རྡོ་རྗེ་ཐེག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གསང་སྔགས་ཀྱི་ལམ་ལ་གོ་དགོས། དེ་ཡང་རྒྱུད་སྡེ་བཞི་ནས་བཤད་པའི་ལམ་གྱི་རིམ་པ་རྣམས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
金刚乘  密乘的异名
ཁོངས་གཏོགས།
ནང་བསྟན་གྱི་བརྡ་ཆད།
1 རྒྱས་འགྲེལ།

1.《གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ》ལས།  ཐབས་ཤེས་དབྱེར་མི་ཕྱེད་པའི་རྡོ་རྗེའི་ལམ་གྱིས་རྡོ་རྗེ་གསུམ་མངོན་དུ་བྱེད་པས་རྡོ་རྗེ་ཐེག་པ་ཞེས་བྱ་ལ། དེའི་རང་བཞིན་ནི། རིག་སྔགས་ཀྱི་སྦྱོར་བའི་ལམ་དང་། དེ་ལས་བྱུང་བའི་འབྲས་བུ་གཙོ་བོར་སྟོན་པ་ཡིན་པས་སྔགས་ཀྱིས་ལམ་སྒྲུབ་པ་ཡིན་ན། སྔགས་དང་རྒྱུད་ཀྱི་སྦྱོར་བ་ལ་བརྟེན་པས་ཁྱབ་བོ། །

2.《དུང་དཀར་ཚིག་མཛོད་ཆེན་མོ》ལས། གསང་སྔགས་ཀྱི་ལམ་ལ་གོ་དགོས། དེ་ཡང་རྒྱུད་སྡེ་བཞི་ནས་བཤད་པའི་ལམ་གྱི་རིམ་པ་རྣམས་ཡིན། ཐེག་པ་དང་ལམ་གཉིས་སྤྱི་དང་བྱེ་བྲག་ཡིན་པས་ཁྱབ་ཆེ་ཆུང་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-07-05

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།