གནས་རི་ལྕགས་རྩེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གནས་རི་ལྕགས་རྩེ་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འཛམ་ཐང་རྫོང་མངའ་ཁོངས་ཀྱི་གནས་རི་ཞིག་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
གནས་རི་ལྕགས་རྩེ།
རྒྱ་ཡིག་གི་མིང་།
甲格则神山
སྲིད་འཛིན་ཁོངས་གཏོགས།
སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འཛམ་ཐང་རྫོང་།
གནམ་གཤིས།
ས་མཐོའི་ནམ་ཟླ།
གནས་ཡུལ།
རྡོ་སྟོད་ཡུལ་ཚོའི་རི་ཁོག་གྲོང་སྡེ།
མཚོ་འཕགས།
སྨི4805
ཡུལ་སྐོར་དུས་ཚིགས།
དུས་བཞི།
1 ངོ་སྤྲོད་རགས་བསྡུས།

གནས་རི་ལྕགས་རྩེ་ནི་འཛམ་ཐང་རྫོང་གི་རྡོ་སྟོད་ཡུལ་ཚོའི་རི་ཁོག་གྲོང་སྡེའི་ཁོངས་སུ་ཡོད་ཅིང་རྫོང་ནས་བར་ཐག་སྤྱི་ལེ་ཕལ་ཆེར50ལྷག་ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4805ཙམ་ཡོད།  དེ་ཡང་གསང་བདག་ཕྱག་ན་རྡོ་རྗེའི་གནས་རི་ཡིན། རྡོ་རྒྱལ་སྐུ་བླ་ལྕགས་རྩེ་དང་བུ་སྤུན་ཡིན་པར་གྲགས། སྔོན་ཚེ་སློབ་དཔོན་པདྨའི་བཀའ་དམ་ལས་ཡུལ་འདི་སྲུང་བའི་བྱེད་པོ་རུ་གྱུར་ཡོད། གནས་དེའི་ཉེ་འགྲམ་རི་ནང་དབོན་པོ་ཐེག་མཆོག་བསྟན་འཛིན(18571-1918)སེང་སང་དུང་དཀར་སྤྲུལ་སྐུ་ངེས་དོན་རྒྱ་མཚོ(1899-1959)སོགས་སྐྱེས་ཆེན་མང་དུ་བྱོན། གནས་རི་ལྕགས་རྩེ་ཡོད་སའི་གནས་འདིར་ཐོག་མར་བོན་བསྟན་བྱུང་། དེའི་རྗེས་སུ་དྭགས་པོ་བཀའ་བརྒྱུད། དེ་ནས་རིམ་བཞིན་སྔ་འགྱུར་དཔལ་ཡུལ་བའི་ཆོས་སྡེ་དགོན་གཞི་ཡོད། མི་རབས་བྱུང་བ་ལས་རུས་གཙོ་བོ་བཤད་སྲོལ་ལ་སེང་སང་རི་ནང་སང་ལོ་བརྒྱ་ཕྲག་མའི་གོང་ནས་གནས་འདི་གནས་བྱུང་བར་བཤད་ཡོད་དོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-05-14

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།