ན་འདམ་རི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ན་འདམ་རི་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདོ་ལ་རྫོང་གི་ནུབ་བྱང་ཕྱོགས་དང་བཙུན་མོ་གཞོང་གྲོང་རྡལ་མི་དམངས་སྲིད་གཞུང་གི་ནུབ་བྱང་ཕྱོགས་ཀྱི་སྤྱི་ལེ25.8ཀྱི་མཚམས་སུ་ཡོད་ལ། ན་འདམ་ལུང་བའི་ཉེ་འདབས་སུ་ཡོད་པས་མིང་དེ་ལྟར་བཏགས། མཚོ་ངོས་མཐོ་ཚད་ལ་སྨི4118ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
大沼泽山
རིགས་དབྱེ།
རི་བོ།
མཚོ་འཕགས།
སྨི4118ཡོད།
གནས་ཡུལ།
མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདོ་ལ་རྫོང་བཙུན་མོ་གཞོང་གྲོང་རྡལ།
1 ངོ་སྤྲོད་མདོར་བསྡུས།

ན་འདམ་རི་ནི་མཚོ་བྱང་ཁུལ་མདོ་ལ་རིང་མོའི་བྱང་རྒྱབ་ལྷོ་རིའི་རི་རྒྱུད་ཁོངས་སུ་གཏོགས། རི་རྒྱུད་ལྷོ་ནས་བྱང་ཕྱོགས་སུ་བསྲིངས་ཡོད་ཅིང་། རིང་ཚད་ལ་སྤྱི་ལེ4དང་མཚོ་ངོས་ལས་མཐོ་ཚད་ལ་སྨི4118ཡོད། ན་འདམ་ལུང་བའི་ཉེ་འདབས་སུ་ཡོད་པས་མིང་དེ་ལྟར་བཏགས། རྫ་མཐོ་ན་འདམ་སྤང་རྩྭའི་རིགས་ཀྱི་རྩྭ་སར་གཏོགས། སྐྱེ་དངོས་ཀྱི་ཁེབས་ཚད་ཧ་ལམ་བརྒྱ་ཆའི40ཙམ་ཡིན། རྩྭ་མང་ཤོས་ནི་མཁན་པ་སོགས་ཡིན་ལ། སྤྲུ་ནག་དང་ཏང་ཀུན་དཀར་པོ་སོགས་སྨན་རྩྭའི་རིགས་ཀྱང་ཡོད། མཐའ་འཁོར་དུ་གནའ་དང་གོང་མོ་སོགས་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་ཡོད། ད་ལྟ་བཙུན་མོ་གཞོང་གྲོང་རྡལ་སྟོང་སོ་ཀླད་སྡེ་བའི་དབྱར་ས་ཡིན།


བརྡ་འགྲེལ་གདོང་འཛར།

ན་འདམ་རི། སྤང་རྩྭ། རི་རྒྱུད།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-29

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།