ཟློས་གར་རྩོམ་རིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཟློས་གར་རྩོམ་རིག་ནི་ཁྱད་མཚར་བའི་རྩོམ་རིག་དང་གར་མཁན་གྱི་འཁྲབ་སྟོན་གཉིས་མཉམ་འབྲེལ་ལས་བྱུང་བའི་བྱ་དངོས་ཞིག་ཡིན་པ་དང་། དུས་དེར་ཟློས་གར་ནི་དངོས་སུ་སྒྱུ་རྩལ་གྱི་དོ་རར་ཚུད་ཅིང་ཟློས་གར་རྩོམ་རིག་ལ་གཞི་ནས་སྟོབས་ཤུགས་ལྡན་པའི་ཚེ་སྲོག་ཐོབ་པ་དང་། རྩོམ་རིག་རང་བཞིན་དང་གར་སྟེགས་རང་བཞིན་ཟུང་ལྡན་གྱི་རང་སྐྱ་ཐུབ་པའི་སྒྱུ་རྩལ་ཞིག་ཏུ་གྲུབ་བོ།།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
རྩོམ་རིག
རིགས་དབྱེ།
ཟློས་གར་རྩོམ་རིག
1 གོ་དོན།

ཟློས་གར་རྩོམ་རིག་ནི་ཁྱད་མཚར་བའི་རྩོམ་རིག་དང་གར་མཁན་གྱི་འཁྲབ་སྟོན་གཉིས་མཉམ་འབྲེལ་ལས་བྱུང་བའི་བྱ་དངོས་ཞིག་ཡིན་པ་དང་། དུས་དེར་ཟློས་གར་ནི་དངོས་སུ་སྒྱུ་རྩལ་གྱི་དོ་རར་ཚུད་ཅིང་ཟློས་གར་རྩོམ་རིག་ལ་གཞི་ནས་སྟོབས་ཤུགས་ལྡན་པའི་ཚེ་སྲོག་ཐོབ་པ་དང་། རྩོམ་རིག་རང་བཞིན་དང་གར་སྟེགས་རང་བཞིན་ཟུང་ལྡན་གྱི་རང་སྐྱ་ཐུབ་པའི་སྒྱུ་རྩལ་ཞིག་ཏུ་གྲུབ་བོ།།

2 རྩོམ་རིག་རང་བཞིན།

རྩོམ་རིག་ནི་སྐད་ཆའི་ཡི་གེས་བཟོས་པའི་སྣང་བརྙན་ཞིག་སྟེ། འཚོ་བའི་མཛེས་བཙོག་མངོན་པར་མཚོན་ཞིང་། རྩོམ་པ་པོའི་དུངས་སེམས་དང་ཕུགས་འདུན་ཚུར་སྣང་བྱེད་པའི་སྒྱུ་རྩལ་ཞིག་ཡིན་པ་དང་། དུས་ནམ་ཞིག་ཟློས་གར་ལ་ཞུགས་རྗེས། ཤེས་ཡོན་ཅན་དང་རྩོམ་རིག་པས་འཁྲབ་གཞུང་བརྩམས་པ་དང་། གནའ་བོའི་ཡི་གེ་མེད་དུས་གཏན་འཇགས་སུ་གྱུར་འདུག་པའི་ཟློས་གར་དང་བསྡུར་ན་སྣང་བརྙན་ལྡན་ཞིང་། གསོན་ཉམས་ལྡན་པ་དང་བསམ་བློའི་རང་བཞིན་དང་སྒྱུ་རྩལ་རང་བཞིན་ནི་དེ་བས་ཀྱང་འབུར་གཟུགས་སུ་ཐོན་ཡོད་ལ། བསམ་དོན་ནི་དེ་ལས་ཀྱང་གསལ་ཤ་དོད་ཅིང་གནད་དུ་ཁེལ་བ་ཞིག་གོ། གནའ་རབས་ཞི་ལའི་ཟློས་གར་དང་ཧྲ་ཧྲི་པིས་ཡ། གའོ་ནེ་ཡུས། མའོ་ལིས་ཨེར། ཡུས་པུའུ་ཧྲིན་དག་གི་འཁྲབ་གཞུང་དང་། ཀོན་ཧྲ་ཆིན། བང་ཧྲི་པུའུ། པུའུ་ལེ་ཞི་ཐེའུ། འོད་ཉེའེ་ཨར། ལའོ་ཧྲི་བཅས་ཀྱི་བརྩམས་ཆོས་ཞིབ་ཏུ་བཀླགས་ཚེ། ཁྱོད་ཀྱིས་གཞི་ནས་རྩོམ་རིག་པ་དང་རྩོམ་རིག་གིས་ཟློས་གར་ལ་ཤན་ཤུགས་ཅི་འདྲ་ཞིག་ཡོད་པ་རྟོགས་ཐུབ།

3 གར་སྟེགས་རང་བཞིན།

ཟློས་གར་རྩོམ་རིག་གི་བཟང་ངན་དང་ཡག་ཉེས་ནི་མཇུག་མཐའི“གར་སྟེགས་སྟེང་མཐོང་ཐུབ་པ”དང་། དེ་འཁྲབ་སྟོན་བྱེད་འོས་མིན་དང་། ལྟ་མཁན་རྣམས་ཀྱི་ཡིད་ཚིམ་དུ་འཇུག་ཐུབ་མིན། ཚད་མཐོ་ཤོས་ཀྱིས་ཟློས་གར་སྒྱུ་རྩལ་གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཟློས་གར་དངོས་ཞིག་ཏུ་འགྱུར་ཐུབ་མིན་བཅས་ནི་གར་སྟེགས་རང་བཞིན་གྱི་གོ་དོན་ཞིག་ཡིན། འཁྲབ་གཞུང་འབྲི་སྐབས་རྩོམ་རིག་རང་བཞིན་འབའ་ཞིག་ལ་དམིགས་མི་རུང་སྟེ། རྩོམ་རིག་རང་བཞིན་ནི་ཟློས་གར་ནང་གི་སྒྱུ་རྩལ་རང་བཞིན་ཙམ་ལས་མ་འདས་པ་ངེས་པར་རྟོགས་དགོས་ཤིང་། དེ་ནི་ཟློས་གར་དང་ཟུང་འབྲེལ་བྱས་ཙ་ན་གྲུབ་ཆ་གཞན་དག་དང་འདྲ་བར་དེའི་རང་ཚུགས་རང་བཞིན་རང་ཤུགས་སུ་ཉམས་འགྲོ་བར་བརྟེན། ཟློས་གར་རྩོམ་རིག་གསར་རྩོམ་བྱེད་སྐབས་སུ། རང་སྟེང་ཀྱི་ཆོས་ཉིད་བརྩི་སྲུང་སྒོས་ཟློས་གར་གྱི་མཛེས་སྡུག་རིག་པའི་རྩ་དོན་ལ་བསྟུན་རྒྱུ་ལས་འོས་མ་མཆིས། དེ་ལས་ལྡོག་སྟེ། སྒྲུང་གཏམ་འབྲི་བ་ལྟར་ལྷུག་བརྗོད་དང་ཞིབ་འབྲིའི་དགེ་མཚན་ངོམ་མི་རུང་ལ། རྩོམ་རིག་རྣམ་པ་སྤྱིར་བཏང་བའི་ཁྲོད་ཀྱི་ལྷུག་བརྗོད་མཁན་གྱི་སྐད་ཆའང་བཀོལ་མི་ཆོག དེས་མི་སྣ་རང་ཉིད་ཀྱི་སྐད་ཆ་དང་འགུལ་སྐྱོད་ཁོ་ནར་བརྟེན་ནས་མཚོན་བྱར་གྱུར་པ་ཕྱིར་མངོན་བྱེད་དགོས་ཏེ། འཁྲབ་གཞུང་རྩོམ་པ་པོས་རང་རྟོགས་སྒོས་སྙན་ངག་པ་དང་སྒྲུང་གཏམ་པ་བསྡུར་ན་དེ་ལས་མང་བའི་ཚོད་འཛིན་ཅིག་དང་ལེན་བྱེད་དགོས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-14

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།