རྔ་བ་ཁུལ་གྱི་རི་ཀླུང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྔ་བ་ཁུལ་གྱི་རི་བབ་ནི་ལྷོ་མཐོ་བྱང་དམའ་ཡི་གནས་སུ་ཆགས་ཡོད་ཅིང་། ལུང་པའི་ས་བབ་ནི་ནུབ་བྱང་ཕྱོགས་སུ་མཐོ་ལ་ཤར་ལྷོ་རུ་དམའ་བའི་གནས་སུ་ཆགས་ཡོད། རི་ཀླུང་གི་ཁྱབ་ཕྱོགས་ནི་བྱང་ཤར་ནས་ལྷོ་ནུབ་ཕྱོགས་སུ་སོང་ཡོད་དེ། ཤར་དུང་རི་དང་རི་བོ་དབྱང་ཀུང(羊拱山)། གཡག་ལ(亚拉山)། རྒྱལ་རྩེ་ལ(加则山)བཅས་ལྷོ་ཕྱོགས་སུ་མུ་འཁྱུད་དུ་བརྐྱངས་ཡོད། མཚོ་ངོས་ལས་མཐོ་ཚད་ཕལ་ཆེར་སྨི4500ཡན་ཆད་ཡིན། རི་བོ་རྨིན་ཧྲན་དང་རི་བོ་ལུང་མེན་ཧྲན། རི་བོ་ཆང་གནས་སོགས་ལྷོ་ནས་བྱང་གི་ཕྱོགས་སུ་ཁྱབ་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
རྔ་བ་ཁུལ་གྱི་རི་ཀླུང་།
རྒྱ་ཡིག་གི་མིང་།
阿坝州山川
ཁྱད་ཆོས།
རྔ་བ་ཁུལ་གྱི་རི་བབ་དེར་ལྷོ་མཐོ་བྱང་དམའ་ཡི་གནས་སུ་ཆགས་ཡོད་ཅིང་། ལུང་པའི་ས་བབ་དེར་ནུབ་བྱང་ཕྱོགས་སུ་མཐོ་ལ་ཤར་ལྷོ་རུ་དམའ་བའི་གནས་སུ་ཆགས་ཡོད།
ས་གནས།
སི་ཁྲོན་རྔ་བ་ཁུལ།
1 རྔ་བ་ཁུལ་གྱི་རི་བོ། 

རྔ་བ་ཁུལ་གྱི་རི་བབ་ནི་ལྷོ་མཐོ་བྱང་དམའ་ཡི་གནས་སུ་ཆགས་ཡོད་ཅིང་།   ལུང་པའི་ས་བབ་ནི་ནུབ་བྱང་ཕྱོགས་སུ་མཐོ་ལ་ཤར་ལྷོ་རུ་དམའ་བའི་གནས་སུ་ཆགས།  རི་ཀླུང་གི་ཁྱབ་ཕྱོགས་ནི་བྱང་ཤར་ནས་ལྷོ་ནུབ་ཕྱོགས་སུ་སོང་ཡོད་དེ། ཤར་དུང་རི་དང་རི་བོ་དབྱང་ཀུང(羊拱山)། གཡག་ལ(亚拉山)།  རྒྱལ་རྩེ་ལ(加则山)བཅས་ལྷོ་ཕྱོགས་སུ་མུ་འཁྱུད་དུ་བརྐྱངས་ཡོད། རྒྱ་མཚོ་ངོས་ལས་མཐོ་ཚད་ཕལ་ཆེར་སྨི4500ཡན་ཆད་ཡིན།   རི་བོ་རྨིན་ཧྲན་དང་རི་བོ་ལུང་མེན་ཧྲན།  རི་བོ་ཆང་གནས་སོགས་ལ་བྱང་ནས་ལྷོ་ཡི་ཕྱོགས་སུ་ཁྱབ་ཡོད། 

2 རྔ་བ་ཁུལ་གྱི་ལུང་པ།

ཧྥུ་ཅང་དང་རྨིན་ཅང་། རྒྱལ་མོ་རྔུལ་ཆུ་བཅས་ཀྱི་འབབ་ཡུལ་ནི་བཙན་ལྷ་དང་ཆུ་ཆེན་གྱི་ཆུ་མཚམས་འབྱེད་རི་གྲུབ་ཅིང་།  ཆུ་རྒྱུན་འབབ་ཡུལ་གྱི་རྒྱུག་ཕྱོགས་ནི་བྱང་ནས་ལྷོ་དང་ཡང་ན་ལྷོ་ནུབ་ཕྱོགས་སུ་བཞུར།  བྱང་ཕྱོགས་ཀྱི་རྒྱ་མཚོ་ངོས་ལས་མཐོ་ཚད་ནི་སྨི4500ལས་དམའ་ཞིང་།  རི་བོ་དབྱང་ཀུང་དང་ཚལ་ཕྲན་ཉག་ཁ་ནི་རྨ་ཆུ་དང་འབྲི་ཆུའི་འབབ་ཡུལ་གྱི་དབྱེ་མཚམས་ཡིན།  ས་བབ་ནི་ལྷོ་ནས་བྱང་ཕྱོགས་སུ་གསེག་སྟེ།  སྐ་ཆུ་དང་རྨེ་ཆུ་སོགས་ནི་ལྷོ་ནས་བྱང་དུ་རྨ་ཆུར་བཞུར།   རྨིན་ཅང་དང་རྒྱལ་མོ་རྔུལ་ཆུའི་རྒྱུག་ཕྱོགས་ནི་བྱང་ནས་ལྷོ་རུ་བཞུར་ཡང་།  བྱང་ཕྱོགས་དང་ཡང་ན་ནུབ་ཕྱོགས་ཀྱི་ས་བབ་ནི་ཇེ་མཐོ་ཡིན་ཏེ།   རྒྱལ་མོ་རྔུལ་ཆུའི་ཆུ་ཕྲན་ལུང་པའི་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི2000ཡན་ཆད་ཡིན་ལ།   ཧྥུ་ཅང་དང་རྨིན་ཅང་ལུང་པའི་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི2000མན་ཆད་ཡིན།  རྔ་བ་ཁུལ་གྱི་མཐོ་སྒང་ནི་ཐང་ཆེན་དང་རི་མ་ཐང་གི་ས་ཞིང་།  རི་མཐོ་བའི་ས་ཞིང་།  རི་ཞིང་གྲོག་རོང་དོག་པོ་སྟེ།  གཙོ་བོ་རི་དམའ་འབྲིང་དང་རི་འབྲིང་བ།  རི་མཐོན་པོ།  རི་ཞིང་བཅས་ཀྱི་བར་དུ་བདེ་ཐང་དང་འབུར་ཐང་སོགས་ཀྱིས་ཁྱབ་ཡོད་ཅིང་།  ས་ངོས་ཕལ་ཆེར་རི་ཞིང་ཡིན་པས།  རྔ་བ་ཁུལ་སྤྱིའི་རྒྱ་ཁྱོན་གྱི88.17%ཟིན་ཡོད།   རི་དམའ་མོའི་སྒང་གཤོངས་སྨི200ལས་མཐོ་བ། དེའི་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི1000མན་ཆད་ཀྱི་རི་ཁུལ་ཡིན་ཏེ།  ཝུན་ཁྲོན་ཡིང་ཞིའུ་ཆུ་རགས་མན་ཆད་ཀྱི་ས་ཁུལ་ཡིན་ཞིང་།  རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ25.59ཡིན།  ཁུལ་ཡོངས་རྒྱ་ཁྱོན་གྱི0.03%ཟིན།   ཆེས་མཐོ་བའི་རི་བོའི་སྒང་གཤོངས་སྨི200ལས་མཐོ་བ། དེའི་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི5000ཡན་ཆད་ཀྱི་རི་ཁུལ་ཡིན་ལ།  རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ133.8ཡོད།  ཁུལ་ཡོངས་རྒྱ་ཁྱོན་གྱི0.16%ཟིན།  རི་མ་ཐང་ནི་གཙོ་བོ་མཛོད་དགེ་དང་ཧུང་ཡོན།  རྔ་བ།  འཛམ་ཐང་བཅས་ཀྱི་མཐོ་སྒང་དུ་ཁེབས་ཡོད།  དེའི་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི3000ཡན་ཆད་ཡིན་ལ།  ས་བབ་ཀྱི་སྒང་གཤོངས་སྨི20~200བར་ཡིན།  རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ3711.41ཡོད་དེ།  ཁུལ་ཡོངས་རྒྱ་ཁྱོན་གྱི4.49%ཟིན། 


བརྡ་འགྲེལ་གདོང་འཛར།

རྔ་བ། རི་བོ། ལུང་པ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-04-02

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།