ཀྲུའུ་ཤིས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུའུ་ཤིས།
ཀྲུའུ་ཤིས་ནི་ཀྲུང་གོའི་ལོ་རྒྱུས་སྟེང་མིང་དུ་གྲགས་པའི་བསམ་བློ་བ་དང་མཚན་ཉིད་པ། སློབ་གསོ་བ་སྟེ། རུའུ་ལུགས་བྱུང་འཕེལ་གྱི་ཁྲོད་ཁུང་ཙི་ཕུད་ཤུགས་རྐྱེན་ཆེས་ཆེ་བའི་རྡོ་རིང་ལྟ་བུའི་མི་སྣ་ཡིན་ལ། ཀྲུང་གོའི་རིག་གནས་ཀྱི་ཕྱོགས་གང་སར་བྱས་རྗེས་ཆེན་པོ་བཞག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
朱熹
མཚན་གཞན།
ཀྲུའུ་ཙི།    ཀྲུའུ་བུན་ཟུང་།
མི་རིགས།
རྒྱ་རིགས།
ལས་རིགས།
བསམ་བློ་བ། སློབ་གསོ་བ། མཚན་ཉིད་པ།
1 ​ངོ་སྤྲོད།

ཀྲུའུ་ཤིས(སྤྱི་ལོ1130-1200ལོ)ནི་ཀྲུང་གོའི་ལོ་རྒྱུས་སྟེང་མིང་དུ་གྲགས་པའི་བསམ་བློ་བ་དང་མཚན་ཉིད་པ། སློབ་གསོ་བ་སྟེ། རུའུ་ལུགས་བྱུང་འཕེལ་གྱི་ཁྲོད་ཁུང་ཙི་ཕུད་ཤུགས་རྐྱེན་ཆེས་ཆེ་བའི་རྡོ་རིང་ལྟ་བུའི་མི་སྣ་ཡིན་ལ། ཀྲུང་གོའི་རིག་གནས་ཀྱི་ཕྱོགས་གང་སར་བྱས་རྗེས་ཆེན་པོ་བཞག་ཡོད།

ཀྲུའུ་ཤིས་ནི་སུང་བྱང་མའི་དུས་སྐབས་སུ་འཁྲུངས་བའི་རུའུ་ལུགས་གསར་མའི་སྡུད་མཛད་ཆེན་མོ་པ་ཡིན་ལ། ཁོང་གིས་ཁྲིན་ཧོ་དང་ཁྲིན་ཡིས། ཀྲིག་ཡིས་ཏུང་། ཀྲང་ཙེ་སོགས་ཀྱི་ལྟ་དགོངས་རྒྱུན་འཛིན་དང་མཉམ་འདྲེས་གནང་ཐོག སུང་བྱང་མའི་ཏའོ་ལུགས་པའི་གྲུབ་མཐའ་ཆུང་ཁག་ཁ་ཤས་གཅིག་སྡུད་མཛད་དེ། རུའུ་ལུགས་གསར་མའི་བསམ་བློའི་མ་ལག་བསྐྲུན། ཚད་ངེས་ཅན་ཞིག་ནས་བཤད་ན། ཁོང་གི་བསམ་བློ་ནི་མི་རིགས་རིག་གནས་ཀྱི་མཚོན་བྱེད་ཡིན་ལ། དུས་རབས་ཀྱི་འཕེལ་རྒྱས་དང་མཐུན་པའི་བླ་མེད་ཀྱི་དགོངས་པའང་ཡིན། ཁོང་གི་དཔྱོད་ཤེས་ཀྱི་སྙིང་སྟོབས། ཁག་འཁུར་གྱི་འདུ་ཤེས། དངོས་འབེབས་ཀྱི་བླང་བྱ་བཅས་ཀྱིས་རུའུ་ལུགས་ཀྱི་གྲུབ་མཐའ་དེ་སྐས་རིམ་གསར་བ་ཞིག་ཏུ་བསྐྱལ་ཅིང་། རུའུ་ལུགས་ཀྱི་ལྟ་སྒོམ་སྤྱོད་གསུམ་དེ་མི་རིགས་ཧྲིལ་བོའི་རྩ་ལམ་དུ་ཁྱབ་པར་བྱས།

ཀྲུའུ་ཤིས་ཁོང་ནི་གནའ་རབས་རིག་གནས་ལ་ནང་བྱན་ཆུད་པ་ཞིག་སྟེ། .jpgཁོང་གིས《ཁུང་ཙིའི་གསུང་སྒྲོས》དང《མོན་ཙིའི་གསུང་སྒྲོས》ལས་གཞན། 《སྲིད་ལུགས་ཆེན་པོ》དང《བཏང་སྙོམས་སྨྲ་བ》བཅས་བཞི་བོ་ཕྱོགས་གཅིག་ཏུ་བདམས་ཏེ་མིང་གྲགས་ཆེ་བའི་གླེགས་བམ་ཆེ་བཞིར་བསྒྲིགས་པ་མ་ཟད་འགྲེལ་བ་རྒྱ་ཆེར་མཛད། དེ་ནི་ཡོན་རྒྱལ་རབས་ནས་ཆིང་རྒྱལ་རབས་བར་གྱི་རྒྱུགས་གཞི་གཙོ་གྲས་སུ་གྱུར་ཏེ་ཤུགས་རྐྱེན་བླ་ན་མེད་པ་ཐེབས། ཡིན་ནའང་། ཁོང་གི་ལྟ་དགོངས་དེ་གཞུང་ཕྱོགས་ཀྱི་ལག་ཆར་གྱུར་པ་ནས་བཟུང་སྟེ། མཁྲེགས་འཛིན་གྱི་ལམ་དུ་ཞུགས་ཤིང་། ལྷག་པར་དུ། རུའུ་ལུགས་ཁོ་ནར་བསྟེན་པའི་རྣམ་པ་དང་ཆབ་སྲིད་དབང་ཆ་གཉིས་རྐྱ་འཐབ་སྟེ། གྲུབ་མཐའ་གཞན་རྩིས་མེད་དང་རྡོག་རོལ་ཏུ་བཏང་བའི་ཉམ་ཆེན་ཆེན་པོ་བྱུང་བ་ནི་མི་འོས་པའི་གནས་སོ། །

མཁས་ཆེན་ཁོང་ལ་མཚོན་ན། སྐབས་དེར་གཞུང་ལུགས་སྨྲ་བ་གཞན་དག་དང་ཆོས་འབྲེལ་ཟམ་མ་ཆད་པར་ཡོད་དེ། ལུའུ་ཅིག་ཡོན་ཞུ་བ་དེའི་ལྟ་བ་ནི“སེམས་སྨྲ་བ”ཡིན་ཞིང་། ཀྲུའུ་ཤིས་ཁོང་དང་བར་ཁྱད་ཆེན་པོ་མཆིས། སྤྱི་ལོ1173ལོར། ཀྲུའུ་ཤིས་དང་ལུའུ་ཅིག་ཡོན་སོགས་ཅང་ཞི་ཞིང་ཆེན་ཁྲུང་མཚོ་དགོན་དུ་འཛོམས་པ་དང་། ཕན་ཚུན་རྩོད་གླེང་ཤོར་ཏེ་ཞལ་མ་འཆམ། རྗེས་སུ། ཀྲུའུ་ཤིས་ལ་བློ་བསྐྱེད་ཆེན་པོ་ཐོབ་སྟེ། རང་ཉིད་ལས་ལོ་ན་ཤིན་ཏུ་ཕྲ་བའི་ལུའུ་ཅིག་ཡོན་ལ་འཕྲིན་ཡིག་སྤྲིངས་ཤིང་རྗེས་སུ་ཡི་རང་གི་སེམས་འདུན་བརྗོད། དེ་ནི་ལོ་རྒྱུས་སྟེང་མིང་དུ་གྲགས་པའི་ཁྲུང་མཚོ་ཞལ་མཇལ་ཞེས་པ་དེའོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-07-09

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།