སྙན་ངག་གི་ལུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྙན་ངག་གི་ལུས་ཞེས་པ་ནི་ཆེས་སྔ་བའི་རྩོམ་ལུས་ཤིག་ཡིན། ཡི་གེ་མ་བསྐྲུན་སྔོན་ནས་བཟུང་ངག་ལ་བརྒྱུད་པའི་སྙན་ངག་ཡོད་པར་མཁས་དགུའི་བཞེད་པ་གཅིག་མཐུན་བྱུང་ལ། བོད་ཡིག་བསྐྲུན་རྗེས་སུ་ཐོན་མིའི་ཡིག་ཕུད་དང་ཏུན་ཧོང་ནས་ཐོན་པའི་ཚིགས་བཅད་མོ་ཚིག་སོགས་ཆེས་སྔ་བའི་སྙན་ངག་ཏུ་བགྲང་བ་སློབ་དཔོན་དུང་བློའི་སྙན་འགྲེལ་ལ་སོགས་པར་གསལ།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
རྩོམ་རིག
རིགས་དབྱེ།
སྙན་ངག་གི་ལུས།
1 ​ངོ་སྤྲོད།

སྙན་ངག་གི་ལུས་ཞེས་པ་ནི་ཆེས་སྔ་བའི་རྩོམ་ལུས་ཤིག་ཡིན། ཡི་གེ་མ་བསྐྲུན་སྔོན་ནས་བཟུང་ངག་ལ་བརྒྱུད་པའི་སྙན་ངག་ཡོད་པར་མཁས་དགུའི་བཞེད་པ་གཅིག་མཐུན་བྱུང་ལ། བོད་ཡིག་བསྐྲུན་རྗེས་སུ་ཐོན་མིའི་ཡིག་ཕུད་དང་ཏུན་ཧོང་ནས་ཐོན་པའི་ཚིགས་བཅད་མོ་ཚིག་སོགས་ཆེས་སྔ་བའི་སྙན་ངག་ཏུ་བགྲང་བ་སློབ་དཔོན་དུང་བློའི་སྙན་འགྲེལ་ལ་སོགས་པར་གསལ།

2 གོ་དོན།

སྙན་ངག་གི་ལུས་ཞེས་པ་ནི་ཇི་ལྟ་བུ་ཡིན་ཞེ་ན། རིགས་ཀྱི་ཆ་ནས་གསུམ་སྟེ། སྲོལ་རྒྱུན་སྙན་ངག་དང་། རང་མོས་སྙན་ངག ཀ་རྒྱན་སྙན་ངག་བཅས་སོ།། འདིར་སྲོལ་རྒྱུན་སྙན་ངག་གཅིག་པུའི་ཆ་ནས་བཤད་ན་ཁྱབ་ཆེ་ཆུང་གཉིས་ཡོད་དེ། གཅིག་ནི་རང་ཚིག་སྔ་ཕྱི་འབྲེལ་ཆགས་ཤིང་། ཚིག་དོན་གྱི་ཆ་ལ་སྐྱོན་མེད་པ། བློ་དང་ལྡན་པ་སུས་ཀྱང་གོ་སླ་བ། ཕལ་སྐད་གྲོང་ཚིག་གིས་མ་བསླད་པ། རྣར་སྙན་ཞིང་འཇེབས་ལ་ཡིད་དུ་འོང་བ། རོ་མྱོང་རྒྱུ་ཡོད་པ་བཅས་ཀྱི་མཚན་ཉིད་ཚང་བ་རྣམས་ཡིན། མཚན་གཞི་ནི་ཚིག་སྦྱོར་སྡེབ་ལེགས་པའི་རྩོམ་དང་བསྟན་བཅོས་ཐམས་ཅད་ཡིན། ཁྱབ་ཆུང་བ་ནི་རྒྱ་རིགས་ཀྱི་ཧྲི་ཚི་ལྟ་བུའང་མིན། ཚི་ལ་དམངས་རྩོམ་གྱི་ཆ་འདྲེས་ཡོད་པའི་ཕྱིར། ཇི་ལྟ་བུ་ཞེ་ན། 《ཁྱད་པར་འཕགས་བསྟོད》ལྟ་བུ་བསྟོད་རྩོམ་གསོལ་འདེབས་རྒྱས་འབྲིང་བསྡུས་གསུམ་དང་། 《སྤྲིན་གྱི་ཕོ་ཉ》ལྟ་བུ་བརྩེ་དུསང་གཙོར་སྟོན་པའི་སྙན་རྩོམ་སྣ་ཚོགས། 《རཱ་མ་ཎའི་རྟོགས་བརྗོད》ལྟ་བུ་སྔོན་བྱུང་གཏམ་རྒྱུད་དང་སྦྱར་བའི་སྙན་རྩོམ་མཐའ་དག དངོས་ཡོད་ཀྱི་སྤྱི་ཚོགས་ལས་མཚོན་པའི་རང་མོས་སྙན་རྩོམ་སྣ་ཚོགས་ཡིན། འདི་རིགས་ལ་ཚེག་བར་མང་ཉུང་མེད་པ་དང་། ཚིག་རྐང་དོ་མཉམ་པ། ཉིས་ཤད་བེད་སྤྱོད་མང་བ། དངོས་ཤུགས་ཀྱི་རྒྱན་མེ་ལོང་མ་དང་མཐུན་པ། ཡིད་འགྱུར་ཤུགས་དྲག་ཅིང་ངོ་མཚར་བའི་འཆར་སྣང་ལྡན་པ། ཡིད་འཕྲོག་པའི་ཉམས་ཀྱིས་ཕྱུག་ལ་མངོན་བརྗོད་ཀྱི་མིང་སྣ་ཚོགས་པ་བཅས་ཀྱི་མཚན་ཉིད་ལྡན་དགོས་པར་སྙན་མོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-16

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།