ལྕང་སྐྱ་རོལ་བའི་རྡོ་རྗེའི་ལོ་ཙཱའི་ཚད་གཞི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དེ་ཡང་ལྕང་སྐྱ་རོལ་བའི་རྡོ་རྗེས་གོང་མའི་བཀའ་བཞིན་རྒྱལ་བའི་གསུང་དང་དེའི་དགོངས་པ་རིན་པོ་ཆེ་ཧོར་སྐད་དུ་བསྒྱུར་བའི་ཉམས་མྱོང་ལས་ལོ་ཙཱའི་ཚད་གཞིར<<དག་ཡིག་མཁས་པའི་འབྱུང་གནས>>སུ“ཚིག་གསལ་ལ་གོ་བདེ་བ་དོན་དང་ཡང་མི་འགལ་བར་བྱས་ཏེ་ལེགས་པར་བསྒྱུར་བར་ན”ཞེས་གསུངས།
1 ལྕང་སྐྱ་རོལ་བའི་རྡོ་རྗེས་བཏོན་པའི་ལོ་ཙཱའི་ཚད་གཞི།

དེ་ཡང་ལྕང་སྐྱ་རོལ་བའི་རྡོ་རྗེས་གོང་མའི་བཀའ་བཞིན་རྒྱལ་བའི་གསུང་དང་དེའི་དགོངས་པ་རིན་པོ་ཆེ་ཧོར་སྐད་དུ་བསྒྱུར་བའི་ཉམས་མྱོང་ལས་ལོ་ཙཱའི་ཚད་གཞིར《དག་ཡིག་མཁས་པའི་འབྱུང་གནས》སུ“ཚིག་གསལ་ལ་གོ་བདེ་བ་དོན་དང་ཡང་མི་འགལ་བར་བྱས་ཏེ་ལེགས་པར་བསྒྱུར་བར་ན”ཞེས་གསུངས་ཏེ། བསྒྱུར་བྱ་གང་ཞིག་སྒྱུར་བྱེད་སྐད་ལ་ཚིག་གསལ་གོ་བདེ་དང་མ་ཡིག་གི་དོན་དང་མི་འགལ་བར་བྱས་ཏེ་བསྒྱུར་ན་ད་གཟོད་འགྱུར་ཚད་ལྡན་ཞིག་ཡིན་ལ། ལོ་ཙཱའི་དམིགས་ཡུལ་ཡང་གྲུབ་པར་བཞེད་ཀྱིན་ཡོད།   དོན་གྱིས་ལྕང་སྐྱ་རིན་པོ་ཆེའི་ཚད་གཞི་འདི་ཡང《སྒྲ་སྦྱོར་བམ་གཉིས》བསྟན་པ་དང་ཧ་ཅང་འདྲ་སྟེ“ཚིག་གསལ་ལ་གོ་བདེ་བ”ཞེས་པ་འགྱུར་མའི་ཚིག་གི་ཁྱད་ཆོས་ཏེ་བམ་གཉིས་མར་བསྟན་པའི“བོད་ལ་གང་བདེར་གྱིས”ཞེས་པ་དང་དོན་གཅིག་ཏུ་འབབ། “དོན་དང་ཡང་མི་འགལ་བ”ཞེས་པ་འགྱུར་མའི་དོན་གྱི་ཁྱད་ཆོས་ཏེ་མ་ཡིག་གི་བརྗོད་བྱ་ཇི་ལྟ་བུ་སྒྱུར་བྱེད་སྐད་ལ་དེ་ལྟར་ཐོན་དགོས་པར་བཞེད་པ་དེ་ཚིག་དོན་གཉིས་ཀའི་ཆ་ནས《སྒྲ་སྦྱོར་བམ་གཉིས》ལས་བསྟན་པའི་ཚད་གཞི་དང་པོ་དང་གཅིག་ཏུ་སོང་གཤིས།   ལྕང་སྐྱ་ཚང་གིས་བཏོན་པའི་ལོ་ཙཱའི་ཚད་གཞི་དེ་ནི་སྐད་ཆའི་བརྗོད་སྟངས་ཙམ་མ་གཏོགས《སྒྲ་སྦྱོར་བམ་གཉིས》དང་དང་ཁྱད་མེད་དོ།   


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-05-17

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།