བཙན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རི་བྲག་སོགས་ལ་གནས་འཆའ་བའི་ལྷ་སྲིན་སྡེ་བརྒྱད་ཀྱི་ཡ་གྱལ་ཞིག
1 ལོ་ཙཱ།

རྒྱ་ཡིག 妖精,妖怪

དབྱིན་ཡིག a type of spirit/demon

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ①རི་བྲག་སོགས་ལ་གནས་འཆའ་བའི་ལྷ་སྲིན་སྡེ་བརྒྱད་ཀྱི་ཡ་གྱལ་ཞིག ②བཙན་པོའི་མིང་བསྡུས་པ།  

2.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  འདྲེའི་ནང་གསེས་ཤིག 名词。妖精,妖怪。迷信所说的一类厉鬼:རི་བཙན། 山妖。ཆུ་བཙན། 水怪。

3.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག ①ཆོས་ལུགས། ལྷ་སྲིན་སྡེ་བརྒྱད་ཀྱི་ཡ་གྱལ་ཞིག་སྟེ། རི་བྲག་སོགས་ལ་གནས་འཆའ་ཞིང༌། རང་མདོག་དམར་ལ་ཆས་གོས་རྣམས་ཀྱང་དམར་པོ་ཁོ་ན་གྱོན། དཔེར་ན། བཙན་རོལ་པ་རྐྱ་བདུན་དང༌། བཙན་རྒོད་ཡམ་ཤུད་དམར་པོ་ལྟ་བུ། ②བསྣད་པའམ་རྨས་པའི་དོན། བསྣན་ཚིག ཨུ་ཚུགས་དང་དྲག་པོའི་དོན་ཏེ། དཔེར་ན། མི་འབྱོར་བཞིན་དུ་བཙན་སྦྱོར་བྱེད་པ། རྡོ་ཆག་བཙན་སྒྲིག་ལྟ་བུའི་ཚིག་སྦྱོར་ལྟ་བུ། རྒྱན་ཚིག ① ལས་སླ་བོ་བྱས་ནས་གླགས་མི་ཁེལ་བའམ་ཐུབ་ཚོད་གཏོང་མི་ཐུབ་པའི་དོན། དཔེར་ན། དགྲ་བཙན། བུ་བཙན། མནའ་མ་བཙན་ལྟ་བུ། ལྡོག་ཚིག གཉོམ། ②གཏུམ་དྲག་ཆེ་བའི་རྣམ་པ་སྟེ། དཔེར་ན། སྒོ་ཁའི་ཁྱི་བཙན་ལྟ་བུ། ③རྫོང་མཁར་དང་གནས་སོགས་གཞན་གྱིས་ཚུར་རྒོལ་དཀའ་བའི་རྣམ་པ་སྟེ། དཔེར་ན། བཙན་རྫོང་། བཙན་མཁར། བཙན་ས་ལྟ་བུ། ④ནུས་ཤུགས་དྲག་པོའི་རྣམ་པ་སྟེ། དཔེར་ན། སྨན་བཙན་པོ། བཀའ་བཙན་པོ་ལྟ་བུ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-03-15

གསར་སྤེལ་མཁན། :ཆོས་དབྱིངས།འཕགས་མོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།