བཅིངས་འགྲོལ་རྗེས་ཀྱི་རྔ་བའི་ཏང་སྲིད་ཚོགས་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོ་གུང་ཁྲན་ཏང་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་དང་པོའི་འཐུས་མི་ཚོགས་ཆེན་འབར་ཁམས་རྫོང་དུ་འཚོགས་ཤིང་། ཚོགས་ཆེན་དུ་ཞུགས་ཡོད་པའི་འཐུས་མི293ཡོད་པ་དང་། དེ་ལས་གྲངས་ཉུང་མི་རིགས་ཀྱི་འཐུས་མི113ཡོད་ལ། འཐུས་མི་ཡོངས་ཀྱི་བརྒྱ་ཆའི38.5ཟིན། ཁུལ་ཨུའི་འཐུས་ཚབ་ཧྲུའུ་ཅི་དང་པོ་ཀའོ་ཀྲི་ཡོན(郜志远)གྱིས་སྙན་ཞུ་ཞུས་པ་དང་། ཚོགས་ཆེན་དུ་ཁུལ་ཨུའི་ཨུ་ཡོན33དང་། རྒྱུན་ཨུ་མི14 ཧྲུའུ་ཅི་དང་པོ1 ཧྲུའུ་ཅི6བཅས་བདམས་ཐོན་བྱུང་།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
རྔ་བ་ཁུལ་བཅིངས་འགྲོལ་རྗེས་ཀྱི་ཏང་སྲིད་ཚོགས་པ།
རྒྱ་ཡིག་གི་མིང་།
阿坝州解放后党政群团
ཁྱད་ཆོས།
སྤྱི་ལོ1979ལོའི་ཟླ3པར། ཁུལ་ཨུ་དང་ཁུལ་གསར་བརྗེ་ཨུ་ཡོན་གཉིས་སོ་སོར་དབྱེ་ནས་གཞུང་དོན་བསྒྲུབས་པ་དང་། སྤྱི་ལོ1987ལོའི་ཟླ7པར། ཀྲུང་གུང་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་དུ་བསྒྱུར།
ས་གནས།
སི་ཁྲོན་རྔ་བ་ཁུལ།
1 ​བཅིངས་འགྲོལ་རྗེས་ཀྱི་ཏང་སྲིད་ཚོགས་པའི་ལས་ཁུངས། 

སྤྱི་ལོ1952ལོའི་ཟླ8པར།   ཁྲོན་ཞི་ཆུས(川西区)ཏང་ཨུ་མེད་པར་བཟོས་ཏེ།  མའོ་རྫོང་ས་གནས་ཏང་ཨུ་ལ་ཞིང་ཆེན་ཨུ་ཡོན་གྱིས་འགོ་ཁྲིད་བྱས།  སྤྱི་ལོ1954ལོའི་ཟླ4པར།   ས་གནས་ཏང་ཨུའི་སྡོད་ཡུལ་ལྷ་རྒྱལ་གླིང་དུ་སྤོས།  སྤྱི་ལོ1956ལོའི་ཟླ6པར།     ཀྲུང་གུང་མའོ་རྫོང་ས་གནས་ཏང་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཙུགས་པ་དང་།  ལོ་དེའི་ཟླ11པའི་ཚེས12ཉིན་ལ།  ཀྲུང་གོ་གུང་ཁྲན་ཏང་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་དུ་བསྒྱུར།   སྤྱི་ལོ1958ལོའི་ཟླ1ནས1966ལོའི་ཟླ4བར།  ཁུལ་ཨུ་ཡིས་ཧྲུའུ་ཅི་ཁྲུའུ་བཙུགས།  རིག་གནས་གསར་བརྗེའི་སྐབས་སུ།  ཁུལ་ཨུ་ལས་ཁུངས་སོ་སོའི་ལས་ནུས་ཤོར་བ།   སྤྱི་ལོ1972ལོའི་ཟླ5བར།  ཁུལ་ཨུ་དང་ཁུལ་གསར་བརྗེ་ཨུ་ཡོན་ལས་ཁུངས་མཉམ་རུབ་ཀྱིས་གཞུང་དོན་བསྒྲུབས།  ལོ་དེའི་ཟླ9བར།  ཁུལ་ཨུ་ཡིས་ཁུལ་གསར་བརྗེ་ཨུ་ཡོན་ཚོ་ཆེན་བཞི་བོར་པུའུ་བདུན་དང་ཨུ་གཅིག་ཁང་གཅིག་ཏུ་བསྒྱུར།  སྤྱི་ལོ1979ལོའི་ཟླ3པར།  ཁུལ་ཨུ་དང་ཁུལ་གསར་བརྗེ་ཨུ་ཡོན་གཉིས་སོ་སོར་དབྱེ་ནས་གཞུང་དོན་བསྒྲུབས།  སྤྱི་ལོ1987ལོའི་ཟླ7པར།  ཀྲུང་གུང་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་དུ་བསྒྱུར། 

2 བཅིངས་འགྲོལ་རྗེས་ཀྱི་ཏང་ཡོན་འཐུས་མི་ཚོགས་ཆེན།

སྤྱི་ལོ1966ལོའི་ཟླ4བའི་ཚེས25ནས28ཉིན་ལ།    ཀྲུང་གོ་གུང་ཁྲན་ཏང་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་དང་པོ་ཐེངས་དང་པོའི་འཐུས་མི་ཚོགས་ཆེན་འབར་ཁམས་རྫོང་དུ་འཚོགས་པ།  ཚོགས་ཆེན་དུ་ཞུགས་ཡོད་པའི་འཐུས་མི293ཡོད་པ་དང་།  དེ་ལས་གྲངས་ཉུང་མི་རིགས་ཀྱི་འཐུས་མི113ཡོད་ཅིང་།  འཐུས་མིའི་བརྒྱ་ཆའི38.5ཟིན་པ།   ཁུལ་ཨུའི་འཐུས་ཚབ་ཧྲུའུ་ཅི་དང་པོ་ཀའོ་ཀྲི་ཡོན(郜志远)གྱིས་སྙན་ཞུར་ཞུ་བ།  ཚོགས་ཆེན་དུ་ཁུལ་ཨུའི་ཨུ་ཡོན33དང་།  རྒྱུན་ཨུ་མི1ཧྲུའུ་ཅི་དང་པོ1ཧྲུའུ་ཅི6བཅས་བདམས་ཐོན་བྱུང་།  ཁུལ་གྱི་སྐབས་གཉིས་པ་ཐེངས་དང་པོ་དང་སྐབས་གསུམ་པ་ཐེངས་དང་པོ།   སྐབས་བཞི་བ་ཐེངས་དང་པོ།  སྐབས་ལྔ་བ་ཐེངས་དང་པོའི་འཐུས་མི་ཚོགས་ཆེན་རེ་རེ་བྱས་ནས་སྤྱི་ལོ1972ལོའི་ཟླ5བའི་ཚེས29ཉིན་ནས་ཟླ6པའི་ཚེས1ཉིན་དང་།  སྤྱི་ལོ1978ལོའི་ཟླ11པའི་ཚེས8ནས13ཉིན།  སྤྱི་ལོ1984ལོའི་ཟླ2པའི་ཚེས20ནས25ཉིན།  སྤྱི་ལོ1989ལོའི་ཟླ3པའི་ཚེས25ནས30བཅས་ཀྱི་ཉིན་ལ་འབར་ཁམས་རྫོང་དུ་འཚོགས་པ་རེད།  

3 བཅིངས་འགྲོལ་རྗེས་ཀྱི་ཏང་སྲིད་ཚོགས་པའི་ཏང་དོན།

སྤྱི་ལོ1950ལོའི་ཟླ1པར།   ཀྲུང་གུང་མའོ་རྫོང་ས་གནས་ཨུ་ཡོན་གྱི་རྩ་འཛུགས་པུའུ་བཙུགས་ཏེ།    སྤྱི་ལོ1956ལོའི་ཟླ11པར།  ཀྲུང་གུང་རྔ་བ་ཁུལ་ཨུའི་རྩ་འཛུགས་པུའུ་ཞེས་མིང་བསྒྱུར་བ་དང་།   སྤྱི་ལོ1968ལོའི་ཟླ10བར།  ཁུལ་གསར་བརྗེ་ཨུ་ཡོན་གྱི་སྲིད་བཟོ་ཚོ་ཆུང་གིས་ཚབ་བྱས་ཤིང་།  སྤྱི་ལོ1972ལོའི་ཟླ9བར་ཡང་བསྐྱར་སླར་གསོ་བྱས།  སྤྱི་ལོ1950-1965ལོར།   ཁུལ་ཡོངས་སུ་ཏང་ཡོན་མི10949ཡོད།  རིག་གནས་གསར་བརྗེའི་སྐབས་སུ་ཏང་ཡོན་མི13835ཡོད་པ།  སྤྱི་ལོ1977ལོའི་རྗེས་སུ།  ཤེས་ཡོན་ཅན་གྱི་ཏང་ཡོན1979ལོའི་བརྒྱ་ཆའི2.63ནས1983ལོར་བརྒྱ་ཆའི11.55འཕར།   སྤྱི་ལོ1990ལོར། ཤེས་ཡོན་ཅན་གྱི་ཏང་ཡོན་མི6096ཡོད། སྤྱི་ལོ1950ལོའི་ལོ་མགོར།  མའོ་རྫོང་ས་གནས་ཨུ་ཡོན་གྱི་དྲིལ་བསྒྲགས་པུའུ་བཙུགས་ཏེ།  སྤྱི་ལོ1956ལོའི་ཟླ11པར།  རྔ་བ་ཁུལ་དྲིལ་བསྒྲགས་པུའུ་ཞེས་མིང་བསྒྱུར་བ་དང་།  སྤྱི་ལོ1968ལོར།  ཁུལ་གསར་བརྗེ་ཨུ་ཡོན་གྱི་སྲིད་བཟོ་ཚོ་ཆུང་གིས་ཚབ་བྱས་ཤིང་།  སྤྱི་ལོ1979ལོའི་ཟླ3པར་ཡང་བསྐྱར་སླར་གསོ་བྱས།     སྤྱི་ལོ1950ལོའི་ཟླ6པར།    ཀྲུང་གུང་མའོ་རྫོང་ས་གནས་ཨུ་ཡོན་གྱི་སྒྲིག་ཁྲིམས་ཞིབ་གཤེར་ཨུ་ཡོན་ལྷན་ཁང་བཙུགས་ཏེ།  སྤྱི་ལོ1955ལོར།  མའོ་རྫོང་ས་ཆའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ཞེས་མིང་བསྒྱུར་བ་དང་།  སྤྱི་ལོ1957ལོར།  ཀྲུང་གུང་རྔ་བ་ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ཞེས་མིང་བསྒྱུར།  རིག་གནས་གསར་བརྗེའི་སྐབས་སུ།  ཁུལ་གསར་བརྗེ་ཨུ་ཡོན་མངའ་འོག་གི་ལྟ་ཞིབ་ཁའོ་བསྒྱུར།    སྤྱི་ལོ1978ལོར།   སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སླར་གསོ་བྱས།  སྤྱི་ལོ1983ལོའི་རྗེས་སུ།  ཁུལ་ཨུའི་འགོ་ཁྲིད་འོག་གི་རང་རྐྱ་འཕེར་བའི་ལས་ཁུངས་ཤིག་ཏུ་བསྒྱུར།    སྤྱི་ལོ1955ལོའི་ཟླ1པོར།  ཀྲུང་གུང་མའོ་རྫོང་ས་གནས་ཨུ་ཡོན་གྱིས་འཐབ་ཕྱོགས་གཅིག་གྱུར་པུའུ་བཙུགས།  རིག་གནས་གསར་བརྗེའི་སྐབས་སུ་ལས་ཁུངས་ཀྱི་ལས་ནུས་ཤོར་བ།  སྤྱི་ལོ1972ལོའི་ཟླ9བར།  ཁུལ་གསར་བརྗེ་ཨུ་ཡོན་གྱིས་འཐབ་ཕྱོགས་གཅིག་གྱུར་ཁའོ་བསྒྱུར།  སྤྱི་ལོ1975ལོར།  ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་སླར་གསོ་བྱུང་བ།   སྤྱི་ལོ1982ལོའི་ཟླ7པར།  ཁུལ་ཨུའི་སྲིད་ཇུས་ཞིབ་འཇུག་ཁང་བཙུགས།  སྤྱི་ལོ1955ལོའི་ཟླ1པར།  ཀྲུང་གུང་མའོ་རྫོང་ས་གནས་ཨུ་ཡོན་གྱིས་རང་སྐྱོང་ལྗོངས་སྲིད་ཁྲིམས་ཏང་ཙུའུ་བཙུགས།  སྤྱི་ལོ1981ལོའི་ཟླ8པར།  རྔ་བ་ཁུལ་ཨུའི་ཏང་གི་ལོ་རྒྱུས་དཔྱད་ཞིབ་འཚོལ་སྡུད་ཚོ་ཆུང་བཙུགས་ཏེ།  སྤྱི་ལོ1983ལོའི་ཟླ12པར་ཁུལ་ཨུའི་ཏང་གི་ལོ་རྒྱུས་ལས་ཀ་ཨུ་ཡོན་ལྷན་ཚོགས་ཞེས་མིང་བསྒྱུར།  

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-04-03

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།