ཞུའི་ཀོང་ཆི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞུའི་ཀོང་ཆི།
ཞུའི་ཀོང་ཆི་ནི་མིང་རྒྱལ་རབས་དུས་མཇུག་ཏུ་སྐུ་འཁྲུངས་པའི་ཚན་རིག་པ་ཡིན་ལ། གནའ་རབས་ཚན་རིག་དང་ཉེ་རབས་ཚན་རིག་གཉིས་ཀྱི་ཉིང་མཚམས་སྦྱོར་མཁན་ཡང་རེད་དེ། ཞིང་ལས་ཆུ་བེད། གནམ་རིག སྐར་རྩིས་བཅས་པར་གཞན་དྲིང་མི་འཇོག་པའི་མཁས་པ་ཆེན་པོའོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
徐光启
ཕྱི་ཡིག་གི་མིང་།
Paul
མི་རིགས།
རྒྱ་རིགས།
ལས་རིགས།
ཚན་རིག་པ། ཆབ་སྲིད་པ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1562--1633ལོ)
1 ངོ་སྤྲོད།

ཞུའི་ཀོང་ཆི(སྤྱི་ལོ1562--1633ལོ)ནི་མིང་རྒྱལ་རབས་དུས་མཇུག་ཏུ་སྐུ་འཁྲུངས་པའི་ཚན་རིག་པ་ཡིན་ལ། གནའ་རབས་ཚན་རིག་དང་ཉེ་རབས་ཚན་རིག་གཉིས་ཀྱི་ཉིང་མཚམས་སྦྱོར་མཁན་ཡང་རེད་དེ། ཞིང་ལས་ཆུ་བེད། གནམ་རིག  སྐར་རྩིས་བཅས་པར་གཞན་དྲིང་མི་འཇོག་པའི་མཁས་པ་ཆེན་པོའོ།།

དམངས་ལ་ཕན་པ་དང་བདེ་སྐྱིད་རྫོགས་ལྡན་ཡོང་བའི་ཆེད་དུ། ཁོང་གིས་གནམ་རིག་དང་དམག་ཇུས། ཞིང་ལས། འཚོ་ཚིས། ཚྭ་ལས། ཆུ་བེད། གཞན་ཡང་བཟོ་རྩལ་དང་། རྩིས་རིག་བཅས་པར་སྦྱངས་ཤིང་། དེ་དག་ཀུན་ཀྱང་མང་ཚོགས་ལ་སྲི་ཞུ་བསྒྲུབ་པར་བསྔོས། ཁོང་གི་བྱས་རྗེས་ཆེས་ཆེ་བ་ནི། རང་རྒྱལ་གྱི་ཞིང་ལས་ལོ་རྒྱུས་སྟེང་ཆེས་སྔ་བའི《ཞིང་ལས་ཀུན་འདུས》ཞེས་པ་རྩོམ་སྒྲིག་མཛད་པ་དེའོ།།

ཁོང་ཉིད་ཞིང་པའི་ཁྱིམ་རྒྱུད་དུ་སྐུ་འཁྲུངས་ཤིང་། .jpgཆུང་དུས་ནས་སྒེར་ཚུགས་ཀྱི་བསམ་བློ་ཆགས་པ་དང་རྟོག་དཔྱོད་གཏོང་བར་གོམས། ཐེངས་ཤིག    ཁོང་ཉིད་ཞིང་པ་རྒན་པོ་ཞིག་གི་བལ་ཞིང་བརྒྱུད་དེ་འགྲོ་སྐབས། ཞིང་པ་རྒན་པོ་དེས་སྲིང་བལ་གྱི་ཟེའུ་འབྲུ་འཐོག་བཞིན་པ་དང་ཕྲད། དེར་ཁོང་གིས་མཚར་སྣང་དང་བཅས། “ཁྱེད་ཀྱིས་ཅིའི་ཕྱིར་སྲིང་བལ་གྱི་ཟེའུ་འབྲུ་འཐོག་པ་ཡིན་ནམ”ཞེས་དྲིས་པ་ན། ཞིང་པ་རྒན་པོ་དེས་ལན་དུ། “གསར་སྐྱེས་ཀྱི་གཞུང་རྟར་འབྲས་བུ་ཐོགས་མི་སྲིད། གལ་སྲིད་ཟེའུ་འབྲུ་མ་བཏོག་ཚེ། གཞུང་རྟ་སྐྱེ་དྲགས་པ་དང་། གསོ་བཅུད་མ་ལུས་ཟེའུ་འབྲུར་འཐིམ་སྟེ་འབྲས་བུ་སྨིན་ཐག་མི་ཆོད་པ་རེད། གལ་སྲིད་ཟེའུ་འབྲུ་བཏོག་ཚེ། འབྲས་བུ་ལེགས་པོ་འབྱུང་བ་དང་། འདི་ནི་ངའི་ལོ་གང་མང་རིང་གི་ཉམས་མྱོང་ཡིན”ཞེས་སྨྲས། ཁོང་གིས་ཞིང་པ་རྒན་པོ་དེའི་སྐད་ཆ་སེམས་ལ་བཟུང་ཞིང་། ཕྱིར་ཡོང་ནས་རང་ཉིད་ཀྱི་ཨ་ཕར་དེ་སྐད་བསྒྲོན་པ་ན། དང་ཐོག་ཡིད་མ་ཆེས་མོད། རྗེས་སུ་སྲིང་བལ་གྱི་འབྲས་བུ་སྨིན་པ་མཐོང་འཕྲལ་དགའ་ཐག་ཆོད་དེ“ཁྱོད་ནི་བདེན་པར་འདུག   ཟེའུ་འབྲུ་འཐོག་པའི་ཐབས་དེ་ཤིན་ཏུ་སྨན་སོང”ཞེས་བློ་ཡིད་ཚིམས་སོང་།

ཁོང་ནི་ནུབ་ཕྱོགས་ཀྱི་ཚན་རིག་གཞུང་ལུགས་ལོ་ཙཱ་བྱེད་མཁན་ཐོག་མའི་གྲས་ཀྱང་ཡིན་ཏེ། རྩིས་རིག་ནི་རིག་ཚན་ཀུན་གྱི་རྨང་རྡོ་ལྟ་བུར་དཔགས་ཏེ། དང་པོ་ཨིག་ཅི་ལིས་ཏི་ཡི《དབྱིབས་རྩིས་རྩ་གཞུང》བསྒྱུར་བར་བློ་ཐག་བཅད། ཁོང་གི་ལས་གྲོགས་ཏེ། དབྱི་ཐ་ལིའི་ཆོས་སྤེལ་མཁན་ལིས་མ་ཏིག་གིས་མགོ་བོ་འཕྲེད་དུ་གཡུག་ཞོར“རྩ་གཞུང་དེ་ནི་ནུབ་ཕྱོགས་ཀྱི་གཞུང་ཆེན་པོ་ཞིག་ཡིན་ལ། ནང་དོན་ཟབ་ཅིང་གོ་དཀའ་བས་བསྒྱུར་ཁག་པོ་རེད”ཟེར། ཡིན་ནའང་། ཁོང་གིས་བློ་ཐག་རྦད་ཆོད་ཀྱི་ངང་དུ“ང་རང་དཀའ་ཁག་ལས་གཡོལ་བར་གྱུར་ཚེ། དེ་ཉིད་ཀྱི་སྟོབས་ཇེ་ཆེར་འཕེལ་བ་དང་། གལ་སྲིད། ངས་དཀའ་ཁག་གི་ཁ་གཏད་བཅགས་ཚེ། དེ་ཉིད་རང་བཞིན་གྱིས་སེལ་འགྲོ་བ་དང་། མཐའ་མཇུག་གི་རྒྱལ་ཁ་ནི་ཁོ་བོར་དབང་ངེས”ཞེས་ལན་བཏབ། སྤྱི་ལོ1606ལོར། ཁོང་གིས་དཀའ་བ་མ་ལུས་བསད་དེ། ལིས་མ་ཏིག་དང་མཉམ་དུ་རྩ་གཞུང་དེ་ཆ་ཚང་བར་བསྒྱུར་ཅིང་། རང་རྒྱལ་གྱི་ཚན་རིག་བྱུང་འཕེལ་ཁྲོད། ཆེས་ཐོག་མར་བསྒྱུར་བའི་དབྱིབས་རྩིས་གཞུང་ལུགས་སུ་གྱུར།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-07-03

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།