ཟློས་གར་གྱི་སྒྲིག་གཞི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བྱ་དངོས་གང་ཡིན་རུང་གཏན་ཆགས་ཀྱི་སྒྲིག་གཞིའི་རྣམ་པ་དང་ཁ་བྲལ་ནས་ཁེར་རྐྱང་དུ་གནས་མི་སྲིད་ཅིང་། འདི་ལྟ་བུའི་དམིགས་བསལ་གྱི་སྒྲིག་གཞི་རྣམ་པས་བྱ་དངོས་དང་བྱ་དངོས་ཀྱི་ངོ་བོ་དང་ནུས་པ་མི་འདྲ་བ་ཐག་གིས་བཅད་པ་རེད། ཟློས་གར་ཟློས་གར་དུ་གྱུར་དོན་ཡང་དེ་ལ་ཐུན་མོང་མིན་པའི་སྒྱུ་རྩལ་སྒྲིག་གཞིའི་གྲུབ་ཆ་དང་གྲུབ་ཆ་གཞན་དག་བར་གྱི་ཐུན་མོང་མ་ཡིན་པའི་སྒྲིག་གཞི་འབུབས་སྟངས་ཡོད་པས་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
རྩོམ་རིག
རིགས་དབྱེ།
ཟློས་གར་གྱི་སྒྲིག་གཞི།
1 གོ་དོན།

བྱ་དངོས་གང་ཡིན་རུང་གཏན་ཆགས་ཀྱི་སྒྲིག་གཞིའི་རྣམ་པ་དང་ཁ་བྲལ་ནས་ཁེར་རྐྱང་དུ་གནས་མི་སྲིད་ཅིང་། འདི་ལྟ་བུའི་དམིགས་བསལ་གྱི་སྒྲིག་གཞི་རྣམ་པས་བྱ་དངོས་དང་བྱ་དངོས་ཀྱི་ངོ་བོ་དང་ནུས་པ་མི་འདྲ་བ་ཐག་གིས་བཅད་པ་རེད། ཟློས་གར་ཟློས་གར་དུ་གྱུར་དོན་ཡང་དེ་ལ་ཐུན་མོང་མིན་པའི་སྒྱུ་རྩལ་སྒྲིག་གཞིའི་གྲུབ་ཆ་དང་གྲུབ་ཆ་གཞན་དག་བར་གྱི་ཐུན་མོང་མ་ཡིན་པའི་སྒྲིག་གཞི་འབུབས་སྟངས་ཡོད་པས་ཡིན། ཟློས་གར་རྩོམ་རིག(འཁྲབ་གཞུང)ཀྱང་བརྗོད་བྱ་དང་མི་སྣའི་གཤིས་ཀ བྱུང་རིམ། ཕོག་ཐུག འགུལ་སྐྱོད་སོགས་གྲུབ་ཆ་དུ་མས་གྲུབ་གཤིས། སྒྲུང་གཏམ་དང་ཧ་ཅང་མཚུངས་པ་རེད། ཟློས་གར་གྱི་གྲུབ་ཆ་དེ་དག་ནི་ཛ་དྲག་ཆེ་བའི་དུས་གནས་བར་ཐག་གི་གནོན་ཤུགས་འོག་འདུས་ཤིང་གྲུབ་པ་ངེས་པར་དུ་བརྗེད་མི་རུང་། འཁྲབ་སྟོན་དང་འཚམ་ཕྱིར་ཟློས་གར་ནི་སྒྲུང་གཏམ་ལྟར་ལྷུག་བརྗོད་དང་ཞིབ་འབྲིའི་ཐབས་ཚུལ་བཀོལ་མི་རུང་བར་འགུལ་སྐྱོད་ཁོ་ན་གདམ་གསེས་བྱེད་དགོས་པ་དེས་ཟློས་གར་ནི་སྒྲུང་གཏམ་དང་གློག་བརྙན་གྱི་ངོ་བོ་དང་ཡོན་ནུས་ལ་མི་འདྲ་བ་ཐག་གཅོད་བྱས་ཤིང་། གྲུབ་ཆ་དུ་མའི་ཁྲོད་འགུལ་སྐྱོད་ནི་གཙོ་བོ་སྟེ་ཟློས་གར་གྱི་བྱུང་རིམ་ནི་མི་སྣའི་འབྱུང་རྐྱེན་དང་མཐའ་འབྲས་ཡོད་པའི་འགུལ་སྐྱོད་ཀྱི་མུ་ལས་གྲུབ་བ་དང་། ཟློས་གར་ཕོག་ཐུག་ལ་འགུལ་སྐྱོད་བྲལ་ཚེ། བྱེ་བྲག་ཐད་མཐོང་གི་སྒོ་ནས་གར་སྟེགས་སྟེང་བསྐྱར་མངོན་བྱེད་ཐབས་བྲལ་བ་དང་། ཟློས་གར་གྱི་བརྗོད་དོན་དང་མི་སྣའི་གཤིས་ཀ་སོགས་མི་སྣའི་འགུལ་སྐྱོད་ཤ་སྟག་ལས་འགྲུབ་པར་བྱེད་ཅིང་། དེ་ནི་འཁྲབ་གཞུང་གྲུབ་ཆ་དག་གི་ཐུན་མོང་མ་ཡིན་པའི་གྲུབ་སྟངས་ཤིག་རེད། དེ་ཕྱིར་ཟློས་གར་གྱི་སྒྲིག་གཞི་ཞེས་པ་ནི་ཨུ་རུ་སུའི་ཧོ་ཏོ་ལོ་ཧྥུའི《ཟློས་གར་གྱི་སྒྲིག་གཞིའི》ནང་གསུངས་པ་ལྟར“དུས་ཚོད་དང་བར་སྣང་ཕྱོགས་སུ་ཟློས་གར་འགུལ་སྐྱོད་ཀྱི་རྩ་འཛུགས་ཤིག་ཡིན།”ཞེས་པ་ལྟར་རོ།།

2 ཁྱད་ཆོས།

ཟློས་གར་སྒྲིག་གཞིའི་ལྟེ་སྙིང་ནི“འགུལ་སྐྱོད”ཀྱི་རྩ་འཛུགས་དང་འགྲེམ་སྟངས་ཡིན་ཞིང་། དེ་ལྟ་བུའི་འགུལ་སྐྱོད་རྩ་འཛུགས་སྟར་ལ་བརྒྱུས་པའི་ཁྲོད་བྱུང་རིམ་རང་ཤུགས་སུ་ཐོན་པ་རེད། དོན་གྱི་བྱུང་བ་བརྗོད་པའི་རྩོམ་རིག་ཡོད་ཚད་བྱུང་རིམ་གྱི་སྒྲིག་གཞི་ཡིན་ཡང་། སྒྲུང་གཏམ་གྱི་བྱུང་རིམ་སྒྲིག་གཞིར་ཕལ་ཆེར་ཡུལ་དང་དུས་ཀྱི་ཚད་བཀག་མི་ཐེབས་པས་རང་དབང་ཆེ་བ་སྨོས་ཅི་དགོས། དེས་རང་སྣང་གང་ཤར་གྱིས་བསམ་གཞིག་དང་ལྷོད་བག་ལྡན་པའི་ངང་ལྷུག་གེར་བརྗོད་པ་དང་། མི་སྣ་འབྲི་བ། འཁོར་ཡུག་ཞིབ་འབྲི་བཅས་བྱས་ཆོག་པ་མ་ཟད། ཐད་ཀར་མི་སྣའི་སེམས་ཁམས་དང་བག་ལ་ཉལ་བའི་འདུ་ཤེས་སྨྱུག་རྩེར་འདྲེན་ཆོག་པ་དང་། རྩོམ་པ་པོས་ལྗོངས་རྒྱུའི་ལམ་ཁྲིད་མཁན་ཞིག་དང་འདྲ་བར་མི་སྣ་དང་དོན་རྐྱེན་མཚམས་སྦྱོར་དང་གདེང་འཇོག་བྱས་ཆོག དེ་ལས་ལྡོག་སྟེ། ཟློས་གར་ནི་ངག་གི་དབྱངས་དང་ཚིག་འབྲུའི་རི་མོ་ཙམ་གྱིས་མི་ཆོག་པར་དུས་ཚོད་གསུམ་གྱི་ནང་མུས་གྲུ་བཞི་མ་བཅུ་ཙམ་ལས་མེད་པའི་གར་སྟེགས་སྟེང་དུ་འཁྲབ་སྟོན་པའི་འགུལ་སྐྱོད་སྐད་ཆས་མཚོན་དགོས་པས། ཟློས་གར་གྱི་སྒྲིག་གཞིའི་ཁྱད་ཆོས་གཅིག་ནི་ཞིབ་ཚགས་པ་དང་སྙིང་བསྡུས་ཡིན་དགོས།


བརྡ་འགྲེལ་གདོང་འཛར།

ཟློས་གར། སྒྲིག་གཞི། རྩོམ་རིག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-14

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།