ལིག་པང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལིག་པང་།
ལིག་པང་ནི་ཆིན་རྒྱལ་རབས་ཀྱི་དུས་སུ། བཙོན་མ་སྲུང་མཁན་ཞིག་ཡིན་ལ། གོང་མ་ཆིན་ཧྲི་ཧོང་གི་རྗེས་སུ། སླར་ཡང་ཀྲུང་གོ་གཅིག་གྱུར་མཛད་པ་དང་། ཀྲུང་དབྱང་དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་རྒྱལ་ཁབ་འཛུགས་མཁན་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང།
刘邦
མི་རིགས།
རྒྱ་རིགས།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ་སྔོན་གྱི(256-195)
རྒྱལ་ཁབ།
ཀྲུང་གོ།
1 ​ངོ་སྤྲོད།

ལིག་པང(སྤྱི་ལོ་སྔོན་གྱི256-སྤྱི་ལོ་སྔོན་གྱི195)ནི་གོང་མ་ཆིན་ཧྲི་ཧོང་གི་རྗེས་སུ། སླར་ཡང་ཀྲུང་གོ་གཅིག་གྱུར་མཛད་པ་དང་། ཀྲུང་དབྱང་དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་རྒྱལ་ཁབ་འཛུགས་མཁན་ནོ། །

ཆིན་རྒྱལ་རབས་ཀྱི་དུས་སུ། ལིག་པང་ནི་བཙོན་མ་སྲུང་མཁན་ཞིག་ཡིན། ཐེངས་ཤིག་ལ། ཁོ་རང་ཞན་དབྱང་དུ་འགྲོ་དུས། གོང་མ་ཆིན་ཧྲི་ཧོང་ཕེབས་པ་དང་མཇལ། གཟི་བརྗིད་ལྡན་པའི་རྣམ་པ་དེ་མཐོང་འཕྲལ། ཁོའི་སེམས་སུ“སྐྱེས་བུ་ཟེར་བ་འདི་འདྲ་ཞིག་ཡིན་དགོས”སྙམ། 

ཆིན་རྒྱལ་རབས་ཀྱི་དུས་མཇུག་ཏུ་འབངས་ཁེང་ལོག་འབྱུང་བ་དང་བསྟུན། ལིག་པང་གིས་དམག་སྣེ་ཁྲིད་དེ་ཡར་ལངས་བྱས། སྤྱི་ལོའི་སྔོན་གྱི206ནས་སྤྱི་ལོའི་སྔོན་གྱི202ལོའི་བར་དུ། ལིག་པང་དང་ཤང་ཡུས་གཉིས་ལོ་ངོ་བཞིར་འཁྲུག དང་ཐོག ལིག་པང་གཉོམ་ནའང་། ཁོང་ནི་མི་སེམས་འགུགས་པར་མཁས་པས། .jpgམི་འཇོན་ཐང་ཅན་མང་པོ་ཁོ་ལ་ཕྱོགས་ཤིང་མཐར་རྒྱལ་ཁ་ཆེན་པོ་བླངས་ཏེ་རྒྱལ་བོར་བཞུགས། རྒྱལ་ས་ལོ་དབྱང་དུ་སྤར། རྒྱལ་ཁབ་ཀྱི་མིང་ལ་ཧན་ཞེས་གསོལ་བ་དང་། ལོ་རྒྱུས་ཐོག་ཧན་ནུབ་མ་ཞེས་འབོད་པར་བྱེད། 

ལིག་པང་གིས་འདི་སྐད་དུ་གསུངས་མྱོང་སྟེ“བློ་བཀོད་པ་ལྡན་ན་རྒྱལ་ཕམ་གྱི་ཕུ་ཐག་གཅོད་ཐུབ། ང་ནི་ཀྲང་ལང་དང་མི་འགྲན། ཁོང་གིས་རྒྱལ་ཁབ་ཐབས་ཀྱིས་སྐྱོང་ཞིང་འབངས་ཀྱི་འཚོ་ཚིས་བསྒྲུབས། དམག་ཆས་དང་ལྟོ་རྒྱབ་མཁོ་འདོན་བྱེད། ང་ནི་ཞོ་ཧི་དང་མི་འགྲན། ཁོང་གིས་དམག་དཔུང་ཆེན་པོར་ཁ་ལོ་སྒྱུར་ཞིང་འཐབ་ན་མི་རྒྱལ་བ་མེད། ང་ནི་ཧན་ཤིན་དང་ཡང་མི་འགྲན་ཏེ། ཁོང་རྣམ་པ་གསུམ་ནི་ཁྱད་དུ་འཕགས་པའི་མི་སྣ་རེད། ངས་ཁོང་ཚོ་མཐོང་ཆེན་དུ་བཀུར་བ་ནི་ང་རང་རྒྱལ་ཐུབ་པའི་རྒྱུ་མཚན་ཁོ་ན་རེད། འོན་ཀྱང་། ཤང་ཡིས་ལ་ཧྥན་ཙིན་གཅིག་པ་ལས་མེད་པ་དང་། དེ་ཁོ་ནར་ཡང་རྩིས་ཆེན་མི་བྱེད། དེ་ནི་ཁོ་རང་ཕམ་པའི་རྒྱུ་མཚན་རེད།”

ལིག་པང་གིས་འཇོན་མི་བཀོལ་ཤེས་པའི་རྐྱེན་གྱིས་གལ་ལ་བབས་ཚེ་ཁོང་ཉིད་ནམ་ཡང་དཀའ་ཁག་ལས་བསྒྲོལ་ཐུབ་པ་རེད། དང་པོར་ཞན་དབྱང་དུ་འབྱོར་པའི་ཚེ་ན། ལིག་པང་ཁོང་ཉིད་བརྗིད་ཉམས་ཆེ་བའི་ཕོ་བྲང་དང་། མཛེས་སྡུག་ལྡན་པའི་གར་མ། རོ་བཅུད་འཛོམས་པའི་ཟས་མཆོག་གིས་དྲངས་ཏེ་གནས་དེ་དང་འབྲལ་འདོད་མེད་པར་གྱུར། ཁོང་གི་ཕྱག་རོགས་ཧྥན་ཁའེ་དང་ཀྲང་ལང་གཉིས་ཀས“དེ་སྔོན་ཆིན་རྒྱལ་རབས་ཀྱང་འདི་ལྟར་འཇིག་པ་རེད། རྒྱལ་བོ་ཁྱེད་ཀྱིས་དཀའ་སྤྱད་བབ་ཆགས་ཀྱི་སྤྱོད་ཚུལ་བཟུང་ན་འགྲིག”ཅེས་གསལ་བཏབ་པ་དང་། ལིག་པང་གིས་སེམས་གཏིང་ནས་མ་ལོངས་ནའང་། རྒྱལ་བོའི་ཕོ་བྲང་དང་ཁ་བྲལ་བ་དང་། ཀོན་ཀྲིན་གྱི་ཡུལ་མི་སྤུན་ཟླ་རྣམས་དང“སྡོམ་གསུམ”གྱི་དམ་བཅའ་བཞག་པ་སྟེ། “མི་གསོད་ལག་དམར་དགུམ་དགོས། གནོད་འཚེ་གཏོང་བ་དང་རྐུན་འཕྲོག་བྱེད་པའི་རིགས་ལ་ཆད་པ་ནན་མོ་གཅོད་རྒྱུའོ། །”  དེ་ནས་བཟུང་། མང་ཚོགས་བློ་དཀར་ཞིང་རྒྱལ་ཁོངས་ས་མཐར་བསྐྱེད་དོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-07-09

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།