ཧྲི་པ་ཕན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྲི་པ་ཕན་ཞེས་པ་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདོ་ལ་རྫོང་གི་ལྷོ་ཕྱོགས་དང་བཙུན་མོ་གཞོང་གྲོང་མི་དམངས་སྲིད་གཞུང་གི་ལྷོ་ཕྱོགས་ཀྱི་སྤྱི་ལེ18མཚམས་སུ་ཡོད་ལ། མཚོ་ངོས་ལས་མཐོ་ཚད་ལ་སྨི4141ཡོད། ཧྲི་པ་ཕན་ནི་རྒྱ་སྐད་དེ་རི་ལམ་ཀྱ་ཀྱུ་མང་བོའི་དོན་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
十八盘
རིགས་དབྱེ།
རི་བོ།
མཚོ་འཕགས།
སྨི4141ཡོད།
གནས་ཡུལ།
མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདོ་ལ་རྫོང་བཙུན་མོ་གཞོང་གྲོང་རྡལ།
1 ​ངོ་སྤྲོད་མདོར་བསྡུས།

ཧྲི་པ་ཕན་ནི་རྒྱ་སྐད་དེ་རི་ལམ་ཀྱ་ཀྱུ་མང་བོའི་དོན་ཡིན། མདོ་ལ་རིང་མོའི་བདེ་ཆེན་གངས་རིའི་རི་རྒྱུད་ཁོངས་སུ་གཏོགས། རི་རྒྱུད་ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་བསྲིངས་ཡོད་ཅིང་། རིང་ཚད་ལ་སྤྱི་ལེ5དང་མཚོ་ངོས་ལས་མཐོ་ཚད་ལ་ སྨི4141ཡོད། སྟོང་སྐོར་ནས་ཅཱ་ཡུས་ཀོན་བར་གྱི་གཞུང་ལམ་དེ་གསེར་ཆེན་རི་ངོས་སུ་གཡུ་འབྲུག་བཞིན་དུ་ཀྱ་ཀྱུ་མང་པོ་བརྒྱུད་ནས་ཡོད་པས་རི་མིང་ལ་དེ་ལྟར་བཏགས། རྫ་མཐོ་སྤང་རྩྭའི་རིགས་ཀྱི་རྩྭ་སར་གཏོགས། སྐྱེ་དངོས་ཀྱི་ཁེབས་ཚད་ཧ་ལམ་བརྒྱ་ཆའི70ཙམ་ཡིན། རྩྭ་མང་ཤོས་ནི་མཁན་པ་སོགས་ཡིན་ལ། ཏང་ཀུན་དཀར་པོ་སོགས་སྨན་རྩྭའི་རིགས་ཀྱང་ཡོད། ད་ལྟ་བཙུན་མོ་གཞོང་གྲོང་རྡལ་སྒར་ཐེམ་སྡེ་བའི་དབྱར་ས་ཡིན།


བརྡ་འགྲེལ་གདོང་འཛར།

གངས་རི། རི་རྒྱུད། སྨན་རྩྭ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-29

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།