ཚོ་ཚོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚོ་ཚོ།
ཚོ་ཚོ་ནི་ཧན་ཝེ་དུས་སྐབས་ཀྱི་མིང་དུ་གྲགས་པའི་ཆབ་སྲིད་པ་དང་རྩོམ་རིག་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
曹操
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ་སྔོན་གྱི(155-220)
ལས་རིགས།
རྩོམ་རིག་པ། ཆབ་སྲིད་པ།
དཀར་ཆག

ཚོ་ཚོ(སྤྱི་ལོ་སྔོན་གྱི155-220ལོ)ནི་ཧན་ཝེ་དུས་སྐབས་ཀྱི་མིང་དུ་གྲགས་པའི་ཆབ་སྲིད་པ་དང་རྩོམ་རིག་པ་ཞིག་ཡིན། 

ཧན་ཤར་མའི་དུས་མཇུག་ཏུ་འཐབ་རྩོད་འཁྲུག་སློང་ཟམ་མ་ཆད་པར་བྱུང་ཞིང་། ཡུལ་དབུས་སུ་ས་གནས་བཅད་བཟུང་གི་དུས་གཟར་ལངས་ཏེ་མང་ཚོགས་སྡུག་བསྔལ་གྱི་གཡང་དུ་ལྷུང་། སྤྱི་ལོ196ལོ་ནས་བཟུང་། ཚོ་ཚོ་ཡིས་ཆབ་སྲིད་ཀྱི་དབང་ཤུགས་ཆེས་ཆེར་བསྐྱེད་པའི་མཚུངས་སུ། ཐོན་སྐྱེད་དང་ཞིང་རྨོ་འབྲུ་གསོག་གི་ལས་ཀ་བགྱིས་ཏེ་དམག་ཤུགས་སྤེལ་བ་དང་བྱང་ཕྱོགས་གཅིག་ཏུ་བསྡུ་བར་རྨང་གཞི་བརྟན་པོ་བཏིང་། སྤྱི་ལོ200ལོའི་ཀོན་ཏུའུ་གཡུལ་འགྱེད་ཀྱི་ཁྲོད་དུ། ཚོ་ཚོ་ཡིས་དམག་ཤུགས་ཉུང་ངུར་བརྟེན་ནས་ཡན་ཧྲོ་ཕམ་པར་བརྒྱབ་སྟེ། ཁོང་གི་ཆབ་སྲིད་དང་དམག་དོན་ཐད་ཀྱི་འཇོན་ནུས་ཡོངས་སུ་ངོམ། བྱང་ཕྱོགས་གཅིག་སྡུད་ཀྱི་འཐབ་འཁྲུག་རབ་དང་རིམ་པའི་ནང་། .jpgཁོང་གིས་སྲིད་འབྱོར་གཉིས་ཐད་ནས་བྱེད་ཐབས་གང་མང་སྤྱད་ཅིང་། སྐབས་དེར“འཇིག་རྟེན་མཁས་པའི་བློན་ཆེན”ཞེས་བསྔགས་པ་ཐོར། སྐུ་ཞབས་ལུའུ་ཞུན་གྱིས་ཀྱང“དོན་དུ། ཚོ་ཚོ་ནི་མི་འཇོན་ནུས་ཅན་ཞིག་རེད། མ་མཐའ་ཡང་དཔའ་བོ་ཞིག་གོ”ཞེས་བསྟོད་པ་གནང་།

རྩོམ་རིག་གི་ངོས་ཐད་ནས་གླེང་ན། ཁོང་གི་རྐང་བ་བཞི་དང་ལྔ་ཅན་གྱི་སྙན་ཚིག་དེས་ཕོ་བྲང་སྙན་ངག་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོབ་ཅིང་། དངོས་ཡོད་རིང་ལུགས་ཀྱི་ཁྱད་ཆོས་དང་ལྡན་ཏེ། སྐབས་དེའི་རྩོམ་རིག་འཕེལ་རྒྱས་ཐད་ཤུགས་རྐྱེན་ཟབ་མོ་བཞག་མྱོང་། ཁོང་གི་བརྩམས་ཆོས་ལ“ཧན་མཇུག་གི་དངོས་བྲིས”ཞེས་པའི་གདེང་འཇོག་ཐོབ།

སྤྱི་ལོ190ལོར། ཚོ་ཚོ་དང་ཡན་ཧྲོ་གཉིས་མཉམ་འབྲེལ་གྱིས་ཏོན་ཀྲོ་དང་དམག་འཐབ་བཀྱེད། ཐེངས་ཤིག ཡན་ཧྲོ་ནས“གལ་སྲིད་ད་ཐེངས་རྒྱལ་ཁ་ལེན་མ་ཐུབ་ཚེ། ང་ཚོས་གནམ་འོག་དབང་དུ་ཇི་ལྟར་སྡུད”ཅེས་དྲིས་པ་ན། ཚོ་ཚོ་ཡིས“ཁྱོད་ཀྱིས་བལྟས་ན”ཞེས་ཕྱིར་དྲིས། དེར་ཡན་ཧྲོ་ནས་ལན་དུ“ངས་ནི་ཧོ་པེ་ས་ཆ་བདག་ཏུ་བཟུང་སྟེ་ལྷོ་ཕྱོགས་སུ་དཔུང་འཇུག་བྱ་རྒྱུ་ཡིན”ཞེས་སྨྲས་ཤིང་། ཚོ་ཚོ་ཡིས“ང་ལ་མཚོན་ན། འཇིག་རྟེན་གྱི་འཕགས་སྐྱེས་ཚང་མ་བསྡུས་ཏེ་གནས་གང་དུ་བསྡད་ཀྱང་རྒྱལ་ཐུབ་ངེས”ཞེས་བརྗོད་དོ། །

ཚོ་ཚོ་ཡི་གསུང་དེ་ལས་ཁོང་གི་གང་ཟག་མི་རྟོན་ཡོན་ཏན་རྟོན་པའི་བསམ་བློ་མཚོན་ཐུབ་ཅིང་། ཡོན་ཏན་དེས་ཁོང་དང་ཁོང་གི་རྗེས་འཇུག་པ་དག་སྲིད་ཁྲིར་མངའ་འཁོད་པར་བྱས་སོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-07-06

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།