རྒྱལ་ཁབ་རྩ་ཁྲིམས་ཉིན་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་ཁབ་རྩ་ཁྲིམས་ཉིན་མོ།
སྤྱི་ལོ2014ལོའི་ཟླ11པའི་ཚེས1ཉིན་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་གཅིག་པ་ལས་ཟླ12པའི་ཚེས4ཉིན་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་རུ་གཏན་ཁེལ་བྱས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国家宪法日
ཕྱི་ཡིག་གི་མིང་།
The State Constitution Day
དུས་ཚོད།
ཟླ12པའི་ཚེས4ཉིན།
1 ངོ་སྤྲོད། 

སྤྱི་ལོ2014ལོའི་ཟླ12པའི་ཚེས4ཉིན་ནི་རང་རྒྱལ་གྱི་རྩ་ཁྲིམས་ཉིན་མོ་གཏན་ཁེལ་བྱས་པ་ཡིན་ཏེ། ཟླ10པའི་ཚེས23ཉིན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ལས་ཉིན་དེ་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་རུ་གཏན་ཁེལ་བྱ་རྒྱུའི་གྲོས་འགོ་བཏོན། ཟླ11པའི་ཚེས1ཉིན་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཀྱི་གྲོས་ཚོགས་ལས་ཐག་བཅད་དེ་ཁྲིམས་འཛུགས་ཀྱི་རྣམ་པའི་སྒོ་ནས་གཏན་ཁེལ་བྱས་པ་རེད། རྩ་ཁྲིམས་ནི་རང་རྒྱལ་གྱི་རྩ་བའི་རྩ་དོན་ཡིན་པས་དེར་ཁྲིམས་ལུགས་ཀྱི་ནུས་པ་ཆེན་པོ་ལྡན་ཞིང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་ཡོད་ཚད་ཀྱི་གྲས་ལས་ཆེས་མཐོ་པའི་གོ་གནས་བཟུང་ཡོད། ཁྲིམས་ལུགས་ཡོད་ཚད་ནི་རྩ་ཁྲིམས་ལ་བརྟེན་ནས་བྱུང་བ་ཡིན་པས་རྩ་ཁྲིམས་ནི་ཁྲིམས་ལུགས་ཀུན་གྱི་མ་ཡུམ་ལྟ་བུར་གྱུར་ཡོད་ཅིང་། ཁྲིམས་ལུགས་ཡོད་ཚད་དང་སྲིད་འཛིན་ཁྲིམས་སྲོལ། ས་གནས་རང་བཞིན་ཅན་གྱི་ཁྲིམས་སྲོལ་དག་རྩ་ཁྲིམས་དང་དོ་ཟླར་ལངས་མི་ཆོག ཁྲིམས་ལུགས་ཀྱི་བདག་དབང་སྲུང་སྐྱོབ་བྱེད་དགོས་ན་ཐོག་མར་རྩ་ཁྲིམས་ཀྱི་བདག་དབང་ལ་སྲུང་སྐྱོབ་བྱེད་དགོས། རྩ་ཁྲིམས་ཉིན་མོ་གཏན་ཁེལ་བྱས་པ་དེ་ནི་ཏང་དང་རྒྱལ་ཁབ་ཀྱིས་ཁྲིམས་ལུགས་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བའི་ཆོད་སེམས་བརྟན་པོ་དེ་ཡིན་ལ། རྩ་ཁྲིམས་ཀྱི་གླེང་གཞི་ལས་གསལ་བོར་བསྟན་དོན་རྒྱལ་ཡོངས་ཀྱི་མི་དམངས་ཡོད་ཚད་དང་ལས་ཁུངས་སོ་སོ། ཏང་སྲིད་ཚན་ཁག་དང་སྤྱི་ཚོགས་ཀྱི་ཚོགས་པ་སོ་སོ། ཁེ་ལས་ལས་ཁུངས་སོགས་ཀྱིས་རྒྱལ་ཁབ་ཀྱི་རྩ་དོན་གཞིར་འཛིན་དགོས་ཤིང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་སྲུང་ནན་མོ་བྱེད་དགོས། ཁྲིམས་ལུགས་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་དགོས་ན་ཐོག་མར་རྩ་ཁྲིམས་ཀྱི་རྩ་བའི་རྩ་དོན་ལ་བརྩི་སྲུང་དང་ལག་བསྟར་ནན་མོ་བྱེད་དགོས་པའི་མི་ཚད། ད་དུང་རྩ་ཁྲིམས་ཀྱི་དབང་ཆར་སྲུང་སྐྱོབ་བྱས་ནས་རྩ་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བར་མངོན་འགྱུར་བྱེད་དགོས། 

2 རྒྱབ་ལྗོངས།

དོན་དངོས་ཐོག་རྒྱལ་ཁབ་རྩ་ཁྲིམས་ཉིན་མོར་གཏན་ཁེལ་བྱེད་རྒྱུ་དེ་ནི་ཁྲིམས་ལུགས་སྡེ་ཁག་སོ་སོ་ནས་སྔར་ནས་འབོད་སྐུལ་བསྒྲགས་མྱོང་ཡོད་དེ། ཟླ12པའི་ཚེས4ཉིན་ཀྲུང་གོའི་རྒྱལ་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་སྒྲོག་ཉིན་མོ་རུ་གཏན་ཁེལ་བྱེད་དོན་ཡང་ད་ལྟ་ལག་བསྟར་བྱེད་བཞིན་པའི་རྩ་ཁྲིམས་ནི་སྤྱི་ལོ1982ལོའི་ཟླ12པའི་ཚེས4ཉིན་དངོས་སུ་ལག་བསྟར་བྱས་པ་ཡིན། ཐེངས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་བཞི་པ་ལས་ནན་གྱིས་བསྟན་དོན། ཁྲིམས་ལུགས་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་དགོས་ན་ཐོག་མར་རྩ་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་དགོས་པས་རྒྱལ་ཡོངས་ཀྱི་དམངས་ཆེན་འཐུས་མིས་ཁྲིམས་འཛུགས་ལྟར་རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་རུ་གཏན་ཁེལ་བྱས་པ་རེད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-07-25

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།