《འཛམ་གླིང་ཡང་རྩེ》
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

《འཛམ་གླིང་ཡང་རྩེ》
《འཛམ་གླིང་ཡང་རྩེ》ཞེས་པའི་དངོས་ཞུས་གློག་བརྙན་ཆེ་གྲས་འདི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དང་ཀྲུང་དབྱང་བརྙན་འཕྲིན་ཁང་། པེ་ཅིན་ཝུའུ་ཞིན་ཁྲོན་ཆི་རིག་གནས་སྨྱན་བྱད་ཚད་ཡོད་ཀུང་སི་ཡིས་མཉམ་འབྲེལ་སྒོས་བཟོས་པ་ཞིག་ཡིན། འཁྲབ་ཁྲིད་པ་པ་ནི་ཚེང་ཧའེ་རོའུ་ཡིན། གློག་བརྙན་འདིའི་ནང་ཕྱོགས་ཡོངས་ནས་མདོ་དབུས་མཐོ་སྒང་གི་མི་དང་རང་བྱུང་ཁམས་ཆེན་མོ་གཉིས་འཆམ་མཐུན་མཉམ་གནས་བྱས་ཡོད་པ་བརྗོད་ཡོད།
གཞི་རྩའི་གནས་ཚུལ།

མ་བརྙན་གྱི་མིང་།
第三极
བོད་འགྱུར་མིང་།
འཛམ་གླིང་ཡང་རྩེ།
ཕྱི་ཡིག་གི་མིང་།
Roof of the World
རྒྱལ་ཁབ།
ཀྲུང་གོ།
སྐད་རིགས།
རྒྱ་སྐད། བོད་སྐད།
འཁྲབ་ཁྲིད་པ།
ཚེང་ཧའེ་རོའུ།
འགྲེམ་དུས།
2015-03-25
བརྙན་རིགས།
དངོས་ཞུས།
ཡུན་ཚད།
ལེའུ་དྲུག
1 ​ནང་དོན་མདོར་བསྡུས།

《འཛམ་གླིང་ཡང་རྩེ》ཞེས་པའི་དངོས་ཞུས་གློག་བརྙན་ཆེ་གྲས་འདི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དང་ཀྲུང་དབྱང་བརྙན་འཕྲིན་ཁང་། པེ་ཅིན་ཝུའུ་ཞིན་ཁྲོན་ཆི་རིག་གནས་སྨྱན་བྱད་ཚད་ཡོད་ཀུང་སི་ཡིས་མཉམ་འབྲེལ་སྒོས་བཟོས་པ་ཞིག་ཡིན། ཕྱོགས་ཡོངས་ནས་མདོ་དབུས་མཐོ་སྒང་གི་མི་དང་རང་བྱུང་ཁམས་ཆེན་མོ་གཉིས་འཆམ་མཐུན་མཉམ་གནས་བྱས་ཡོད་པ་མཚོན་པར་བྱེད་པའི་བོད་འབྲེལ་དངོས་ཞུས་གློག་བརྙན་ཞིག་ཡིན། ལག་རྩལ་ཐད4Kདྭངས་གསལ་བརྙན་ལེན་སྤྱད་པ་ཕུད། ད་དུང་གློག་བརྙན་དེ་བརྙན་ལེན་བྱེད་སྐབས་བརྟག་ཞིབ་ཚོགས་ཆུང་དྲུག་དང་བརྙན་ལེན་ཚོགས་ཆུང་བཞི་རུ་བཏང་ནས་ཁྱོན་ཉིན་ལྔ་བརྒྱར་བརྙན་ལེན་བྱས་ཡོད། གློག་བརྙན་དེའི་ནང་མིག་སྔར་མཚོ་བོད་ས་མཐོའི་སྟེང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་གསང་བ་དང་དེ་བཞིན་ཡུལ་དེའི་མི་རྣམས་ཀྱི་སེམས་ཁམས་ཀྱི་འཇིག་རྟེན་ཇི་མ་ཇི་བཞིན་མཚོན་ཡོད་པ་རེད།

རྒྱ་མཚོ་ངོས་ལས་མཐོ་ཚད་སྨི5000ཡན་གྱི་མཚེའུ་ཆེ་ཤོས་ཀྱི་འཁྱག་རོམ་སྟེང་དང་ཡར་ཀླུང་གཙང་པོའི་ངོགས་ཀྱི་སྨི200ཡོད་པའི་བྲག་རི་གཡང་གཟར། བྱང་ཐང་མི་མེད་ལུང་སྟོང་གི་སྲོག་ཆགས་སོགས་ཀྱི་སྣོད་བཅུད་དག་ཐེངས་དང་པོར་དྭངས་ཤིང་གསལ་བའི་ངང་བརྙན་ལེན་བྱས་པ་རེད། བརྙན་ལེན་དུས་ལམ་ཐག་སྤྱི་ལེ་ཁྲི10ལྷག་ཙམ་བསྐྱོད་ནས་བོད་ལྗོངས་དང་མཚོ་སྔོན། སི་ཁྲོན། ཡུན་ནན། ཀན་སུའུ་སོགས་མདོ་དབུས་མཐོ་སྒང་གི་ས་ཆ་དྲུག་ཅུ་ལྷག་ཙམ་ལ་བསྐྱོད། འདི་ནི་བརྙན་ལེན་གྱི་ས་ཁོངས་རྒྱ་ཆེ་བའི་མདོ་དབུས་མཐོ་སྒང་སྐོར་གྱི་གནས་ཚུལ་དངོས་མཚོན་པའི་གློག་བརྙན་ཞིག་དང་ཀྲུང་གོའི་རྒྱལ་ནང་གི་གནས་ཚུལ་དངོས་མཚོན་པའི་གློག་བརྙན་ཞིག་ཀྱང་ཡིན།

གློག་བརྙན་འདིར་ཁྱོན་བསྡོམས་ལེའུ་དྲུག་ཡོད་པ་དང་ལེའུ་རེ་སྐར་མ46ཡོད་དེ། ལེའུ་དང་པོར་མི་དང་སྲོག་ཆགས་བར་གྱི་གསང་བའི་སྐོར་བརྗོད་པ། ལེའུ་གཉིས་པར་མི་རྣམས་ཀྱིས་རང་བྱུང་ཁམས་ལ་བརྟེན་ནས་འཚོ་གནས་བྱེད་བཞིན་པ། ལེའུ་གསུམ་པར་མདོ་དབུས་མཐོ་སྒང་གི་རྩྭ་ཐང་གི་འཚོ་བ། ལེའུ་བཞི་བར་མི་དང་ཆུ་བོའི་བར་གྱི་གཏམ་རྒྱུད། ལེའུ་ལྔ་བར་རི་བོ་དང་མིའི་རིགས་བར་གྱི་བརྟེན་ཅིང་བརྟེན་པའི་འབྲེལ་བ། ལེའུ་དྲུག་པར་གློག་བརྙན་འདི་ཕབ་སྐྲུན་དང་བརྙན་ལེན་སྐབས་ཀྱི་གཏམ་རྒྱུད་བཅས་བརྗོད་ཡོད།

རང་བྱུང་ཁམས་རྒྱབ་ལྗོངས་སུ་བྱས་ཏེ་མཚོ་བོད་མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཚེ་སྲོག་དང་འཆམ་མཐུན་གྱི་འཚོ་བ། བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན། སྲོལ་རྒྱུན་གྱི་འཚོ་བའི་རྣམ་པ། རང་བྱུང་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་བཅས་བསྟན་པ་རེད། 《འཛམ་གླིང་ཡང་རྩེ》ཡིས་མཐོ་སྒང་གི་ཐུན་མིན་གྱི་ཁོར་ཡུག་ནང་མི་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་སྣ་མང་མཚོན་ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི5000ལྷག་གི་གངས་རིའི་ལྗོངས་སུ་འཚོ་བའི་བོད་མིས་དུས་རྒྱུན་གྱི་འཚོ་བ་ག་འདྲ་ཡིན་པ་དང་། འབྲོག་ལས་དང་ཞིང་ལས་ཇི་ལྟར་གཉེར་ཚུལ། ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར། ད་དུང་ཡུལ་སྲོལ་གོམས་གཤིས་སོགས་ཇི་ལྟར་རྒྱུན་འཛིན་བྱེད་བཞིན་ཡོད་པ་སོགས་མཐོང་ཐུབ།

སྔ་མའི་བོད་ཁུལ་གྱི་གནས་ཚུལ་སྟོན་པའི་དངོས་ཞུས་གློག་བརྙན་དག་དང་བསྡུར་ན《འཛམ་གླིང་ཡང་རྩེ》ནི་ཧ་ཅང་ཁྱད་ཆོས་ལྡན་པའི་དངོས་ཞུས་གློག་བརྙན་ཞིག་ཡིན་པས། དེས་བོད་ཁུལ་གྱི་རི་དང་ཆུའི་ཉམས་མྱོང་ཁོ་ན་བསྟན་པ་མ་ཡིན་ལ། བོད་མིའི་འཚོ་བའི་ཁོར་ཡུག་དངོས་སུ་ཟབ་ཞུགས་བྱས་ནས་ས་ཆ་སོ་སོས་མི་རྣམས་ཀྱི་རེ་འདུན་དང་འབད་བརྩོན། རྒྱུན་འཛིན་སོགས་ལ་དམིགས་ཏེ་མི་དང་སྲོག་ཆགས་བར་དང་། མི་དང་རི་ཆུའི་བར། མི་དང་མི་བར་འཆམ་མཐུན་མཉམ་སྡོད་བྱེད་ཚུལ་བསྟན། 《འཛམ་གླིང་ཡང་རྩེ》ཡིས་ཐོག་མཐའ་བར་གསུམ་དུ་བོད་མིའི་ཚེ་སྲོག་ལ་བརྩེ་བཀུར་བྱེད་པ་དང་རང་བྱུང་ཁམས་ལ་བརྩེ་བཀུར་བྱེད་པའི་སྙིང་དོན་བསྟན་ཡོད་པ་རེད།



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-06

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།