སྲིད་བློན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་རབ་བྱུང་བཅོ་ལྔ་པའི་ས་བྱ(1909)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་བཤད་སྒྲ་དང༌། ཞོལ་ཁང༌། ཆང་ཁྱིམ། གླང་མདུན་བཅས་ལ་སྔ་རྗེས་སུ་སྲིད་བློན་བསྐོ་གཞག་མཛད། ལས་དོན་གཅོད་ཡུལ་ཤོད་འགག་ཏུ་སྲིད་སྐྱོང་དང་གཅིག་མཚུངས་ཡིན།
1 ལོ་ཙཱ།

དབྱིན་ཡིག prime minister.

2 རྒྱས་འགྲེལ།

བོད་རབ་བྱུང་བཅོ་ལྔ་པའི་ས་བྱ(1909)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་བཤད་སྒྲ་དང༌། ཞོལ་ཁང༌། ཆང་ཁྱིམ། གླང་མདུན་བཅས་ལ་སྔ་རྗེས་སུ་སྲིད་བློན་བསྐོ་གཞག་མཛད། ལས་དོན་གཅོད་ཡུལ་ཤོད་འགག་ཏུ་སྲིད་སྐྱོང་དང་གཅིག་མཚུངས་ཡིན་ཞིང༌། འགན་དབང་སྤྱོད་ཕྱོགས་ནི། བཀའ་ཤག་དང་ཡིག་ཚང་སོགས་ནས་ཡིག་རིགས་སྙན་ཞུར་ཕུལ་འབྱོར་ལ་ཞིབ་འཇུག་བཅོས་རྒྱག་གིས་ཏཱ་ལའི་བླ་མར་འབུལ་དགོས་པ་དང༌། ཏཱ་ལའི་བླ་མའི་བཀོད་མངགས་བཀའ་ཤག་ལ་གྲོས་སྡུར་བྱེད་པ། ཉེས་ཅན་ནག་ཆེའི་རིགས་ཁྲིམས་གཅོད་ནན་པོ་བྱེད་དགོས་པའི་འཆར་གཞིར་ལག་རྟགས་ཕབ་སྲོལ་དང༌། རྩ་བའི་ཐག་གཅོད་བྱེད་པ་སོགས་ཀྱི་དབང་ཆ་བཀའ་ཤག་ལས་ཆེ་བ་ཡོད། ཡང་སྲིད་ཚབ་ཟེར་བ་ཡང་བྱུང་ཡོད་དེ་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་སྟག(1950)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པས་སྲིད་ཚབ་སེར་སྐྱ་གཉིས་བསྐོ་གཞག་གནང་མྱོང་བ་དེའི་འགན་དབང་སྤྱོད་ཕྱོགས་དང༌། ཁུངས་ཚུགས་ཡུལ་སོགས་སྲིད་བློན་ངོ་མ་དང་གཅིག་མཚུངས་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-04-26

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།