད་པའི་ཁང་པའི་ནང་གི་རོལ་རྩེད་ཀྱི་བྱ་འགུལ་ཞིག་ཡིན།  སྤོ་ལོ་ཤུགས་ཆེན་པོས་གྱང་ངོས་སུ་རྡེབ་ནས་དབྱིན་ཡིག་གི་སྒྲSQUASHའབྱུང་བ་ལས་མིང་དེ་ལྟར་ཐོགས་པ་ཡིན།  སྤྱི་ལོ1864ལོར། ཐེངས་དང་པོར་གྱང་རྡེབ་སྤོ་ལོ་རྩེ་སའི་ཐང་ཆེན་ཧ་ལའོས་ཐོག་མར་གསར་བཞེངས་པ་དེས་གྱང་རྡེབ་སྤོ་ལོའི་ལུས་རྩལ་སྦྱོང་བརྡར་དངོས་སུ་དབུ་ཚུགས་པ་རེད།

2 ལོ་རྒྱུས་འཕེལ་རིམ།

དུས་རབས19པའི་དུས་འགོར། ལོན་ཏོན་གྱི་གྲོང་ཁྱེར་རྙིང་བའི་ལྟེ་བ་རུ་དམག་གྲའི་བཙོན་ཁང་ཞིག་ཡོད། དེ་ནི་བུ་ལོན་མི་སྟེར་བ་དང་སྒྲིག་ཁྲིམས་དང་འགལ་བ། སྲོལ་རྒྱུན་ལྟ་བ་འཛིན་གྱི་སྐུ་དྲག་སོགས་ཆེད་དུ་འཛིན་བཟུང་བྱེད་ས་ཡིན་ལ། ཁོ་ཚོས་ལུས་ཤུགས་ཀྱི་ངལ་རྩོལ་བྱེད་མི་ཐུབ་པ་དང་། བྲོ་བ་མེད་པའི་དཀའ་སྡུག་གི་ལོ་ཟླ་རིང་མོར་ཁ་གཏད་ཆེད། སྤོ་ལོ་གྱང་ངོས་སུ་རྡེབ་ནས་རང་འཁྲབ་རང་དགའ་བྱེད་པའི་རྩེད་འཇོའི་རྣམ་པ་ཞིག་བྱུང་། དེ་ནི་ཆེས་སྔ་བའི་གྱང་རྡེབ་སྤོ་ལོ་ཡི་ཐོག་མའི་རྣམ་པ་ཡིན།

དུས་རབས20པར་སླེབས་པ་ན། གྱང་རྡེབ་སྤོ་ལོ་ལ་ཆར་རྗེས་ཀྱི་ཤྭ་མོ་རྡོལ་བཞིན་སྔར་ལས་ལྷག་པའི་འཕེལ་རྒྱས་བྱུང་སྟེ། ཕུལ་བྱུང་གི་ལུས་རྩལ་པ་ཁག་ཅིག་བདམས་ཐོན་བྱུང་བ་དང་། ངོ་མཚར་ཆེ་བའི་འགྲན་བསྡུར་སྤེལ་ནས་ལག་རྩལ་གྱི་ཐབས་ཇུས་སོགས་མི་རྣམས་ཀྱི་མིག་གི་དགའ་སྟོན་དུ་ཕུལ། སྐབས་དེར་གྱང་རྡེབ་སྤོ་ལོའི་སྔོན་ཐོན་གྱི་རྒྱལ་ཁབ་ལ་ཨོ་སི་ཁྲུ་ལི་ཡ་དང་ཁ་ན་ཏ། དབྱིན་ཇི། ཧུན་རྡུ། ནེའུ་ཞི་ལན། ཕ་ཁི་སི་ཏན། ནན་ཧྥེ། ཨ་མེ་རི་ཁ་སོགས་ཡོད། ཁོ་ཚོས་མཉམ་འབྲེལ་སྒོས་རྒྱལ་སྤྱིའི་གྱང་རྡེབ་སྤོ་ལོ་ལྷན་ཚོགས་དངོས་སུ་འཛུགས། བསྡུས་མིང་ལISRFཟེར། སྤྱི་ལོ1992ལོར་མིང་བརྗེ་ནས་འཛམ་གླིང་གྱང་རྡེབ་མཉམ་འབྲེལ་ཨུ་ཡོན་ལྷན་ཚོགས་སུ་འབོད(WSF)། 

3 ཁྱད་ཆོས།

དེ་ནི་ཁང་པའི་ནང་གི་ལུས་རྩལ་སྦྱོར་བརྡར་ཞིག་ཡིན་པས། དུས་ཚོད་དང་གནམ་གཤིས་སོགས་ཀྱི་ཤུགས་རྐྱེན་ཐེབས་མི་ཐུབ་ལ། མིའི་ལོ་ཚད་ཀྱི་ཚད་བཀག་ཀྱང་མེད་པར་རྒན་དར་གཞོན་གསུམ་སོགས་ཀྱིས་སྦྱངས་ནའང་བསླབ་བདེ་བའི་ལུས་རྩལ་གྱི་བྱ་འགུལ་ཞིག་ཡིན། གྱང་རྡེབ་སྤོ་ལོའི་ལུས་རྩལ་གྱིས་མིའི་རྩེད་འཇོའི་འདོད་བློ་སྐོང་ཐུབ་པ་མ་ཟད།  རྩེད་ཡུན་གྱི་དུས་ཚོད་ཐུང་བ་དང་། ལུས་རྩལ་སྦྱོང་བརྡར་ལ་ཕན་ནུས་ཆེན་པོ་སྟེར་ཐུབ། གྱང་རྡེབ་སྤོ་ལོ་ནི་སྤྱིར་རྩེད་སའི་ས་ཁུལ་ཆུང་བ་དང་། སྤོ་ལོའི་རྒྱག་ཚད་མགྱོགས་པ། སྤོ་ལོའི་རྒྱག་ལམ་ལ་འགྱུར་བག་ཆེ་བ། ལུས་རྩལ་པའི་ལུས་ཀྱི་འགུལ་སྟངས་མྱུར་དགོས་པ་ཞིག་ཡིན། རོལ་རྩེད་འདི་ནི་སྤྲོ་སྐྱིད་རང་བཞིན་ལྡན་པ་དང་དགོད་བྲོའི་རང་བཞིན་ལྡན་པ་ཞིག་ཡིན་པ་མ་ཟད། ད་དུང་དེ་ནི་རྐྱང་རྒྱག་བྱས་ན་ཆོག་ལ། མཉམ་འབྲེལ་སྒོས་བརྒྱབ་ནའང་ཆོག་པའི་ལུས་རྩལ་གྱི་རྣམ་གྲངས་ཤིག་ཡིན་ནོ། །

གཞན་གྱང་རྡེབ་སྤོ་ལོའི་བྱ་འགུལ་ཁྲོད། གལ་ཏེ་རང་ཉིད་ཀྱིས་ནུས་རྩལ་དང་ཐབས་ཇུས་ཡོད་ཚད་འདོན་འདོད་ན་འདོན་ཐུབ་པ་དང་། ལུས་རྩལ་པས་སྤྲོ་སེམས་ལྡན་པའི་ངང་ནས་སྤོ་ལོ་རྒྱག་དུས་རང་ཉིད་ཀྱི་ནུས་རྩལ་ཚད་འདྲ་བའི་ལུས་རྩལ་པ་འདེམས་ནས་འགྲན་བསྡུར་བྱས་ཀྱང་ཆོག  


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-11

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།