ཙུ་ཏ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

1.ངག་རྒྱུན་ལ་གྲགས་པའི་མི་རྐང་པ་གཅིག་པའི་ཡུལ། 2.རིན་པོ་ཆེའི་བྱེ་བྲག་ཅིག
1 ལོ་ཙཱ།

རྒྱ་ཡིག 1.独脚国;2. 一种宝石名

དབྱིན་ཡིག 1.a mythological land where people have one leg only; 2.a name of a precious stone/gem.  

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  དམངས་ཁྲོད་ཀྱི་ངག་རྒྱུན་ལ་གྲགས་པའི་ཡུལ་ཞིག་གི་མིང་སྟེ། ཙུ་ཏའི་ཡུལ་དུ་ཕྱིན་པ་ན། རྐང་གཉིས་པ་ལ་མིར་མི་རྩི། ། ཞེས་པ་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས།﹝梵﹞ཙཱུ་ཏའི་ཤིང་ཨ་མྲའི་ཤིང་ངམ་ཀ་ར་འཐོན་བྱེད་ཤིང་།  芒果树,阿摩罗树,糖汁树。【增】珠宝名。﹝达﹞

3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  ①མི་རྐང་པ་གཅིག་པའི་ཡུལ། 祖达,独脚国。神话所传一国名,国人皆是独脚:ཙུ་ཏའི་ཡུལ་དུ་སླེབས་པ་ན། རྐང་གཉིས་པ་ལ་མིར་མི་རྩི། 到了“祖达”独脚国,有两足者不算人。②རིན་པོ་ཆེའི་བྱེ་བྲག་ཅིག 一种宝石名。

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག ①ངག་རྒྱུན་ལ་གྲགས་པའི་མི་རྐང་པ་གཅིག་པའི་ཡུལ་ཏེ། དཔེར་ན། ས་སྐྱའི་ལེགས་བཤད་ལས། ཙུ་ཏའི་ཡུལ་དུ་སླེབས་པ་ན། །རྐང་གཉིས་པ་ལ་མིར་མི་རྩི་ཞེས་པ་ལྟ་བུ། ②རིན་པོ་ཆེའི་བྱེ་བྲག་ཅིག ③ཨ་མྲའི་ཤིང༌གི་མིང་།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-03-12

གསར་སྤེལ་མཁན། :ཆོས་དབྱིངས།འཕགས་མོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།