ཁྲུའེ་ཀུང་ཁྲི་ལོ་དང་པོའི་སྐབས་ཀྱི་བོད་ཀྱི་ལོ་རྒྱུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱའི་གནའ་དུས་ཀྱི་ལོ་རྒྱུས་དེབ་ཐེར《སྲིད་སྐྱོང་མེ་ལོང》དུ་འཁོད་པའི་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་བོད་ཡིག་ཏུ་བསྒྱུར་བ་ལས་ཁྲུའེ་ཀུང་ཁྲི་ལོ་དང་པོའི་སྐབས་ཀྱི་བོད་དང་འབྲེལ་བའི་ལོ་རྒྱུས།
1 འགྱུར་ཡིག

ཁྲུའེ་ཀུང་ཁྲི་ལོ་དང་པོ།(སྤྱི་ལོ685པ)

དགུན་ཟླ་བཅུ་གཅིག་པའི་ཚེས་གཅིག་གི་ཉིན། ཐེན་ཀོང་ཧྲང་ཧྲུའུ་བློན་ཆེན་ཝེ་ཏའེ་ཅ་ཞེས་པ་ཡན་རན་ཏའོ་ཡི་རུ་འདེགས་སྤྱི་འདོམས་དམག་དཔོན་ཆེན་མོར་བསྐོས་ནས་བོད་ལ་འཐབ་པའི་བཀའ་ཕབ། སྔར་གྲུ་གུ་ནུབ་མའི་ཁ་གན་ཞིང་ཞི་ཝང་དང་ཅི་ཝང་ཅུའེ་གཉིས་ཚེ་ལས་འདས་རྗེས་གྲུ་གུ་ཚོ་བ་བཅུར་མགོ་བདག་མེད་པར་གྱུར་ཏེ་ཚོ་བའི་མི་རྣམས་གང་སར་ཐོར། དེར་རྒྱལ་མོ་ཝུའུ་ཙེ་ཐེན་གྱིས་ཞིང་ཞི་ཝང་གི་བུ་གཡོན་རུའི་པའོ་ཐའོ་ཝེ་དམག་དཔོན་ཆེན་མོ་དང་ཁུན་ལིན1གྱི་ཏུའུ་ཧུའུ(སྤྱི་ཁྱབ)གཅིག་ལྕོགས་ལ་བསྐོས་པ་དང་། ཁ་གན་ཞིང་ཞི་ཝང་གི་ཆོ་ལོ་རྒྱུན་འབྱམས་ཐོག་ཏོ་ལུའུ་ཚོ་བ་ལྔ་སྐྱོང་དུ་བཅུག

(བམ་པོ203པའི་ཤོག་ངོས28པ། 6435)

2 མཆན་འགྲེལ།

1.ཁུན་ལིན་གྱི་སྲིད་གཞུང་ད་ལྟའི་ཧ་སག་སི་ཐན་རྒྱལ་ཁབ་ཀྱི་ཤར་རྒྱུད་དུ་ཡོད་པའི་པར་ཁ་ཧྲི་མཚོ་མོའི(巴尔喀什湖)ཤར་ལྷོར་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-05-10

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།