རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ།
རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་བསྡུས་མིང་ལ་རྔ་བ་ཁུལ་ཟེར། དེ་ནི་སི་ཁྲོན་ཞིང་ཆེན་གྱི་རང་སྐྱོང་ཁུལ་ཞིག་ཡིན་ཞིང་། མི་གྲངས་གཙོ་བོ་ནི་གྲངས་ཉུང་མི་རིགས་ཡིན། སི་ཁྲོན་ཞིང་ཆེན་གྱི་ནུབ་བྱང་ས་ཁུལ་དུ་གནས་ཡོད་ཅིང་། མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་ཡིན། མངའ་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི8.42ཡོད། རྔ་བ་ཁུལ་ནི་སི་ཁྲོན་ཞིང་ཆེན་གྱི་བོད་ཁུལ་ཆེ་ཁག་ཨང་གཉིས་པ་དང་ཀྲུང་གོའི་ཆའང་རིགས་ཀྱི་འདུས་སྡོད་ས་ཁུལ་གཙོ་བོའང་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ།
རྒྱ་ཡིག་གི་མིང་།
阿坝藏族羌族自治州
ཕྱི་ཡིག་གི་མིང་།
Tibetan Qiang Autonomous Prefecture of Ngawa
སྲིད་གཞུང་གནས་ཡུལ།
འབར་ཁམས་གྲོང་ཁྱེར།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
0837
སྦྲག་སྲིད་ཨང་རྟགས།
624000
གནས་ཡུལ།
སི་ཁྲོན་ཞིང་ཆེན་ནུབ་བྱང་ས་ཁུལ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི8.42ཡོད།
མི་གྲངས།
ཁྲི92.03ཡོད།(སྤྱི་ལོ2014ལོར།)
སྐད་རིགས།
ཆའང་རིགས་སྐད་དང་རྒྱ་སྐད། བོད་སྐད(ཨ་མདོ་སྐད་དང་རྒྱལ་རོང་ཡུལ་སྐད།)བཅས་ཡོད།
གནམ་གཤིས།
མཐོ་སྒང་ནམ་ཟླ།
སྐད་གྲགས་ཅན་གྱི་མཛེས་ལྗོངས།
གཟི་རྩ་སྡེ་དགུ། གསེར་མཚོ། རི་བོ་སྐུ་བླ།
གནམ་གྲུ་ཐང་།
གཟི་གསེར་གནམ་གྲུ་ཐང་དང་ཧུང་ཡོན་གནམ་གྲུ་ཐང་གཉིས་ཡོད།
མེ་འཁོར་འབབ་ཚུགས།
གཟི་རྩ་སྡེ་དགུ་འབབ་ཚུགས། མའོ་རྫོང་འབབ་ཚུགས། (ད་ལྟ་སྐྲུན་བཞིན་ཡོད །)
རླངས་འཁོར་ཨང་རྟགས།
川U
1 ​ངོ་སྤྲོད་རགས་བསྡུས།

རྔ་བ་ཁུལ་གྱི་ཁོངས་སུ་གནའ་སྔ་མོ་ནས་མིའི་རིགས་འཚོ་གནས་སྐྱེ་འཕེལ་བྱས་ཡོད་ལ།  ཀྲན་གོའི་དུས་ཏེ་སྤྱི་ལོ་སྔོན་གྱི316ལོར་ཆིན་གོང་མས་ད་ལྟ་ཟུང་ཆུའི་མངའ་ཁོངས་སུ་ཅན་ཏི་ཏའོ(湔氐道)ཞེས་པའི་སྲིད་དབང་ཞིག་བཙུགས་ཤིང་།  རྔ་བ་ཁུལ་གྱི་སྲིད་དབང་སྒྲིག་གཞིར་དུས་དེ་ན་བཟུང་མགོ་བརྩམས།   ཧན་རྒྱལ་རབས་ནུབ་མས་ཝན་ཧྲན་ཅུན(汶山郡)ཞེས་པའི་སྲིད་དབང་བཙུགས།  ཅི་དང་སུའེ་རྒྱལ་རབས་ཀྱི་སྐབས་སུ།  སྒྲིག་ལུགས་རྙིང་བ་ལ་ངོ་རྒོལ་བྱས་ཏེ་རང་གི་སྲིད་དབང་རྒྱ་ཆེར་ཅུང་ཙམ་བཏང་།  ཐང་རྒྱལ་རབས་ཀྱི་སྐབས་སུ།  དུས་འགྱུར་གང་མང་བྱུང་ནས་སྲིད་དབང་གི་འགྱུར་ལྡོག་ཀྱང་དེ་བཞིན་གང་མང་དུ་གྱུར།  སུང་རྒྱལ་རབས་ཀྱི་སྐབས་སུ།  མའོ་ཀྲོའུ་རུ་ཐུང་ཧྭ་ཅུན(通化郡)དང་ཝུན་ཀྲོའོ་རུ་ཝེ་ཁྲོན་ཅུན(维川郡)ཞེས་པའི་སྲིད་དབང་བཙུགས།  ཡོན་རྒྱལ་རབས་ནས་བཟུང་ཐུའུ་སིའི་ལམ་ལུགས་ལག་བསྟར་བྱས།    མིང་རྒྱལ་རབས་ཀྱི་སྐབས་སུ།   མའོ་ཀྲོའུ་དང་ཝུན་ཀྲོའུ།  ཟུང་ཆུ་ཝེ་ཞེས་པའི་སྲིད་དབང་བཙུགས་ཏེ།  ཐུའུ་སིའི་ལམ་ལུགས་དངོས་སུ་ལག་བསྟར་བྱས།     ཆིང་རྒྱལ་རབས་ཀྱི་སྐབས་སུ།  མའོ་ཀྲུའོ་དང་ལིས་ཧྥན་ཐིང་།  ཟུང་ཆུ་ཐིང་། མའོ་ཀུང་ཐིང་བཅས་ཀྱི་སྲིད་དབང་བཙུགས།  མི་སེར་རྒྱལ་ཁབ་ཀྱི་དང་ཐོག་ཏུ་ཐིང་དང་ཁུལ་ལ་རྫོང་དུ་བསྒྱུར་ཞིང་།  རྗེས་སུ་མུ་མཐུད་དུ་ཟུང་ཆུ་དང་ལིས་རྫོང་།  མའོ་ཀུང་།  མའོ་རྫོང་།  ཝུན་ཁྲོན་བཅས་ལ་གཞུང་ལས་ཁང་བཙུགས་པ་དང་།  དེའི་རྗེས་སུ་སི་ཁྲོན་ཞིང་ཆེན་ཨང་བཅུ་དྲུག་པའི་སྲིད་འཛིན་ལྟ་སྐུལ་ཆུས་སུ་བསྒྱུར་ལ།  དེའི་མངའ་འོག་ཏུ་ཟུང་ཆུ་དང་མའོ་རྫོང་།  ཝུན་ཁྲོན།   ལིས་རྫོང་།  མའོ་ཀུང(ད་ལྟའི་བཙན་ལྷ་རྫོང་། )ཅིན་ཧྭ(ད་ལྟའི་ཆུ་ཆེན་རྫོང་། )བཅས་ཀྱི་རྫོང6དང་འབྲོག་ཁུལ་གྱི་པུའུ་65 ཐུའུ་སི20  ས་སྲུང་གི་དམག་དཔུང11ཡོད།   སྤྱི་ལོ1952ལོར་མའོ་རྫོང་ས་ཁུལ་དུ་སི་ཁྲོན་ཞིང་ཆེན་གྱིས་འགོ་ཁྲིད་བྱས།  སྤྱི་ལོ1953ལོའི་ཟླ1པའི་ཚེས1ཉིན་ལ་མའོ་རྫོང་ཀྲོན་ཆུས(专区)མེད་པར་བྱས་ནས།  སི་ཁྲོན་ཞིང་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་བསྒྱུར།  སྔོན་གྱི་མའོ་ཀུང་རྫོང་ཞེས་པའི་རྫོང་མིང་ལ་བཙན་ལྷ་རྫོང་དུ་བསྒྱུར།  སྔོན་གྱི་ཅིན་ཧྭ་རྫོང་ཞེས་པའི་རྫོང་མིང་ལ་ཆུ་ཆེན་རྫོང་དུ་བསྒྱུར།  ཟུང་ཆུ་རྫོང་གི་ས་ཆ་ཁ་ཤས་ནན་ཕིང་རྫོང་གི་མངའ་འོག་ཏུ་བསྡུས།  ལིས་རྫོང་གི་སྡོད་ཡུལ་བཀྲ་ཤིས་གླིང་དུ་གནས་སྤོ་བྱས།  སྔོན་གྱི་རྔ་བ་ས་ཁུལ་ལ་རྔ་བ་རྫོང་དུ་བསྒྱུར་ནས་སྡོད་ཡུལ་རྔ་བ་རུ་ཡིན།  སྔོན་གྱི་ཁྲོ་ཆུ་ས་ཁུལ་ལ་རྡོ་ཁ་རྫོང་དུ་བསྒྱུར་ནས་སྡོད་ཡུལ་རྡོ་ཁ་རུ་ཡིན།  སྔོན་གྱི་མཛོད་དགེ་ས་ཁུལ་ལ་མཛོད་དགེ་རྫོང་དུ་བསྒྱུར་ནས་སྡོད་ཡུལ་ལྷ་མོ་རུ་ཡིན།  ཆུ་ཆེན་རྫོང་གི་ཁྲོ་སྐྱབས་ས་ཁུལ་དུ་རྫོང་རིམ་པའི་སྲིད་འཛིན་ཨུ་ཡོན་ལྷན་ཁང་བཙུགས།  ཅོག་ཙེ་དང་རྫོང་འགག   དམ་པ།  སོ་མང་བཅས་ཀྱི་ཐུའུ་སི་སོ་སོས་ཆུས་རིམ་ལྟར་བུའི་སྲིད་དབང་ལས་ཁུངས་བཙུགས་ཀྱང་།  ཐུའུ་སི་བཞི་བོའི་ལྟེ་གནས་ས་ཁུལ་འབར་ཁམས་སུ་རྫོང་རིམ་ལྟར་བུའི་སྲིད་འཛིན་ལས་ཁུངས་ཏེ།  སི་ཁྲོན་ཞིང་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་གནས་སྐབས་དོན་གཅོད་ཁང་ཞིག་བཙུགས།  སི་ཁྲོན་ཞིང་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་འོག་ཏུ་རྫོང10དང་།  རྫོང་རིམ་པའི་སྲིད་འཛིན་ཨུ་ཡོན་ལྷན་ཁང1  རྫོང་རིམ་པའི་དོན་གཅོད་ཁང1ཡོད།  སྤྱི་ལོ1954ལོར་རྡོ་ཁ་རྫོང་ཞེས་པའི་རྫོང་མིང་ལ་ཁྲོ་ཆུ་རྫོང་དུ་བསྒྱུར་བ་དང་།  མཛོད་དགེ་རྫོང་གི་སྡོད་ཡུལ་དེར་ལྷ་མོ་ནས་སྟག་ཚར་གནས་སྤོ་བྱས།  སྤྱི་ལོ1955ལོར་སི་ཁྲོན་ཞིང་ཆེན་བོད་རིགས་རང་སྐྱོང་ལྗོངས་དེར་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཞེས་བསྒྱུར་བ་དང་།  རང་སྐྱོང་ཁུལ་མི་དམངས་ཨུ་ཡོན་ལྷན་ཚོགས་ཀྱི་སྡོད་ཡུལ་ལྷ་རྒྱལ་གླིང་དུ་ཡིན།   སྤྱི་ལོ1956ལོར་སྔོན་གྱི་སི་ཁྲོན་ཞིང་ཆེན་བོད་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁང(སི་ཐུའུ)དེར་འབར་ཁམས་རྫོང་ཞེས་བསྒྱུར།   ཁྲོ་སྐྱབས་སྲིད་འཛིན་ཨུ་ཡོན་ལྷན་ཁང་དེར་ཁྲོ་སྐྱབས་རྫོང་ཞེས་བསྒྱུར་བ་དང་། སྡོད་ཡུལ་དེར་ཐུགས་རྗེ་ཆེན་པོར་གནས་སྤོ་བྱས།  རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་འོག་ཏུ་རྫོང12ཡོད།  སྤྱི་ལོ1958ལོར་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་སྡོད་ཡུལ་དེར་ལྷ་རྒྱལ་གླིང་ནས་འབར་ཁམས་རྫོང་མཁར་དུ་གནས་སྤོ་བྱས།   འཛམ་ཐང་སྲིད་འཛིན་ཨུ་ཡོན་ལྷན་ཁང་གིས་འཛམ་ཐང་རྫོང་བཙུགས་ནས་སྡོད་ཡུལ་ན་མདའ་རུ་ཡིན།  མའོ་རྫོང་དང་ཝུན་ཁྲོན་རྫོང2མེད་པར་བྱས།  ལོ་དེའི་ཟླ7པའི་ཚེས7ཉིན་ལ་སྔོན་གྱི་མའོ་རྫོང་དང་ཝུན་ཁྲོན་རྫོང་གཉིས་ཀྱི་ས་ཁུལ་ཡོད་ཚད་དང་ལིས་རྫོང་གི་ས་ཆ་ཁ་ཤས་མཉམ་དུ་བསྡུས་ནས་མའོ་ཝུན་ཆའང་རིགས་རང་སྐྱོང་རྫོང་བཙུགས་ཀྱང་སྡོད་ཡུལ་ཝུན་ཀྲོའུ་རུ་ཡིན།  ལིས་རྫོང་ལྷ་རྒྱལ་གླིང་དུ་གནས་སྤོ་བྱས།  རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་རྫོང11དང་རང་སྐྱོང་རྫོང1ཡོད།   སྤྱི་ལོ1959ལོར་འཛམ་ཐང་རྫོང་ཡང་འཛམ་ཐང་དུ་གནས་སྤོ་བྱས།    ལིས་རྫོང་ཧ་ལ་མར་གནས་སྤོ་བྱས།  སྤྱི་ལོ1960ལོར་ལིས་རྫོང་མེད་པར་བྱས་ནས།  སྔོན་གྱི་ལིས་རྫོང་དང་རྔ་བ་རྫོང་གི་ས་ཆ་ཁ་ཤས་མཉམ་དུ་བསྡུས་ནས་ཧུང་ཡོན་རྫོང་བཙུགས་ཀྱང་སྡོད་ཡུལ་ཧ་ལ་མར་ཡིན།   སྔོན་ལིས་རྫོང་གི་ས་ཆ་ལྷག་མ་རྣམས་མའོ་ཝུན་ཆའང་རིགས་རང་སྐྱོང་རྫོང་དང་འབར་ཁམས་རྫོང་གི་མངའ་ཁོངས་སུ་བསྡུས།    ནན་ཕིན་རྫོང་ཡང་མེད་པར་བྱས་ནས་ཟུང་ཆུ་རྫོང་གི་མངའ་ཁོངས་སུ་བསྡུས།  ཁྲོ་སྐྱབས་རྫོང་མེད་པར་བྱས་ནས་ཆུ་ཆེན་རྫོང་དང་འཛམ་ཐང་རྫོང་གི་མངའ་ཁོངས་སུ་བསྡུས།    རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་རྫོང9དང་རང་སྐྱོང་རྫོང1ཡོད།   སྤྱི་ལོ1963ལོར་ནན་ཕིན་བསྐྱར་གསོ་བྱས་ནས་སྡོད་ཡུལ་ནན་ཕིན་དུ་ཡིན་པ་དང་།  ཝུན་ཁྲོན་རྫོང་བསྐྱར་གསོ་བྱས་ནས་སྡོད་ཡུལ་ཝུན་ཀྲོའུ་རུ་ཡིན།   ལིས་རྫོང་བསྐྱར་གསོ་བྱས་ནས་སྡོད་ཡུལ་བཀྲ་ཤིས་གླིང་དུ་ཡིན།   མའོ་ཝུན་ཆའང་རིགས་རང་སྐྱོང་རྫོང་དེར་ཝུན་ཀྲོའུ་གྲོང་རྡལ་ནས་ཧྥུན་དབྱིན་གྲོང་རྡལ་དུ་གནས་སྤོ་བྱས།  རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་རྫོང12དང་རང་སྐྱོང་རྫོང1ཡོད།   སྤྱི་ལོ1987ལོར་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཞེས་པའི་ཁུལ་མིང་དེར་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཞེས་མིང་དུ་བསྒྱུར།   སྤྱི་ལོ2015ལོའི་ཟླ10པར་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འབར་ཁམས་རྫོང་མེད་པར་བྱས་ནས་འབར་ཁམས་གྲོང་ཁྱེར་ཞེས་མིང་བསྒྱུར་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་།

2 སྲིད་འཛིན་ཁོངས་དབྱེ། 

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་རྫོང་རིམ་པའི་གྲོང་ཁྱེར1དང་རྫོང12ཡོད་ཅིང་།  སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི8.42ཡོད།  རྔ་བ་ཁུལ་ལ་འབར་ཁམས་གྲོང་ཁྱེར་དང་ཆུ་ཆེནརྫོང་།  བཙན་ལྷ་རྫོང་།  རྔ་བ་རྫོང་།  མཛོད་དགེ་རྫོང་།  ཧུང་ཡོན་རྫོང་། འཛམ་ཐང་རྫོང་།   ཝུན་ཁྲོན་རྫོང་།  ལིས་རྫོང་།  མའོ་རྫོང་།  ཟུང་ཆུ་རྫོང་།  གཟི་རྩ་སྡེ་དགུ་རྫོང་།  ཁྲོ་ཆུ་རྫོང་བཅས13ཡོད། 

གྲོང་ཁྱེར་དང་རྫོང་། རྒྱ་ཁྱོན། གྲོང་རྡལ་དང་ཡུལ་ཚོ།

ཝུན་ཁྲོན་རྫོང་། 4083 km213

ལིས་རྫོང་།  4318 km213

མའོ་རྫོང་།  4075 km221

ཟུང་ཆུ་རྫོང་།8486 km225

གཟི་རྩ་སྡེ་དགུ་རྫོང་། 5286 km215

ཆུ་ཆེན་རྫོང་།5524 km223

བཙན་ལྷ་རྫོང་།5571 km221

ཁྲོ་ཆུ་རྫོང་།  4154 km217

འབར་ཁམས་གྲོང་ཁྱེར།6639 km214

འཛམ་ཐང་རྫོང་།6836 km212

རྔ་བ་རྫོང་།10435 km219

མཛོད་དགེ་རྫོང་།10437 km217

ཧུང་ཡོན་རྫོང་།8398 km211

3 ས་ཁམས་ཁོར་ཡུག

རྔ་བ་ཁུལ་ནི་སི་ཁྲོན་ཞིང་ཆེན་གྱི་ནུབ་བྱང་ས་ཁུལ་དུ་གནས་ལ་ཁྲིན་ཏུའུ་ཐང་ཆེན་གྱི་ཁྱིམ་མཚེས་ཀྱང་ཡིན།   བྱང་རྒྱུད་དུ་མཚོ་སྔོན་དང་ཀན་སོའུ་ཞིང་ཆེན་གྱི་ཉེ་འཁོར་དུ་གནས་ཡོད་ཅིང་།  ཤར་ལྷོ་ནུབ་ཀྱི་ཕྱོགས་གསུམ་ལ་ཁྲིན་ཏུའུ་དང་མེན་དབྱང་།  ཏེ་དབྱང་།  གཡག་ལྔ།  དཀར་མཛེས་བཅས་ཀྱི་གྲོང་ཁྱེར་དང་ཁུལ་གྱི་འབྲེལ་མཚམས་ན་གནས་ཡོད།   སི་ཁྲོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་རང་སྐྱོང་ས་ཁུལ་གྱི་ནང་དུ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་དང་ཐག་ཆེས་ཉེ་བའི་ས་ཁུལ་ཡིན་ལ།  གནས་བབ་ཡག་ཤོས་དེའང་ཡིན། 

3_1 ས་བབ།

རྔ་བ་ཁུལ་ནི་མཚོ་བོད་མཐོ་སྒང་གི་ཤར་ལྷོ་རུ་གནས་ཤིང་།  འཕྲེད་རྒྱུག་རི་རྒྱུད་ཀྱི་བྱང་ཕྱོགས་དང་སི་ཁྲོན་ནུབ་བྱང་གི་རི་ལུང་འབྲེལ་མཚམས་སུ་གནས་པ་དང་།  གཙོ་བོ་མཐོ་སྒང་དང་རི་ལུང་ས་ཁུལ་དུ་ཡོད། ཤར་ལྷོ་རུ་ཕལ་ཆེར་རི་མཐོ་དང་གྲོག་རོང་དོག་པོ་ས་ཁུལ་ཡིན་པ་དང་། དབུས་རྒྱུད་དུ་རི་ལུང་དང་རྩྭ་ཐང་ས་ཁུལ་ཡིན། ནུབ་བྱང་དུ་མཐོ་སྒང་ས་ཁུལ་ཡིན།

3_2 གནམ་གཤིས།

རྔ་བ་ཁུལ་གྱི་དྲོད་ཚད་ནི་ཤར་ལྷོ་ནས་ནུབ་བྱང་གི་མཚོ་འཕགས་ཇེ་མཐོར་འགྱུར་བ་དང་བསྟུན་ནས་དྲོད་ཚད་ཇེ་དམའ་རུ་འགྲོ།  ནུབ་བྱང་ས་ཁུལ་གྱི་རི་འབུར་མཐོ་སྒང་ནི་སྐམ་ས་ཆེན་པོའི་མཐོ་སྒང་རང་བཞིན་གྱི་གནམ་གཤིས་ཡིན་པས།   དུས་བཞིའི་དྲོད་གྲང་ཁྱར་པར་ཆེན་པོ་མེད།  དགུན་ཁ་རིང་བ་དང་།  དབྱར་ཁ་བསིལ་མོ་དང་བཞའ་རློན་ཡིན་པ།  ལོ་རེའི་ཆ་སྙོམས་དྲོད་ཚད་ནི་ཏུའུ་གྲངས0.8∼4.3ཡིན།   རི་མ་ཐང་ས་ཁུལ་གྱི་དྲོད་ཚད་ནི་བསིལ་མོ་དང་ཅུང་བཞའ་རློན་གྱི་གནམ་གཤིས་ཡིན་པ་དང་།  དབྱར་ཁ་བསིལ་མོ་དང་།  དགུན་དཔྱིད་དུས་སུ་གྲང་ངར་ཆེ་བ།  སྐམ་རློན་གྱི་དུས་ཚིགས་གསལ་བོ་མངོན་པ།  གནམ་གཤིས་ཀྱི་འགྱུར་ལྡོག་ཆེ་བ།  མཐོ་སར་བརླན་བཤེར་ཡིན་པ་དང་གྲང་ངར་ཆེ་བ།  ལུང་པར་སྐམ་ཤས་ཆེ་ཡང་བསིལ་མོ་ཡིན་པ།  ལོ་རེའི་ཆ་སྙོམས་དྲོད་ཚད་ནི་ཏུའུ་གྲངས5.6∼8.9ཡིན།   མཐོ་སའི་རོང་ཁུལ་དུ།  མཚོ་འཕགས་ཇེ་མཐོར་འགྲོ་བ་དང་བསྟུན་ནས་གནམ་གཤིས་ཀྱང་ཚ་ཁུལ་ནས་དྲོ་ཁུལ་དང་།  དྲོ་གྲང་གཉིས་ལྡན་གྱི་ས་ཁུལ།  གྲང་ཁུལ་གྱི་གནམ་གཤིས་ཐད་ཀར་འགྱུར་བ་མངོན་གསལ་ཡིན།  མཚོ་འཕགས་སྨི2500མན་ཆད་ཀྱི་རོང་ཁུལ་དུ་ཆར་ཆུ་འབབ་ས་ཅུང་གཅིག་བསྡུས་ཡིན་པ་དང་།  རླངས་པར་འགྱུར་བ་མགྱོགས་པས།  སྐམ་སའི་ས་ཁུལ་ཡིན།  མཚོ་འཕགས་སྨི2500∼4100བར་གྱི་རི་ལུང་ནི་དྲོ་གྲང་གཉིས་ལྡན་གྱི་ས་ཁུལ་ཡིན།  ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་ཏུའུ་གྲངས1∼5ཡིན།  མཚོ་འཕགས་སྨི4100ཡན་ཆད་ནི་གྲང་ཡིན་ལ།  ལོ་ཧྲིལ་བོར་གངས་མི་ཞུ་བ་དང་།  རྒྱུན་པར་དགུན་ཁ་ཡིན། 

4 རང་བྱུང་ཐོན་ཁོངས།

རྔ་བ་ཁུལ་དུ་གཏེར་རྫས་ཐོན་ཁོངས་ཕུན་སུམ་ཚོགས་པ་ཡིན།   ད་ལྟའི་བར་དུ།  གཏེར་རིགས54རྙེད་ཅིང་།  གཏེར་རྫས་ཆགས་གཞི་ཆེ་བ་ཡོད་ས12དང་།  གཏེར་རྫས་ཆགས་གཞི་འབྲིང་བ་ཡོད་ས10   གཏེར་རྫས་ཆགས་གཞི་ཆུང་བ་ཡོད་ས36ཡོད།  ཁྱད་འཕགས་ཀྱི་གཏེར་རིགས་གསེར་དང་ལིས།  རྡོ་ཀ་མ་རུ།  རྡོ་ཐལ་རྡོ།  འདམ་སོལ།   གཏེར་ཆུ།  སེ་འབྲུ་རྡོ།  ཆུ་ཚན་སོགས་ཡོད།   རྩད་ཆོད་པའི་གསེར་ནག་འདུས་ཚད་ཏུན116ཡོད་ལ།  སི་ཁྲོན་ཞིང་ཆེན་གྱི་གསེར་ནག་འདུས་ཚད་ཀྱི་བརྒྱ་ཆའི49ཟིན།  ས་གཤིས་རྩད་ཞིབ་མུ་མཐུད་དུ་ཟབ་ཞུགས་བྱས་པ་དང་བསྟུན་ནས།  གསེར་ནག་གི་འདུས་ཚད་ཀྱང་ཇེ་མང་དུ་འགྱུར་བཞིན་ཡོད།  གཏེར་རྫས་ལིས་ནི་འབར་ཁམས་དང་ཆུ་ཆེན་རྫོང་གཉིས་སུ་ཁྱབ་ཡོད་ལ།  རྩད་ཆོད་པའི་འདུས་ཚད་ཏུན་ཁྲི1546.5ཡོད་པ་དང་།  སི་ཁྲོན་ཞིང་ཆེན་གྱི་ཨང་གཉིས་པ་ཡིན། ཆ་སྙོམས་ཀྱི་གཏེར་རྡོའི་སྤུས་ཀ་དག་ཚད་བརྒྱ་ཆ1∼1.2ཡིན།   རྩད་ཆོད་པའི་རྡོ་ཀ་མ་རུ་འདུས་ཚད་སྨི་གྲུ་བཞི་ལྷམ་པ་ཁྲི1239ཡོད་ལ།  སི་ཁྲོན་ཞིང་ཆེན་གྱི་རྡོ་ཀ་མ་རུའི་བརྒྱ་ཆའི33ཟིན།  དེར་གཙོ་བོ་བཙན་ལྷ་དང་ཝུན་ཁྲོན་རྫོང་གཉིས་སུ་ཁྱབ་ཡོད།  རྡོ་ཐལ་རྡོ་གཙོ་བོ་ཝུན་ཁྲོན་རྫོང་དུ་ཡོད་ཅིང་།  རྩད་ཆོད་པའི་ཐལ་རྡོ་འདུས་ཚད་ཏུན་ཁྲི5000ཡོད་པ་དང་།  སི་ཁྲོན་ཞིང་ཆེན་གྱི་ཐལ་རྡོའི་བརྒྱ་ཆའི22ཟིན།  ཕུགས་ཡུལ་གྱི་ཐོན་ཁོངས་འདུས་ཚད་ཏུན་དུང་ཕྱུར20ཡན་ཆད་ཡོད་ཅིང་།  སི་ཁྲོན་ཞིང་ཆེན་གྱི་ཨང་དང་པོ་ཡིན།  རྩད་ཆོད་པའི་འདམ་སོལ་འདུས་ཚད་ཏུན་ཁྲི5000ཡོད་པ་དང་།  ཕུགས་ཡུལ་གྱི་ཐོན་ཁོངས་འདུས་ཚད་ཏུན་དུང་ཕྱུར་19ཡན་ཆད་ཡོད་ལ།  འཛམ་གླིང་སྟེང་གི་ཨང་དང་པོ་ཟིན།  གཙོ་བོ་ཧུང་ཡོན་དང་མཛོད་དགེ།  རྔ་བ་རྫོང་གི་ཁོངས་སུ་ཁྱབ་ཡོད།  སེ་འབྲུ་རྡོ་ནི་སི་ཁྲོན་ཞིང་ཆེན་ལས་གཞན་ན་མེད་པ་དང་།  རྩད་ཆོད་པའི་འདུས་ཚད་ནི་ཏུན་ཁྲི1398ཡོད་ལ། གཙོ་བོ་ལིས་རྫོང་དང་ཝུན་ཁྲོན་རྫོང་གི་ཁོངས་སུ་ཁྱབ།  རྩད་ཆོད་པའི་གཏེར་ཆུ་ནི་གཟི་རྩ་སྡེ་དགུ་དང་ཟུང་ཆུ།  ལིས་རྫོང་།  མཛོད་དགེ་བཅས་ཀྱི་རྫོང6དུ་ཡོད།   ཆུའི་དྲོད་ཚད་ནི་ཏུའུ་གྲངས35∼62བར་ན་ཡིན་ཞིང་།  ལུས་ཁམས་བདེ་སྲུང་དང་སྨན་བཅོས་ཀྱི་རིན་ཐང་ཆེན་པོ་ལྡན། 

4_1 ཆུ་ནུས་ཐོན་ཁོངས།

རྔ་བ་ཁུལ་ཁོངས་སུ་ཆུ་བོ་མང་པོ་ཡོད།  རྨ་ཆུ་ནི་རྔ་བ་ཁུལ་དུ་སྤྱི་ལེ་165བརྒྱུད་ཡོད་པ་དང་།   འབྲུ་ཆུ་སྟོད་ལ་སི་ཁྲོན་ཞིང་ཆེན་གྱི་ཆུ་རྒྱུད་གཙོ་བོ་རྨིན་ཅང་གཙང་བོ་དང་ཅ་ལིང་ཅང་གཙང་བོ།   ཧྥིའུ་ཅང་གཙང་བོ་བཅས་ཀྱི་འབྱུང་ཁུངས་ནི་རྔ་བ་ཁུལ་ཡིན།    རྨིན་ཅང་གཙང་བོ་དང་རྒྱལ་མོ་དངུལ་ཆུ་གཉིས་ཀྱིས་རྔ་བ་ཁུལ་གྱི་མངའ་ཁོངས་ཡོངས་སུ་བརྒྱུས་པ་དང་།  ཆུ་ནུས་ཀྱི་ཐོན་ཁོངས་ཕུན་སུམ་ཚོགས་ཡོད།  ཁུལ་ཡོངས་སུ་གཙང་བོ་དང་ཆུ་ཕྲན་530ལྷག་ཡོད་པ་དང་།   ལོ་མང་བོ་རིང་ལ་ཆ་སྙོམས་ཀྱི་ཆུའི་ཐོན་ཁོངས་ཀྱི་སྤྱི་ཚད་ནི་སྨི་གྲུ་བཞི་མ་ལྷམ་པ་དུང་ཕྱུར་446ཡོད།   ཆུ་ནུས་ཀྱི་གཞུང་ལུགས་བསགས་ཚད་ནི་སྟོང་ཝ་ཁྲི་1933ཡིན་པ་དང་།   སི་ཁྲོན་ཞིང་ཆེན་གྱི་ཆུ་ནུས་བསགས་ཚད་ཀྱི་བརྒྱ་ཆ་14ཟིན།  གསར་སྤེལ་གཏོང་ཆོག་པའི་ཆུ་ནུས་བསགས་ཚད་ནི་སྟོང་ཝ་ཁྲི་1400ཡོད་ཅིང་།  སི་ཁྲོན་ཞིང་ཆེན་གྱི་བརྒྱ་ཆ་11ཟིན།  ཆུ་ནུས་ཐོན་ཁོངས་ལ་འབབ་ཆུའི་གཟར་ཚད་ཆེ་བ་དང་།  གློག་ཤུགས་ཐེག་ཚད་ལྟེ་གནས་དང་ཐག་ཉེ་བ།  ལོ་རེར་གློག་འདོན་ཚད་ཀྱི་དུས་ཚོད་རིང་བ།  རིགས་འདྲ་མིན་གྱི་གློག་འདོན་ས་ཚིགས་བཟོ་སྐྲུན་གྱི་འགྲོ་གྲོན་ཆུང་བ་བཅས་ཀྱི་ཁྱད་ཆོས་ལྡན། 

4_2 སྐྱེ་དངོས་ཐོན་ཁོངས།

སྤྱི་ལོ2009ལོའི་ལོ་མཇུག་ཏུ་སླེབས་དུས་སུ།  ཁུལ་ཡོངས་སུ་ནགས་ཚལ་རིགས་དང་འདམ་གཞོང་རིགས།  རི་སྐྱེས་ཀྱི་རི་དྭགས་དང་རྩི་ཤིང་རིགས་ལ་རང་བྱུང་སྲུང་སྐྱོང་ཁུལ25གསར་དུ་བཙུགས་པ་དང་།  སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི218.6ཡོད་ཅིང་།  ཁུལ་ཡོངས་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆ26ཟིན།  དེའི་ནང་ན།  རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ཁུལ4དང་།  རྒྱ་ཁྱོན་སྤྱི་ཆིང་ཁྲི48.7ཡོད། ཞིང་ཆེན་རིམ་པའི་སྲུང་སྐྱོང་ཁུལ12དང་།  རྒྱ་ཁྱོན་སྤྱི་ཆིང་ཁྲི91.6ཡོད།  རྩི་ཤིང་ཐོན་ཁོངས་རིགས1500ལྷག་ཡོད།  རི་སྐྱེས་ཀྱི་སྲོག་ཆགས་རིགས381ཡོད་པ་དང་།  རྒྱལ་ཁབ་ཀྱིས་སྲུང་སྐྱོང་གཙོ་བོ་བྱེད་པའི་རི་སྐྱེས་སྲོག་ཆགས76ཡོད་ཅིང་།  དེའི་ནང་ན་རིམ་པ་དང་པོའི་སྲུང་སྐྱོང་རིགས23དང་རིམ་པ་གཉིས་པའི་སྲུང་སྐྱོང་རིགས53ཡོད།  རྩ་ཆེ་བའི་སྲོག་ཆགས་དོམ་ཁྲ་དང་སྤྲེའུ་སྤུ་སེར།   ཤྭ་བ་ཁྲ་རིས།  སྤྲེའུ།  གཙོད་སོགས་ཡོད།  རྔ་བ་ཁུལ་ནི་སི་ཁྲོན་ཞིང་ཆེན་གྱི་རི་དྭགས་དང་རྩི་ཤིང་ཆེས་ཕུན་སུམ་ཚོགས་པའི་ས་ཁུལ་ཞིག་ཡིན་པ་དང་།  ཁྲིན་ཏུའུ་ཐང་ཆེན་དང་འབྲུ་ཆུ།  རྨ་ཆུ་སྟོད་ཕྱོགས་ཀྱི་སྐྱེ་དངོས་རྩ་ཆེན་གྱི་རྒྱུད་འཛིན་བང་མཛོད་ཡིན། 

5 འགྲིམ་འགྲུལ་སྐྱེལ་འདྲེན།

སྤྱི་ལོ2014ལོའི་ལོ་མཇུག་ཏུ།  སྲིད་འཛིན་ས་ཁུལ་གྱི་རྒྱ་ཁྱོན་ནང་ལ་གཞུང་ལམ་སྤྱིའི་བར་ཐག་སྤྱི་ལེ13447ཡོད་ཅིང་།  དེའི་ནང་དུ་རིམ་ལྡན་གྱི་གཞུང་ལམ་སྤྱི་ལེ12731ཡོད།  ལོ་ཧྲིལ་བོར་གཞུང་ལམ་དུ་འགྲུལ་བ་སྐྱེལ་ཚད་མི་ཁྲི1901ཡོད་ཅིང་།  ལོ་སྔ་མ་དང་བསྡུར་ན་བརྒྱ་ཆའི15.4འཕར་ཡོད།  ལམ་མགྲོན་འཁོར་རྒྱུག་ཚད་སྤྱི་ལེ་མི་ཁྲི254599ཡོད་ལ།  བརྒྱ་ཆའི27.7འཕར་ཡོད།  ཟོག་འདྲེན་ཚད་ཏུན་ཁྲི་2057ཡོད་ལ།  བརྒྱ་ཆའི0.2འཕར་ཡོད།  ཟོག་འདྲེན་འཁོར་རྒྱུག་ཚད་སྤྱི་ལེ་ཏུན་ཁྲི605028ཡོད་ལ། བརྒྱ་ཆའི21.4འཕར་ཡོད། 

6 ཡིག་སྐྱེལ་ཐོན་ལས།

སྤྱི་ལོ2014ལོའི་མཇུག་ཏུ།  ཁུལ་ཡོངས་སུ་གཏན་འཇགས་ཁ་པར་བེད་སྤྱོད་གཏོང་མཁན་གྱི་ཁྱིམ་ཚང་ཁྲི11.96ཡོད་ལ།  ལོ་སྔ་མ་དང་བསྡུར་ན་བརྒྱ་ཆའི3.5ཉམས་ཡོད།  སྤོ་བདེའི་ཁ་པར་བེད་སྤྱོད་གཏོང་མཁན་གྱི་ཁྱིམ་ཚང་ཁྲི75.35ཡོད་ལ། བརྒྱ་ཆའི6.2ཇེ་མང་དུ་སོང་།  དྲ་ལམ་བེད་སྤྱོད་གཏོང་མཁན་གྱི་ཁྱིམ་ཚང་ཁྲི12.31ཡོད་ལ།  བརྒྱ་ཆའི41.9ཇེ་མང་དུ་སོང་།  ལོ་ཧྲིལ་བོར་ཡིག་སྐྱེལ་སྤྱིའི་ལས་སྒོ་སྒོར་དུང་ཕྱུར9.52ལེགས་འགྲུབ་བྱུང་ཡོད་ལ།  བརྒྱ་ཆའི25.3ཇེ་མང་དུ་སོང་།  ཡིག་སྐྱེལ་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར7.34ལེགས་འགྲུབ་བྱུང་ཡོད་ལ།  བརྒྱ་ཆའི11.5ཇེ་མང་དུ་སོང་།  ཁུལ་ཡོངས་སུ་མྱུར་སྐྱེལ་ཁེ་ལས་ཀྱིས་མྱུར་སྐྱེལ་ལས་སྒོའི་ཅ་ལག་ཁྲི27.02སྐྱེལ་འདྲེན་བྱས་ལ།  བརྒྱ་ཆའི20.9ཇེ་མང་དུ་སོང་།  མྱུར་སྐྱེལ་ལས་སྒོའི་ཡོང་འབབ་སྒོར་ཁྲི539ཡོད་ལ།  བརྒྱ་ཆའི23.7ཇེ་མང་དུ་སོང་།  སྦྲག་ཁང་གི་ས་ཚིགས185ཡོད་པ་དང་།  སྐྱེལ་ལམ29ཡོད་ལ།  སྤྱིའི་རིང་ཚད་སྤྱི་ལེ2563ཡོད།  གྲོང་གསེབ་ཏུ་ཡིག་སྐྱེལ་གྱི་ལམ་ཐིག145ཡོད་པ་དང་།  སྤྱིའི་རིང་ཚད་སྤྱི་ལེ2877ཡོད། 

7 དཔལ་འབྱོར།

སི་ཁྲོན་ཞིང་ཆེན་བསྡོམས་རྩིས་ཅུས་ཀྱིས་ཞིབ་བཤེར་གཏན་འབེབས་ལྟར་ན།  སྤྱི་ལོ2014ལོའི་ལོ་ཡོངས་ཀྱི་ས་ཁུལ་ཐོན་སྐྱེད་སྤྱི་ཚད་སྒོར་དུང་ཕྱུར247.79ལེགས་འགྲུབ་བྱུང་།  བསྡུར་གཞི་ཡོད་པའི་རིན་གོང་དང་བསྡུར་ན་ལོ་སྔ་མ་ལས་བརྒྱ་ཆའི5.6ཇེ་མང་དུ་སོང་།  དེའི་ནང་ལས།  ཐོན་ལས་དང་པོའི་འཕར་ཚད་སྒོར་དུང་ཕྱུར37.25ཡོད་ལ།  བརྒྱ་ཆའི4.7ཇེ་མང་དུ་སོང་ཡོད་པ་མ་ཟད།  དཔལ་འབྱོར་འཕེལ་རྒྱས་ཀྱི་ཕན་འབྲས་ལ་བརྒྱ་ཆའི12.4ཐོབ་ཡོད་པ་དང་།  དཔལ་འབྱོར་འཕེར་རྒྱས་གཏོང་བའི་ཐབས་ལམ་ལ་བརྒྱ་ཆའི་0.7ཟིན་ཡོད། ཐོན་ལས་གཉིས་པའི་འཕར་ཚད་སྒོར་དུང་ཕྱུར125.31ཡོད་ལ།  བརྒྱ་ཆའི5.9ཇེ་མང་དུ་སོང་ཡོད་པ་མ་ཟད།  དཔལ་འབྱོར་འཕེལ་རྒྱས་ཀྱི་ཕན་འབྲས་ལ་བརྒྱ་ཆའི53.0ཐོབ་ཡོད་པ་དང་།  དཔལ་འབྱོར་འཕེར་རྒྱས་གཏོང་བའི་ཐབས་ལམ་ལ་བརྒྱ་ཆའི3.0ཟིན་ཡོད། ཐོན་ལས་གསུམ་པའི་འཕར་ཚད་སྒོར་དུང་ཕྱུར85.23ཡོད་ལ།  བརྒྱ་ཆའི5.6ཇེ་མང་དུ་སོང་ཡོད་པ་མ་ཟད།  དཔལ་འབྱོར་འཕེལ་རྒྱས་ཀྱི་ཕན་འབྲས་ལ་བརྒྱ་ཆའི34.6ཐོབ་ཡོད་པ་དང་།  དཔལ་འབྱོར་འཕེར་རྒྱས་གཏོང་བའི་ཐབས་ལམ་ལ་བརྒྱ་ཆའི1.9ཟིན་ཡོད། 

སྤྱི་ལ་མི་དབང་པའི་དཔལ་འབྱོར་ལམ་ལུགས་ཀྱི་འཕར་སྣོན་བྱུང་བའི་ཚད་ནི་སྒོར་དུང་ཕྱུར113.28ཡོད་ལ།  ལོ་སྔ་མ་ལས་བརྒྱ་ཆའི7.2ཇེ་མཐོར་སོང་།  རྒྱལ་དམངས་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་གྱི་བརྒྱ་ཆའི45.7ཟིན་ཡོད།  ལོ་སྔ་མ་བརྒྱ་ཆའི་ཚད་ཀྱི0.4ཇེ་མཐོར་སོང་ཞིང་།  དཔལ་འབྱོར་གྱི་འཕེལ་རྒྱས་ལ་བྱས་རྗེས་བརྒྱ་ཆའི57.3བཞག་ཡོད།  དེའི་ནང་དུ།  ཐོན་ལས་དང་པོའི་འཕར་ཚད་ནི་སྒོར་དུང་ཕྱུར20.65ཡིན་ལ།  བརྒྱ་ཆའི4.7འཕར་ཡོད།  ཐོན་ལས་གཉིས་པའི་འཕར་ཚད་ནི་སྒོར་དུང་ཕྱུར66.08ཡིན་ལ།  བརྒྱ་ཆའི6.6འཕར་ཡོད།  ཐོན་ལས་གསུམ་པའི་འཕར་ཚད་ནི་སྒོར་དུང་ཕྱུར26.55ཡིན་ལ།  བརྒྱ་ཆའི10.3འཕར་ཡོད། 

8 ཞིང་འབྲོག་ལས་རིགས།

སྤྱི་ལོ2014ལོར་ཁུལ་ཡོངས་ཀྱི་ཞིང་ནགས་འབྲོག་ཉ་ལས་སྤྱིའི་ཐོན་ཚད་ནི་སྒོར་དུང་ཕྱུར56.56ཡིན་ལ།  ལོ་སྔ་མ་དང་བསྡུར་ན་བརྒྱ་ཆའི4.9འཕར་ཡོད།  དེའི་ནང་དུ།  ཞིང་ལས་དང་ནགས་ལས།  འབྲོག་ལས། ཉ་ལས།  ཞབས་འདེགས་ལས་རིགས་སོ་སོའི་འཕར་ཚད་ནི་བརྒྱ་ཆའི7.5དང་།  བརྒྱ་ཆའི5.4 བརྒྱ་ཆའི3.4  བརྒྱ་ཆའི24.3  བརྒྱ་ཆའི6.1ཡིན།  ལོ་མཇུག་ཏུ།  ཞིང་ཆུ་འདྲེན་སའི་རྒྱ་ཁྱོན་སྤྱི་ཆིང22850ཡིད་ཅིང་།  དེ་ལས་ཞིང་གྲོང་ནུས་ལྡན་རྨོ་ཞིང་གི་ཆུ་འདྲེན་རྒྱ་ཁྱོན་སྤྱི་ཆིང17000ཡོད།  གསར་སྣོན་བྱུང་བའི་ཞིང་ལས་འཕྲུལ་ཆས་སྤྱིའི་སྒུལ་ཤུགས་ཚད་ནི་སྟོང་ཝ་ཁྲི0.69ཡོད་པ་དང་།  ལོ་མཇུག་ཏུ་ཞིང་ལས་འཕྲུལ་ཆས་སྤྱིའི་སྒུལ་ཤུགས་ཚད་ནི་སྟོང་ཝ་ཁྲི73.74ཡོད་ལ།  ལོ་སྔ་མ་དང་བསྡུར་ན་བརྒྱ་ཆའི0.9འཕར་ཡོད། ལོ་ཡོངས་ལ་ཞིང་གྲོང་གི་གློག་སྤྱོད་ཚད་ཏུའུ་དུང་ཕྱུར2.11ཡོད་ལ།  བརྒྱ་ཆའི0.8འཕར་ཡོད།  ལོ་མཇུག་ཏུ་རྨོ་ཞིང་རྒྱ་ཁྱོན་སྤྱི་ཆིང་ཁྲི6.05ཡོད་ལ།  བརྒྱ་ཆའི0.2འཕར་ཡོད། ལོ་ཡོངས་ལ་ཤ་རིགས་ཀྱི་ཐོན་ཚད་བསྡོམས་གྲངས་ཏུན་ཁྲི7.77ཡོད་ལ།  བརྒྱ་ཆའི6.6འཕར་ཡོད། 

9 བཟོ་ལས་དང་འཛུགས་སྐྲུན་ལས་རིགས།

སྤྱི་ལོ2014ལོའི་མཇུག་ཏུ།  ཁུལ་ཡོངས་ལ་གཞི་ཁྱོན་ལྡན་པའི་བཟོ་ལས་ཁེ་ལས93ཡོད་ཅིང་།  སྤྱིའི་འབྱོར་བ་སྒོར་དུང་ཕྱུར501.48ཡོད་དེ།  ལོ་སྔ་མ་ལས་བརྒྱ་ཆའི0.2འཕར་ཡོད།  ལོ་ཧྲིལ་བོར་སྤྱིའི་ཐོན་ཚད་རིན་ཐང་སྒོར་དུང་ཕྱུར163.14ལེགས་འགྲུབ་བྱུང་ལ།  བརྒྱ་ཆའི18.3འཕར་ཡོད།  དཔྱ་ཁྲལ་དང་ཁེ་སྤོགས་ཀྱི་བསྡོམས་གྲངས་སྒོར་དུང་ཕྱུར16.61ལེགས་འགྲུབ་བྱུང་ལ།  བརྒྱ་ཆའི74.8འཕར་ཡོད།  ཐོན་རྫས་ཕྱིར་འཚོང་ཚད་ནི་བརྒྱ་ཆའི90.4ཡོད་ལ།   ལོ་སྔ་མ་ལས་བརྒྱ་ཆ་ཚད་ཀྱི1.5ཇེ་མཐོར་སོང་། 

སྤྱི་ལོ2014ལོའི་མཇུག་ཏུ།  ཁུལ་ཡོངས་སུ་བླ་རིག་གི་རིམ་པ་ལྡན་པའི་འཛུགས་སྐྲུན་ལས་རིགས28ཡོད་ཅིང་། དེའི་ནང་ན་ལས་འབོར་ཡོད་པའི་ཁེ་ལས27ཡོད་དེ།  ལོ་སྔ་མ་ལས་ཁེ་ལས3ཇེ་མང་དུ་སོང་།  ལོ་ཧྲིལ་བོར་འཛུགས་སྐྲུན་ཁེ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར9.4ལེགས་འགྲུབ་བྱུང་ལ།  ལོ་སྔ་མ་ལས་བརྒྱ་ཆའི9.3འཕར་ཡོད།  དེའི་ནང་དུ་རྒྱལ་ཁ་ལ་དབང་བ་དང་རྒྱལ་ཁས་མ་རྐང་ཚོད་འཛིན་ཁེ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1.59ལེགས་འགྲུབ་བྱུང་ལ།  བརྒྱ་ཆའི22.4ཇེ་དམའ་རུ་སོང་།  ཨ་ལས་གྲུབ་བའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར6.67ཡོད་ལ།  བརྒྱ་ཆའི11.4ཇེ་དམའ་རུ་སོང་། 

10 མི་རིགས་མི་གྲངས།

སྤྱི་ལོ2014ལོའི་མཇུག་ཏུ།  ཁུལ་ཡོངས་སུ་མི་གྲངས922481ཡོད།  དེའི་ལས།  སྐྱེས་པ469747ཡོད་པ་དང་།  བུད་མེད452734ཡོད།   ཞིང་ལས་བའི་མི་གྲངས71467ཡོད།   ཞིང་བ་མིན་པའི་མི་གྲངས207784ཡོད།  བོད་རིགས531131ཡོད།  ཆའང་རིགས171508ཡོད།  རྒྱ་རིགས187763ཡོད།  ཧུའེ་རིགས30135ཡོད་དེ།  སོ་སོ་མི་གྲངས་སྤྱིའི་བརྒྱ་ཆའི57.6དང་བརྒྱ་ཆའི18.6  བརྒྱ་ཆའི20.3  བརྒྱ་ཆའི3.3ཟིན་ཡོད།  སྤྱི་ལོ་2014ལོའི་མཇུག་ཏུ།  ཁུལ་ཡོངས་སུ་རྒྱུན་སྡོད་ཀྱི་མི་གྲངས་ཁྲི92.03ཡོད་ཅིང་།  དེའི་ནང་དུ་གྲོང་ཁྱེར་དང་གྲོང་རྡལ་མི་གྲངས་ཁྲི32.85ཡོད། 

11 སློབ་གསོའི་ལས་དོན།

ཁུལ་ཡོངས་སུ་ཆེད་ཚན་སློབ་གྲྭ་ཆེན་མོ1དང་། ཆེད་ལས་དགེ་རྒན415ཡོད།  ཉིན་གང་ལམ་ལུགས་ཀྱི་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ4དང་།  ཆེད་ལས་དགེ་རྒན359ཡོད། སློབ་ཆུང271དང་།  དགེ་རྒན6419ཡོད།  དམའ་འབྲིང39དང་།  དགེ་རྒན2671ཡོད།  མཐོ་འབྲིང18དང་།  དགེ་རྒན1279ཡོད།  བྱིས་པ་ཁང344ཡོད། 

12 རིག་གནས་ལས་དོན།

སྤྱི་ལོ2014ལོའི་མཇུག་ཏུ། ཁུལ་ཡོངས་ལ་རིག་གནས་ཁོངས་གཏོགས་སུ་རྒྱལ་ཁབ་ལ་དབང་བའི་རིག་གནས་ལས་ཁུངས268ཡོད།  དེའི་ནང་དུ་རྒྱབ་ཁབ་ལ་དབང་བའི་སྒྱུ་རྩལ་ཆེད་ལས་ཀྱི་འཁྲབ་སྟོན་པ་རུ་ཁག1ཡོད་པ་དང་།  རིག་གནས་ཁང14ཡོད།  དངོས་མང་བཤམས་སྟོན་ཁང8ཡོད།  སྤྱི་པའི་དཔེ་མཛོད་ཁང13ཡོད་པ་དང་དཔེ་ཆ་ཁྲི54བསྡུ་ཉར་བྱས་ཡོད།  ཞིང་གྲོང་དཔེ་མཛོད་ཁང1354ཡོད། ཁུལ་རིམ་པའི་རྒྱང་བསྒྲགས་བརྙན་འཕྲིན་ཁང1དང་རྫོང་རིམ་པའི་རྒྱང་བསྒྲགས་བརྙན་འཕྲིན་ཁང13ཡོད།  སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་གྱི་ཁྱིམ་ཚང་ཁྲི11.21ཡོད། 

13 སྨན་བཅོས་ལས་དོན།

སྤྱི་ལོ2014ལོའི་མཇུག་ཏུ། ཁུལ་ཡོངས་སུ་འཕྲོད་བསྟེན་ལས་ཁུངས1683ཡོད། དེའི་ནང་དུ་སྨན་ཁང35 དང་།  འཕྲོད་བསྟེན་ཁང222ཡོད།  གཞི་རིམ་གྱི་འཕྲོད་བསྟེན་ཞབས་ཞུ་ལས་ཁུངས10དང་།  ཁྲག་འཚོལ་བསྡུ་དང་མཁོ་སྤྲོད་བྱེད་པའི་ལས་ཁུངས1ཡོད།  གྲོང་སྡེའི་འཕྲོད་བསྟེན་ཁང1244ཡོད།  འཕྲོད་བསྟེན་ལས་ཁུངས་སུ་ཉལ་ཁྲི4250ཡོད།  འཕྲོད་བསྟེན་ལག་རྩལ་པ་མི5060ཡོད་ལ།  དེའི་ལས་སྨན་པ་མི1932ཡོད་པ་དང་།  ཐོ་བཀོད་པའི་ནད་གཡོག་བྱེད་མཁན་མི1444ཡོད། 

14 ཡུལ་སྐོར།

ཁུལ་ཡོངས་སུ་འཛམ་གླིང་རིམ་པའི་མཛེས་ཁུལ3ཡོད་དེ།  གཟི་རྩ་སྡེ་དགུ་དང་གསེར་མཚོ།  རི་བོ་སྐུ་བླ་བཅས་ཡིན།  ཞིང་ཆེན་རིམ་པའི་མཛེས་ཁུལ3ཡོད།  ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ4ཡོད།  རིམ་དང་པོའི་མཛེས་ལྗོངས101ཡོད་པ་དང་། རིམ་གཉིས་པའི་མཛེས་ལྗོངས38ཡོད།  རིམ་གསུམ་པའི་མཛེས་ལྗོངས19ཡོད།  མིས་བཟོས་ཡུལ་ལྗོངས་ཏེ།  རྒྱང་སྐྱོད་ལོ་རྒྱུས་མཚོན་པའི་སྙན་ངག་དང་བོད་ཀྱི་རིག་གནས།  ཆའང་རིགས་ཀྱི་རིག་གནས།  ལོ་རྒྱུས་རིག་གནས།  བོད་བརྒྱུད་ནང་བསྟན་རིག་གནས་བཅས་ཕྱོགས་ཁག5ཡོད། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-04-11

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།