རྔ་བ་ཁུལ་གྱི་ཆུ་དཔྱད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྔ་བ་ཁུལ་གྱི་ཆུ་དཔྱད།
རྔ་བ་ཁུལ་དུ་གཙང་བོ་དང་ཆུ་ཕྲན530ཡོད་པ་དང་། དེ་ལས་ཆུ་རྒྱུན་འབབ་ཡུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ500ཡས་མས་ཀྱི་ཆུ་བོ54ཡོད་ཅིང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ200~499ཡི་ཆུ་བོ61ཡོད། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ100~199ཡི་ཆུ་བོ92ཡོད། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ50~99ཡི་ཆུ་བོ108ཡོད། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ50མན་ཆད་ཀྱི་ཆུ་བོ215བཅས་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
རྔ་བ་ཁུལ་གྱི་ཆུ་དཔྱད།
རྒྱ་ཡིག་གི་མིང་།
阿坝州水文
ས་གནས།
སི་ཁྲོན་རྔ་བ་ཁུལ།
1 ​རྔ་བ་ཁུལ་གྱི་ཆུ་རྒྱུན། 

རྔ་བ་ཁུལ་དུ་གཙང་བོ་དང་ཆུ་ཕྲན530ཡོད་པ་དང་།  དེ་ལས་ཆུ་རྒྱུན་འབབ་ཡུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ500ཡས་མས་ཀྱི་ཆུ་བོ54ཡོད་ཅིང་།  རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ200~499ཡི་ཆུ་བོ61ཡོད།  རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ100~199ཡི་ཆུ་བོ92ཡོད།  རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ50~99ཡི་ཆུ་བོ108ཡོད།  རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ50མན་ཆད་ཀྱི་ཆུ་བོ215བཅས་ཡོད།  དེ་ལས་གཙོ་བོ་རྨིན་ཅང་དང་དེའི་ཆུ་ལག་ཁྲོ་ཆུ།  བཀྲ་ཤིས་གླིང་ཆུ།(杂谷脑河)ཆུ་བོ་ཡུས་ཙི།(渔子溪) རྒྱལ་མོ་དངུལ་ཆུ་དང་དེའི་ཆུ་ལག་མ་ཆུ།(麻尔曲)ཀྱོམ་ཀྱོའི་ཆུ།(脚木足河)སོ་མང་ཆུ།(梭磨河) ཁྲོ་སྐྱབས་ཆུ།(绰斯甲河)བཙན་ལྷའི་ཆུ་ཡིན།  རྨ་ཆུའི་ཆུ་ལག་སྐ་ཆུ་དང་རྨེ་ཆུ་ཡིན།  ཅ་ལིང་ཅང་དང་དེའི་ཆུ་ལག་འབྲུག་དཀར་གཙང་བོ།  དཀར་ཆུ་གཙང་བོ།  ཧྥུ་ཅང་།  ཐུའུ་མོན་གཙང་བོ་ཡིན།  སྐ་ཆུ་དང་རྨེ་ཆུའི་འབབ་ཡུལ་ནི་རྨ་ཆུ་ཡིན་པ་ལས།  གཞན་དག་གི་འབབ་ཡུལ་ནི་འབྲི་ཆུ་ཡིན་པར་མ་ཟད།  རྨིན་ཅང་དང་རྒྱལ་མོ་རྔུལ་ཆུ།  ཅ་ལིང་ཅང་བཅས་ཀྱི་ཆུ་རྒྱུན་ཡིན།

2 རྔ་བ་ཁུལ་གྱི་འདམ་རྫབ།

རྔ་བ་ཁུལ་གྱི་འདམ་རྫབ་གཙོ་བོ་མཛོད་དགེ་དང་ཧུང་ཡོན་རྫོང་གཉིས་ཀྱི་ས་ཁུལ་དུ་ཡོད་ཅིང་།  རྨ་ཆུའི་སྟོད་ཀྱི་ཆུ་ལག་ཆེན་པོ་གཉིས་ཏེ་རྨེ་ཆུ་དང་སྐ་ཆུའི་འབབ་ཡུལ།  ལྷོ་བྱང་གི་ཆེས་རིང་ས་སྤྱི་ལེ200དང་།  ཤར་ནུབ་ཀྱི་ཞེང་ས་སྤྱི་ལེ100ཡིན།  ཕྱོགས་བཞི་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི4000ཡན་ཆད་ཀྱི་རི་བོས་བསྐོར་ཡོད། འདམ་རྫབ་ཀྱི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི30ལྷག་ཡོད།  རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་མཐོ་སྒང་གི་འདམ་རྫབ་ཡིན།  མིང་ལ་མཛོད་དགེ་མཐོ་སྒང་གི་འདམ་རྫབ་ཟེར།  ས་ངོས་ཡངས་ལ་གཤོང་མང་བ་དང་།  གཞོང་ས་རྒྱ་ཆེ་བ།  གྲང་ངར་ཆེ་བ་དང་བརླན་སའི་ཁོར་ཡུག་ཡིན་པས།  སྤང་ལྗོངས་ཀྱི་འདམ་རྫབ་ཏུ་འགྱུར་བ་དང་། དེའི་ཁྲོད་མ་མཚེའུ་ཡི་འདམ་རྫབ་ཏུ་འགྱུར།  རྨེ་ཆུ་འབབ་ཡུལ་གྱི་འདམ་རྫབ་སྐ་ཆུ་འབབ་ཡུལ་ལས་མང་བ་དང་།  ཆུ་གཉིས་བར་སྨད་ཀྱི་འདམ་རྫབ་ཆུ་སྟོད་ལས་མང་།  རྨེ་ཆུ་འབབ་ཡུལ་གྱི་འདམ་རྫབ་ཀྱིས13.5%ཟིན་ཡོད་ལ།  དེའི་བར་སྨད་ཀྱི་འདམ་རྫབ་ཀྱིས21.3%~43.2%ཟིན་པ་དང་། ཆུ་སྟོད་ཀྱི་འདམ་རྫབ་ཀྱིས12.3%~17.4%ཟིན་ཡོད།  སྐ་ཆུ་འབབ་ཡུལ་གྱི་འདམ་རྫབ་ཀྱིས12.2%ཟིན་ཡོད་ལ།  དེའི་བར་སྨད་ཀྱི་འདམ་རྫབ་ཀྱིས6.4%~32%ཟིན་པ་དང་། ཆུ་སྟོད་ཀྱི་འདམ་རྫབ་ཀྱིས1%~5%ཟིན་ཡོད། མཐོ་སྒང་གི་འདམ་རྫབ་ནི་རྣམ་པ་མི་འདྲ་བའི་འདམ་རྫབ9ལས་གྲུབ་སྟེ།  འདམ་རྫབ་སོ་སོ་ས་ངོས་ཆགས་ཚུལ་མི་གཅིག་པའི་སྟེང་དུ་ཆགས་ལ།  ཕན་ཚུན་སྦྲེལ་ནས་རིགས་ཆེན་པོ4ཡི་འདམ་རྫབ་མཉམ་འདུས་ཀྱི་གཟུགས་ཤིག་ཆགས།

3 རྔ་བ་ཁུལ་གྱི་མཚེའུ།

ཁུལ་ཡོངས་ཀྱི་མཚེའུའི་ཆུ་ངོས་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ70.5ཡོད་ཅིང་། སྤྱིའི་ཆུ་གསོག་ཚད་སྨི་ལྷམ་པ་འབུམ7.45ཡོད།   ཆེ་ཆུང་མི་འདྲ་བའི་མཚེའུ542ཡན་ཆད་ཡོད་དེ།  ཆུ་ཆེན་ནི་མཚེའུ་ཆེས་མང་ས་ཡིན་པ་དང་།  དེའི་ཁྲོད་ལིས་རྫོང་དང་འབར་ཁམས་ཡིན།  ཧུང་ཡོན་ནི་ཆེས་ཉུང་ས་ཡིན།  ཁུལ་ཡོངས་ལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ0.001~1.8བར་གྱི་མཚེའུ288ཡན་ཆད་ཡོད་པ་དང་།  ཆུ་གསོག་ཚད་སྨི་ལྷམ་པ་འབུམ4.01ལྷག་ཡོད།  མཚེའུ་ཕལ་ཆེར་ཚྭ་མེད་ཆུ་ཡིན་པ་དང་།  ཚྭ་ཆུའི་མཚེའུ་ཡང་ཉུང་ཙམ་ཡོད།  མཚེའུ་ཕལ་ཆེར་རི་ཁུལ་མཐོ་སའི་མཚེའུ་ཡིན་ཏེ།  གཙོ་བོ་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི3000~4500བར་གྱི་རི་མགོ་དང་རི་ཐང་ས་ཁུལ་དུ་ཡོད། 


བརྡ་འགྲེལ་གདོང་འཛར།

ཆུ་རྒྱུན། འདམ་རྫབ། མཚེའུ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-04-11

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།