གན་རྒྱ་ཡི་གེ
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གན་རྒྱ་ཡི་གེ
གན་རྒྱ་ཡི་གེ་ཞེས་པ་ནི་འབྲེལ་ཡོད་ཚན་པའམ་མི་སྒེར་གྱིས་ལས་དོན་ཞིག་བསྒྲུབ་ཕྱིར་ཕྱོགས་གཉིས་ཀས་མཉམ་དུ་གྲོས་མོལ་བྱས་ནས་གྲོས་མཐུན་བྱུང་སྟེ་བྲིས་པའི་ཡི་གེ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
合同书
ཁོངས་གཏོགས།
རྩོམ་རིག
རིགས་དབྱེ།
གཞུང་ཡིག
1 ​གོ་དོན།

གན་རྒྱ་ཡི་གེ་ཞེས་པ་ནི་འབྲེལ་ཡོད་ཚན་པའམ་མི་སྒེར་གྱིས་ལས་དོན་ཞིག་བསྒྲུབ་ཕྱིར་ཕྱོགས་གཉིས་ཀས་མཉམ་དུ་གྲོས་མོལ་བྱས་ནས་གྲོས་མཐུན་བྱུང་སྟེ་བྲིས་པའི་ཡི་གེ་ཟེར།

2 དོ་སྣང་བྱེད་ཡུལ།

གཅིག གན་རྒྱ་དངོས་སུ་མ་བཞག་གོང་དུ་ཕན་ཚུན་གྲོས་མོལ་བྱས་ཏེ་གན་རྒྱ་བཞག་རྗེས་ཕྱོགས་གཉིས་ཀས་དེ་ལ་བརྩི་སྲུང་ནན་པོ་བྱེད་དགོས། གཉིས། ཕྱོགས་གཉིས་ཀའི་བར་གྲོས་དོན་བྱུང་བའི་ནང་དོན་གསལ་བོ་འབྲི་དགོས་ཁར། གན་རྒྱའི་ནང་དུ་གསལ་བའི་གཏན་འབེབས་དང་བྱ་ཐབས་རྣམས་ངེས་པར་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་སྲིད་ཇུས་ལ་མཐུན་པར་བྱེད་དགོས། གསུམ། སླད་ཕྱིན་གན་དོན་འགལ་རྐྱེན་མི་ཡོང་བའི་ཆེད་དུ་གན་དོན་བཙན་པོ་འབྲི་དགོས་པར་མ་ཟད། ཡི་གེའང་གྲ་དག་བྲིས་ཏེ་ཕྱོགས་གཉིས་ཀའི་མིང་འགོད་དགོས།

3 འབྲི་སྟངས།

འབྲི་ཤོག་གི་ཐིག་ཕྲེང་དང་བོའི་གཡོན་ངོས་སུ་ཚེག་ཁྱིམ་གཉིས་ཀྱི་སྟོང་ཆ་བཞག་སྟེ་གན་རྒྱ་འཇོག་མཁན་གྱི་ཚན་པའམ་མི་སྒེར་གྱི་མིང་བཀོད་རྗེས་དེར་མཐུད་དེ་གན་རྒྱ་འཇོག་དགོས་དོན་གང་ཡིན་པ་དེར་འབྲི་དགོས། དེ་རྗེས་ཐིག་ཕྲང་གཅིག་མར་ཕབ་སྟེ་གན་རྒྱའི་ནང་དོན་ཞིབ་ཕྲ་དང་ལག་བསྟར་བྱ་ཐབས། དུས་བཀག་གི་ཚད་གཞི་སོགས་དོན་ཚན་རེ་རེ་ཡིག་རྫོབ་ཉུང་ཞིང་གོ་དོན་ཁ་གསལ་འབྲི་དགོས། མཇུག་ཏུ་ཐིག་ཕྲེང་ཁ་ཤས་མར་ཕབ་སྟེ་འབྲི་ཤོག་གི་གཡས་ངོས་སུ་གན་རྒྱ་འཇོག་མཁན་སོ་སོའི་མིང་དང་ལོ་ཟླ་ཚེས་སོགས་བཀོད་དེ་ཐམ་གའང་རྒྱག་དགོས་པ་དང་གན་རྒྱ་འདྲ་གཉིས་བྲིས་ནས་ཕྱོགས་རེས་གཅིག་རེ་ཉར་ཚགས་བྱེད་དགོས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-14

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།