ཀྲུང་གོའི་ཤེས་རིག་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དེ་རིང་གི་ཀྲུང་གོ་ནི་ཁྱད་མཚར་བའི་འཕེལ་རྒྱས་ཀྱི་ལམ་ལ་བསྙེགས་ནས་ལོ་རྒྱུས་གསར་བའི་དུས་མཚམས་སུ་འགྲེང་ཏེ། ཁྱོན་ཡོངས་ནས་གཏིང་ཟབ་སྒོས་བསྒྱུར་བཅོས་བྱས་ཏེ་འཛམ་གླིང་ཁྱོན་ལ་ལག་རྡང་སྦྲེལ་ནས་མུ་མཐུད་དུ་དཔལ་འབྱོར་འཕེལ་ཕྱོགས་གསར་བ་ཅན་དུ་བཏང་ནས་མདུན་དུ་སྐྱོད། གོ་ལ་ཧྲིལ་བོ་དེང་རབས་ཅན་གྱི་ལམ་ལ་བསྙེག་པར་བྱེད་པའི་གསར་གཏོད་མཁན་དང་སྣེ་སྟོན་པ་ཡིན། འཕེལ་རྒྱས་ཀྱི་གོམ་འགྲོས་ཇེ་མགྱོགས་སུ་བཏང་ནས་རྣམ་པ་གསར་བའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་བླང་བྱའི་འོག་ཆ་འཕྲིན་ལག་རྩལ་གྱི་ཁོ་ལག་རྫོགས་ཤིང་རྣམ་པ་གསར་བའི་ཤེས་རིག་གྲོང་ཁྱེར་གྱི་འཛུགས་སྐྲུན་ཤ་འོད་བཞིན་བརྡོལ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国智慧城市
1 ​ངོ་སྤྲོད། 

ལོ་དུ་མའི་རིང་རྣམ་པ་གསར་བའི་ཤེས་རིག་གྲོང་ཁྱེར་རང་རྒྱལ་དུ་རིམ་གྱིས་བྱུང་ཞིང་ཆབ་དཔལ་རིག་གསུམ་བཅས་ཀྱི་ཐད་དུ་སིམ་ནས་ཆབ་འབངས་ཕལ་བའི་འཚོ་བར་བསྒྱུར་བཅོས་བཏང་། དྲྭ་རྒྱ་བདེ་འཇགས་ངང་འཕེལ་རྒྱས་ཕྱིན་པ་བརྒྱུད། དྲྭ་རྒྱའི་མ་ལག་གི་བདེ་འཇགས་ལ་འགན་སྲུང་བྱས་པས་གྲོང་ཁྱེར་གྱི་ཆ་འཕྲིན་བདེ་བླག་ངང་འཁོར་སྐྱོད་བྱས། སྐྱེ་ཁམས་སྲུང་སྐྱོང་ཚད་མཐོ་བའི་དམིགས་འདུན་དུ་བཟུང་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱས་ཏེ་གྲོང་ཁྱེར་སྔར་ལས་མཛེས་པར་བརྒྱན། གནད་འཕིགས་བཅོས་བསྒྱུར་བཟང་པོ་བྱས་ནས་གྲོང་ཁྱེར་དཔལ་ཡོན་ཅན་དུ་བཏང་པ་དེས་གྲོང་ཁྱེར་ཚན་རིག་ཅན་དང་ཁྲིམས་སྐྱོང་ཅན་དུ་བཏང་ནས་གྲོང་ཁྱེར་འཕེལ་རྒྱས་ལ་སྐུལ་འདེད་བཏང་། དམངས་ཕན་ཞབས་ཞུ་སྣ་མང་སྤེལ་ནས་དམངས་ཀྱི་འཚོ་བར་མཐོར་འདེགས་བཏང་ནས་ཤེས་རིག་ཅན་གྱི་གྲོང་ཁྱེར་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་པ་བརྒྱུད། མི་ཡི་ཁེ་ཕན་གཞི་རྩར་བཟུང་ནས་རྒྱུན་མཐུད་འཕེལ་རྒྱས་རྩ་བར་བཟུང་། ལོ་དུ་མར་རང་རྒྱལ་གྱི་ཤེས་རིག་གྲོང་ཁྱེར་འཛུགས་སྐྲུན་ལས་ཐོག་མར་ལག་ལེན་ནས་སྒྲིག་སྲོལ་འཐུས་ཚང་ཅན་དུ་བཏང་ནས་གྲུབ་འབྲས་གཙོ་བོར་བཟུང་། མ་འོངས་པར་ཀྲུང་གོའི་གསར་གཏོད་དང་མཉམ་སྤྱོད། ལྗང་མདོག སྙོམས་སྒྲིག ཕྱིར་གཏོང་བཅས་ཀྱི་སྣེ་ཁྲིད་འོག དེང་རབས་ཅན་གྱི་ལག་རྩལ་སྤྱད་དེ་ཤེས་རིག་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་མངོན་འགྱུར་ཡོང་བར་བྱེད་ཕྱོགས་སྣ་མང་བཏོན་ཏེ་མ་འོངས་པར་ཁ་ཕྱོགས་རྒྱུ། 

2 ཤེས་རིག་ཞིང་ལས།

གནའ་སྔ་མོའི་དུས་ནས་བཟུང་ཞིང་ལས་ཀྱིས་སྤྱི་ཚོགས་འཚོ་བའི་ཐོན་སྐྱེད་ཀྱི་ཐད་དུ་ནུས་པ་ཆེན་པོ་ཐོན་ཡོད་ལ་ཞིང་ལས་ནི་རྒྱལ་དམངས་དཔལ་འབྱོར་ཇེ་བརྟན་དང་འཕེལ་རྒྱས་འགྲོ་བའི་རྨང་གཞི་ཡིན་ཞིང་སྤྱི་ཚོགས་བདེ་འཇགས་དང་རྒྱལ་ཁབ་ཀྱི་རང་སྟོབས་འཕེལ་བའི་རྨང་གཞི་ཡང་ཡིན། ཆ་འཕྲིན་ལག་རྩལ་འཕེལ་རྒྱས་འགྲོ་བ་དང་བསྟུན། ཞིང་ལས་དེང་རབས་ཅན་དེ་ཡང་ཐེམ་སྐས་གསར་བའི་སྟེང་འཛེགས་པ་དང་ཤེས་རིག་ཞིང་ལས་ཞེས་པའང་རིམ་གྱིས་མི་རྣམས་ཀྱི་མཐོང་ལམ་དུ་སྣང་ནས་ཤེས་རིག་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར། ཤེས་རིག་ཞིང་ལས་ནི་ཐོན་སྐྱེད་ཀྱི་ཆེས་མཐོ་བའི་རྣམ་པ་ཡིན་ཞིང་ཆེས་ཚད་མཐོ་བའི་ངང་དེང་རབས་ཆ་འཕྲིན་ལག་རྩལ་གྱི་གྲུབ་འབྲས་མངོན་ཡོད།  ཕྱོགས་བསྡུས་ཀྱིས་དྲྭ་རྒྱའི་ལག་རྩལ་དང་དངོས་འབྲེལ་དྲྭ་རྒྱ། 3Sལག་རྩལ་བཅས་རྒྱང་འཛིན་ཚོད་འཛིན་བྱེད་ཐབས་དང་གནོད་སྐྱོན་སེལ་ཐབས་བཅས་ཀྱི་ཐད་དུ་གནད་དུ་འཕིགས་པའི་རྨོ་འདེབས་ལག་རྩལ་དེ་མཐོང་སྣང་གི་རྣམ་པའི་སྒོ་ནས་དོ་དམ་བྱེད་ཐུབ།

ཤེས་རིག་ཞིང་ལས་ནི་རང་རྒྱལ་གྱི་ཞིང་ལས་དེང་རབས་ཅན་དུ་འཕེལ་རྒྱས་འགྲོ་བའི་རྒྱུ་ལམ་ཉག་གཅིག་ཡིན། དེས་ནུས་ལྡན་གྱི་སྒོ་ནས་ཞིང་ལས་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་གཏོང་ཐུབ་པ་དང་ཚད་མཐོ་བའི་སྒོ་ནས་ཞིང་ལས་ཐོན་སྐྱེད་ཀྱི་གཉེར་སྟངས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་ལའང་ནུས་པ་ཐོན་ཐུབ་པར་མ་ཟད་ཞིང་ལས་ཞིབ་ཚགས་ཅན་དང་ཚད་མཐོའི་རང་བཞིན་ཅན་དུ་བདེ་ཐང་ལྡན་པའི་སྒོ་ནས་འཕེལ་རྒྱས་གཏོང་ཐུབ། གོམ་གང་མདུན་སྤོས་སྒོས་རང་རྒྱལ་ནི་ཞིང་ལས་རྒྱལ་ཁབ་ཆེན་མོ་ནས་ཞིང་ལས་དར་བའི་རྒྱལ་ཁབ་སུ་འཕེལ་རྒྱས་འགྲོ་བར་གྲུབ་འབྲས་གཡུར་དུ་ཟ་བ་ལོན་དགོས། 

3 ཤེས་རིག་ཕྱུགས་ལས།

ཕྱུགས་ལས་དར་རྒྱས་བྱུང་བ་ནི་དམངས་ཀྱི་འཚོ་བའི་ཐད་ལ་འབྲེལ་བ་ཆེན་པོ་ལྡན་པས་ཕྱུགས་ལས་ཐོན་རྫས་ཀྱི་སྤུས་ཚད་དང་ཆུ་ཚད་ཀྱིས་ཐད་ཀར་དུ་མིའི་རིགས་ཀྱི་འཚོ་བར་འཕེལ་རྒྱས་དང་ཤུགས་རྐྱེན་ཐེབས་སྲིད། འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་ཡུན་རིང་གནས་པ་ལ་ཡང་འབྲེལ་བ་ཡོད། ཆ་འཕྲིན་ལག་རྩལ་འཕེལ་རྒྱས་འགྲོ་བ་དང་དེང་རབས་ཕྱུགས་ལས་ཀྱི་གཉེར་སྟངས་འཕེལ་རྒྱས་འགྲོ་བའི་ཆ་རྐྱེན་འོག་ཤེས་རིག་ཕྱུགས་ལས་ནི་རིམ་གྱིས་བྱུང་ཞིང་ཤེས་རིག་ཡང་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར། ཤེས་རིག་ཕྱུགས་ལས་ནི་རྩིས་འཕྲུལ་དྲྭ་རྒྱའི་ལག་རྩལ་དང་རྩ་གཉིས་ཨང་བཤེར། སྐུད་མེད་སྡུད་ལེན་དཔྱོད་བྱེད་ཀྱི་ལག་རྩལ་དང་སྡོད་སྟངས་གཏན་ཁེལ་བཅས་ཀྱི་ཐབས་ལ་བརྟེན་ནས་ཕྱུགས་ལས་འཕེལ་རྒྱས་ཀྱི་གནད་དུ་འཁེལ་བའི་དོ་དམ་གྱི་བྱེད་ཐབས་སྤྱད་པས་ཕྱུགས་ལས་དེ་ཚད་མཐོ་བའི་ཆུ་ཚད་དུ་སླེབས་ཐུབ། ཤེས་རིག་ཕྱུགས་ལས་ནི་ལག་རྩལ་དང་ཁེ་བཟང་མཉམ་དུ་བསྡེབས་པའི་ལས་གཞི་ཞིག་ཡིན་ཕྱིན་ཤེས་རིག་ཕྱུགས་ལས་འཕེལ་རྒྱས་གཏོང་བའང་དེ་ཡིན། ཤེས་རིག་ཕྱུགས་ལས་ཆ་འཕྲིན་དྲྭ་རྒྱ་ཅན་དུ་གཏོང་བ་དང་ལྟ་རྟོག་བྱེད་པར་མཚོན་གྲངས་རྣམ་པ་ཅན་གྱི་སྒོ་ནས་ཐོན་སྐྱེད་ཀྱི་ནུས་པ་ཇེ་མཐོ་དང་ནུས་ཚད་བཟང་བ། ཤེས་རིག་ཕྱུགས་ལས་འཕེལ་རྒྱས་གཏོང་དགོས་ན་ཤེས་རིག་ཅན་གྱི་ཕྱུགས་ལས་ཆ་འཕྲིན་ཅན་དུ་གཏོང་བ་དང་རིམ་གྱིས་ཕྱུགས་ལས་གཉེར་མཁན་གྱི་སྤུས་ཚད་མཐོར་འདེགས་གཏོང་བ་དང་མུ་མཐུད་ནས་ཕྱུགས་རིགས་ཀྱི་འགོས་ནད་འགོག་སྲུང་དང་ཕྱུགས་ལས་ཀྱི་ཐོན་རྫས་བདེ་འཇགས་དང་བདེ་ཐང་ཅན་དུ་བཏང་ནས་སྲོལ་རྒྱུན་གྱི་ཕྱུགས་རིགས་གཉེར་སྟངས་དེ་རྣམ་པ་བསྒྱུར་ནས་ཆ་འཕྲིན་ཅན་གྱི་རྣམ་པའི་སྒོ་ནས་འཕེལ་རྒྱས་གཏོང་དགོས། 

4 དོན་སྙིང་། 

ཤེས་རིག་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་གྲོང་ཁྱེར་གྱི་རྒྱུན་མཐུད་འཕེལ་ཕྱོགས་མངོན་འགྱུར་བྱེད་དགོས་ཤིང་ལག་རྩལ་གྱི་བཀོལ་ཐབས་དེ་ཡང་ཆ་འཛོམས་པོའི་ངང་གྲོང་ཁྱེར་གྱི་ནུས་གྲོན་གྱི་ཐད་དུ་སྤྱད་ནས་གྲོང་ཁྱེར་གྱི་ཞིབ་ཚགས་ཡིན་ཞིང་རིག་སྟོབས་རྒྱས་པའི་དོ་དམ་མངོན་འགྱུར་ཡོང་བར་བྱས་ནས་ནུས་ཁུངས་ཟད་གྲོན་ཇེ་ཉུང་། ཁོར་ཡུག་བཙོག་སྒྱུར་ཇེ་ཉུང་། ཉེན་ཁ་ཇེ་ཉུང་གཏོང་དགོས། ཤེས་རིག་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་ཆ་འཕྲིན་གྱི་ལག་རྩལ་བཀོལ་དགོས་ཤིང་འཛུགས་སྐྲུན་གྱི་གོ་རིམ་ཁྲོད་དུ་སྙོམས་སྒྲིག་དང་བསྔོག་འདོན། ཚན་རྩལ་གྱི་ལག་ཆ་བེད་སྤྱད་དེ་མིའི་རིགས་ཀྱི་རིག་པའི་བཅུད་བསྡུས་ནས་རིག་སྟོབས་འབར་བར་བྱས་ནས་ཞིབ་ཚགས་ལྡན་པའི་གྲོང་ཁྱེར་དོ་དམ་ཡང་མངོན་འགྱུར་ཡོང་དགོས། ཤེས་རིག་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་སྟོབས་ཤུགས་འཐབ་ཕྱོགས་སུ་འཛིན་དགོས། འོན་ཀྱང་དེས་གཞི་རྒྱ་ཆེ་བའི་ངང་དངོས་འབྲེལ་དྲྭ་རྒྱའི་འཐབ་ཕྱོགས་དང་གསར་དར་ཐོན་ལས་ལ་འཕེལ་རྒྱས་གཏོང་མི་ཐུབ་ཞིང་སྨན་བཅོས་དང་འགྲིམ་འགྲུལ། སྐྱེལ་འདྲེན། དངུལ་རྩ། སློབ་གསོ། ནུས་ཁུངས་བཅས་ཀྱི་ཐད་དུ་ནུས་པ་ཆེན་པོ་ཐོན་ཐུབ་པ་མ་ཟད་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་སྟོབས་ཤུགས་ཇེ་རྒྱས་སུ་གཏོང་བར་དོན་སྙིང་ལྡན་པའི་ནུས་པ་ཐོན་ཐུབ། ཤེས་རིག་གྲོང་ཁྱེར་འཛུགས་སྐྲུན་བྱེད་རྒྱུ་ནི་རྒྱུན་རིང་ཞིང་རྙོག་འཛིང་ཆེ་བའི་གོ་རིམ་བརྒྱུད་དགོས་ཤིང་འཛམ་གླིང་ཧྲིལ་བོའི་འཕེལ་ཕྱོགས་དང་བསྟུན་ནས་མུ་མཐུད་དུ་འཕེལ་རྒྱས་འགྲོ་དགོས་ལ། དུས་རབས་ཀྱི་འགྱུར་ལྡོག་དང་བསྟུན་ནས་འགྲོ་དགོས་ཤིང་མ་འོངས་པར་དམངས་ཀྱི་འཚོ་བ་དང་གྲོང་ཁྱེར་ལེགས་བཅོས་ཀྱི་ཐད་དུ་ནུས་པ་བླ་ལྷག་འདོན་ཐུབ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-15

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།