བཀའ་འགྱུར་བྲག་ཕུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བཀའ་འགྱུར་བྲག་ཕུག
བཀའ་འགྱུར་བྲག་ཕུག་ཅིག་ཡིན་ཏེ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་ཤེས་ཡོན་གྲོང་རྡལ་ལྷོ་ཕྱོགས་ཀྱི་མོག་ཆུང་ངམ་བཀའ་འགྱུར་ཡུལ་ཚོའི་ཡུལ་གྲུའི་རྒྱལ་ལམ་ཨང315བའི་ཤར་འགྲམ་ན་ཡོད་པ་དང་། བྲག་ཕུག་གི་སྒོ་ནུབ་ཕྱོགས་སུ་འཁོར་ཡོད་པ་དང་ནང་དུ་བྲག་ཕུག་ཆེ་ཆུང་གསུམ་ཡོད། རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ300ལྷག་ཡོད་པའི་རང་བྱོན་ལས་གྲུབ་པའི་སྒྲུབ་ཕུག་འགངས་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
关角智合崆
ཁོངས་གཏོགས་རྒྱལ་ཁབ།
ཀྲུང་གོ
སྲིད་འཛིན་ཁོངས་གཏོགས།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་།
རིགས་དབྱེ།
བྲག་ཕུག
གནས་ཡུལ།
མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་གི་བཀའ་འགྱུར་ཡུལ་ཚོ།
མཚོ་འཕགས།
རྨིད3579ཡོད།
1 ​ངོ་སྤྲོད། 

ཤེས་ཡོན་གྲོང་རྡལ་ལྷོ་ཕྱོགས་ཀྱི་མོག་ཆུང་ངམ་བཀའ་འགྱུར་ཡུལ་ཚོའི་ཡུལ་གྲུའི་རྒྱལ་ལམ་ཨང315བའི་ཤར་འགྲམ་ན་ཡོད་ལ། སའི་གོ་ལའི་འཕྲེད་གཞུང་གི་ཏུའུ་གྲངས་ནི37°20′7.19.10〞 Nདང98°51′57.73〞 Eཡིན། མཚོ་ངོས་ལས་མཐོ་ཚད་མུའུ3579ཡོད།   འབྲེལ་ཡོད་སྡེ་ཚན་གྱིས་དཔགས་པ་ལྟར་ན་བྲག་ཕུག་ཞབས་གི་མཐའ་འཁོར་དུ་རྨིད400དང་མཐོ་ཚདལ་རྨིད25ཡོད་པར་གྲགས། བྲག་ཕུག་གི་སྒོ་ནུབ་ཕྱོགས་སུ་འཁོར་ཡོད་པ་དང་ནང་དུ་བྲག་ཕུག་ཆེ་ཆུང་གསུམ་ཡོད། རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ300ལྷག་ཡོད་པའི་རང་བྱོན་ལས་གྲུབ་པའི་སྒྲུབ་ཕུག་འགང་ཆེན་ཞིག་རེད།  བསྒྲུབ་ཕུག་འདིར་ཨ་ལགས་ཨོ་ལོ་ཚང་སོགས་བསྒྲུབ་པ་ཉམས་ལེན་མཁན་པོ་ཞིག་གི་བསྒྲུབ་པ་བསྒྲུབ་པ་མྱོང་བར་བཤད། སྔོན་དུས་ཤིག་ལ་རྣམ་དཀར་གྱི་འཕྲིན་ལས་མཛད་པ་པོ་ཞིག་གིས་སྦྱིན་བདག་མཛད་དེ་སྒྲུབ་ཕུག་སྒོའི་མཐའ་རུ་བཀའ་འགྱུར་གླེགས་བམ་གྱི་དབྱིབས་དང་འདྲ་བའི་རྡོ་བཞི་མ108བརྩིགས་ཏེ་བཀའ་འགྱུར་དུམ་པ108ཀྱི་མཚོན་རྟགས་སུ་མཛད་ཅེས་ཀྱང་གྲགས་མོད་ཕངས་པ་ཞིག་ལ་རབ་བྱང16པའི་ས་ཁྱིའི་ལོར་ཉམས་དམས་སོང་།

2 འབྲེལ་ཡོད་ངག་རྒྱུན།
2_1 འབྲེལ་ཡོད་ངག་རྒྱུན་དང་པོ།

དང་མ་གནས་འདི་རུ་བཀའ་འགྱུར་དུམ་པ་བརྒྱ་དང་བརྒྱད་གནས་འདི་རུ་བརྩིགས་མཁན་དེ་འུ་ཚོ་བོད་ཀྱི་བཤད་ཚུལ་ལྟར་ན།   གླིང་གེ་སར་རྒྱལ་བོ་ཡིན་ཟེར་སྲོལ་ཡོད།   གནས་འདི་རུ་ཧོར་གླིང་གཡུལ་འགྱེལ་གྱི་སྐབས་སུ་ཧོར་གྱི་ཤན་པཱ་ཨ་ལྔ་མཐེབ་དྲུག་གིས་མཛུབ་མོ་ལྔའི་བར་ནས་མདའ་ལྔ་འཕངས་པ་དེས།   གླིང་གི་བུ་ཆུང་སྣང་ངུ་གཡུ་སྟག་སྟེ་གླིང་སེང་ཆེན་གྱི་ནུ་བོ་དཀྲོངས་སའི་གནས་འདི་ཡིན་ཟེར།   དེ་ནས་སེང་ཆེན་རྒྱལ་བོ་བདུད་ཡུལ་ནས་ཕྱིར་གླིང་དཀར་སྟོད་དུ་ཡོང་ནས།  སྣང་ཆུང་གཡུ་སྟག་དཀྲོངས་པ་ཤེས་ནས།  ཐུགས་སྐྱོ་བ་ཚད་མེད་གནང་ནས་གནས་འདི་རུ་ཡོང་སྟེ། སྐེད་ཀྱི་རྣོ་དབལ་ལྡན་པའི་རལ་གྲི་དད་པ་ལན་མེད་དེ་བླངས་ནས་རི་དེའི་མགོའི་བྲག་ཕུག་དང་བཅས་པ་བཅད་ནས་དེང་གི་གནས་འདིར་གཡུགས་ཏེ། བཀའ་འགྱུར་སྒྲུབ་ཕུགས་ཀྱི་ཤུལ་གྱི་བྲག་དེ་ལ་བྲག་མགོ་ལོ་ཟེར།   དེ་ནས་ལོ་གསུམ་ལ་གནས་འདི་རུ་མཚམས་ལ་བཞུགས་ཟེར། (ལོ་དགུ་ཟླ་དགུ་ཞག་དགུ་ལ་མཚམས་ལ་བསྡད་ཟེར་སྲོལ་ཡང་ཡོད།)  རིང་ལ་མཚམས་བཞུགས་གནང་ནས་བཀའ་འགྱུར་གསུངས་ཏེ་སྒྲུབ་པ་ལ་བཞུགས་པས་མིང་ལ་བཀའ་འགྱུར་སྒྲུབ་ཕུག་ཐོགས། བྲག་ཕུག་བཅད་པའི་ཤུལ་གྱི་བྲག་རི་དེའི་མགོ་མེད་པས་མིང་ལ་མགོ་ལོ་ཟེར། དེའི་སྐབས་སུ་བཀའ་འགྱུར་དུམ་པ་བརྒྱ་དང་བརྒྱད་བརྩིགས་པ་ཡིན་ཟེར་ལ།   རྒྱུ་མཚན་དེ་ལ་བརྟེན་ནས་ས་འདིའི་མིང་ལ་བཀའ་འགྱུར་དང་སྡེ་འདིའི་མིང་ལའང་བཀའ་འགྱུར་སྡེ་བ་ཟེར།   བཀའ་འགྱུར་དེ་དག་གཏེར་ལམ་རྫོང་གི་རུ་སྔོན་ཕྱོགས་ནས་གདན་དྲངས་པ་ཡིན་པ་མ་ཟད།   སྐབས་དེར་དྲེའུ་ཆད་ནས་འགྲོ་མ་ཐུབ་པས།   དུམ་པ་གཉིས་ས་དེ་རུ་ལུས་སོང་ཟེར་ལ།   ད་ལྟའང་རུ་སྔོན་ས་ཆ་ན་དུམ་པ་གཉིས་ཐོག་བརྩེགས་བྱས་ནས་ཡོད་པ་མ་ཟད།   དྲེལ་ཡང་བྲག་ངོས་སུ་གསལ་བོར་བབས་ཡོད་ཟེར།   སྔོན་ཆད་གནས་འདི་ལ་བཀའ་འགྱུར་གནས་སྒོ་ཟེར། ཏང་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཅུས་ལག་བསྟར་ཐོབ་པས། དད་ལྡན་མང་ཚོགས་ཀྱིས་ལོ་རེ་ཧོར་ཟླ4བའིཚེས14ནས16ཉིན་བར་སྒྲུབ་ཕུག་གི་མདུན་དུ་སྨྱུང་གནས་སྲུང་བ་དང་མཚམས་བཞུགས་གནང་བཞིན་ཡོད་ལ། ཡུལ་སྐོར་པའང་མང་པོ་ཡོང་བཞིན་ཡོད་པའི་སྒྲུབ་ཕུག་འདི་མཇལ་ས་དང་ལྟ་ས་གཉིས་འཛོམས་ཀྱི་གནས་མཆོག་ཅིག་གོ

2_2 འབྲེལ་ཡོད་ངག་རྒྱུན་གཉིས་པ།

སྤྱི་ལོ1956ལོར་སྐུ་ཕྱོགས་བུ་ལོ་ཚང་བོང་སྟག་དཔོན་པོ་ཆོས་རྒྱམ་གྱིས་ཞུས་ནས་གནས་འདི་ནས་བོང་སྟག་ལ་མཁའ་སྤྱོད་མའི་དབང་གསུང་མྱོང་ལ།  ལོ་དེ་ནས་བཟུང་གནས་འདིའི་མིང་ལ་མཁའ་སྤྱོད་མའི་གནས་སྒོ་ཡང་ཟེར།  སྐབས་དེར་ཁོངས་ཚང་གིས་ཀྱང་གནས་ཁྱད་པར་བ་ཞིག་རེད་གསུངས་།  དེའི་རྗེས་ནས་གཟུང་སྔགས་པ་ཞྭ་སྐོར་དང་མོག་ཆུང་སྡེ་བ་གསུམ་གྱིས་ཆོས་ཐོགས་རེ་བཟུང་ནས་སྨྱུངས་གནས་སྲུང་མོད།     རིག་གནས་གསར་བརྗེའི་སྐབས་ནས་རེ་ཞིག་ཆོས་ལུགས་ཀྱི་ཆོ་ག་སྤེལ་མཚམས་ཆད་སོང་།   ཡིན་ནའང1984ལོ་ནས་ཡང་བསྐྱར་སླར་གསོ་བྱས་ནས་སྡེ་བ་འདི་གསུམ་གྱིས་ཆོས་ལུགས་ཀྱི་བྱེད་སྒོ་སྣ་ཚོགས་དང་སྨྱུངས་གནས་སོགས་སྲུང་བ་སླར་གསོ་བྱས།   ད་ལྟ་ལོ་རེ་ལ་བཀའ་འགྱུར་དག་ཚར་རེ་འདོན་པ་དང་།   སྡེ་བའི་བཅའ་བ་རིམ་གྲོ་སོགས་འདི་རུ་ཐེངས་ཆ་རེར་འདོན་གྱིན་ཡོད།

བརྡ་འགྲེལ་གདོང་འཛར།

བྲག་ཕུག ངག་རྒྱུན། ཡུལ་ཚོ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-05-25

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།